སྐབས་གསར་བའི་ཀྲུང་གོའི་སྲིད་འཛིན་དང་སྲིད་བློན་སོགས་ངོ་སྤྲོད།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 3 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» རྒྱལ་ཕྱི་ནང་གསར་འགྱུར། »སྐབས་གསར་བའི་ཀྲུང་གོའི་སྲིད་འཛིན་དང་སྲིད་བློན་སོགས་ངོ་སྤྲོད།
སྐབས་གསར་བའི་ཀྲུང་གོའི་སྲིད་འཛིན་དང་སྲིད་བློན་སོགས་ངོ་སྤྲོད།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2023-03-13ལྟ་ཀློག (2571)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

     2023ལོའི་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་ཐོག་སྐབས་གསར་བའི་ཀྲུང་གོའི་སྲིད་འཛིན་དང་སྲིད་འཛིན་གཞོན་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་བློན་སོགས་འདེམས་ཐོན་བྱུང་བའི་གསར་འགྱུར། 

2023.3.10 ཞི་ཅིན་ཕིང་འདེམས་ཤོག་ཆ་ཚང་ཐོག་ནས་རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞིར་བདམས་ཐོན་བྱུང་བ་རེད།

 2023.3.11 ལི་ཆང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་བློན་ལ་གཏན་འཁེལ་བྱས་པ་རེད།

ཀྲའོ་ལེ་ཅིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལ་བདམས་ཐོན་བྱུང་བ། 

ཝང་ཧུའུ་ཉིང་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིར་བདམས་ཐོན་བྱུང་བ་རེད།

ཧན་ཀྲེང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པར་བདམས་ཐོན་བྱུང་བ་རེད།

        ལི་ཧུང་ཀྲུང་དང་། ཝང་ཏུང་མིང་། ཞའོ་ཅེ། ཀྲེང་ཅན་པང་། ཏིང་ཀྲུང་ལི། ཧའོ་མིང་ཅིན། ཚའེ་ཏཱ་ཧྥང་། ཧོ་ཝེ། ཝུའུ་ཝའེ་ཧྭ། ཐིའེ་ཉིང་། ཕེང་ཆིང་ཧྭ། ཀྲང་ཆིང་ཝེ། བློ་བཟང་རྒྱལ་མཚན། ཞུའེ་ཁོ་ལའེ་ཐི་ཀྲ་ཁེར་བཅས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པར་བདམས་ཐོན་བྱུང་བ་དང་། ལེའུ་ཆི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོར་བདམས་ཐོན་བྱུང་བ་རེད། 

      ཧྲེ་ཐའེ་ཧྥེང་དང་། ཧུའུ་ཁྲུན་ཧྭ། ཧྲེན་གཡོད་གཡོད། ཝང་ཡུང་། ཀྲོའུ་ཆང་། འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ། ཧོའི་ཧོ་ཧྭ། ལེང་ཀྲེན་དབྱིང་། པ་ཐེར། སུའུ་ཧེ། ཧྲའོ་ཧུང་། ཀའོ་ཡུན་ལུང་། གྲན་ཝུའུ། མུའུ་ཧུང་། ཤན་ཧུའེ།  ཝང་ཏུང་ཧྥུང་། ཅང་ཤིན་ཀྲི། ཅང་ཙོའུ་ཅུན། ཧོ་པའོ་ཞང་། ཝང་ཀོང་ཆན། ཆིན་པོ་ཡུང་། ཀྲུའུ་ཡུང་ཤིན། དབྱང་ཀྲེན་བཅས་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པར་བདམས་ཐོན་བྱུང་བ་དང་། ཝང་ཏུང་ཧྥུང་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོར་བདམས་ཐོན་བྱུང་བ་རེད། 

ཞི་ཅིན་ཕིང་གི་ལོ་རྒྱུས་མདོར་བསྡུས།

       ཞི་ཅིན་ཕིང་། ཕོ། རྒྱ་རིགས། 1953ལོའི་ཟླ་6པར་སྐྱེས། ཧྲའན་ཞི་ཧྥུའུ་ཕིང་གི་མི་ཡིན། 1969ལོའི་ཟླ་1པོར་བྱ་བའི་སྟེང་ཞུགས། 1974ལོའི་ཟླ་1པོར་ཀྲུང་གོ་གུང་ཁྲན་ཏང་ནང་དུ་ཞུགས། ཆིན་ཧྭ་སློབ་ཆེན་མི་ཆོས་སྤྱི་ཚོགས་སློབ་གླིང་གི་མར་ཁེ་སི་རིང་ལུགས་གཞུང་ལུགས་དང་བསམ་བློ་ཆབ་སྲིད་སློབ་གསོའི་ཆེད་ལས་ནས་སློབ་མཐར་ཕྱིན་ལ། ལས་ཐོག་ཞིབ་འཇུག་སློབ་མའི་བསླབས་གནས་ཡོད་པ་དང་ཁྲིམས་རིག་པའི་འབུམ་རམས་པའི་བསླབས་གནས་ཡོད།

       ད་ལྟ་ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅི། ཀྲུང་གུང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་བཅས་ཀྱི་འགན་ཁུར་ཡོད།

ལི་ཆང་གི་ངོ་སྤྲོད་མདོར་བསྡུས

        ལི་ཆང་། ཕོ། རྒྱ་རིགས།1959 ལོའི་ཟླ་བདུན་པར་སྐྱེས། ཀྲེ་ཅང་རུའེ་ཨན་བ་རེད། 1976ལོའི་ཟླ་བདུན་པར་ལས་ཀར་ཞུགས། 1983ལོའི་ཟླ་བཞི་པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། ཀྲུང་དབྱང་ཏང་གི་སློབ་གྲྭའི་ཞིབ་འཇུག་སློབ་མའི་སྦྱངས་རབས་དང་། མཐོ་རིམ་དོ་དམ་མི་སྣའི་བཟོ་ཚོང་དོ་དམ་ཆེད་ལས་ཀྱི་རབ་འབྱམས་པའི་བསླབ་གནས་བླངས་ཡོད།  

        ད་ལྟར་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་བློན་གྱི་འགན་ཁུར་ཡོད། 

  

ཀྲའོ་ལི་ཅི་ཡི་ལོ་རྒྱུས་མདོར་བསྡུར།

       ཀྲའོ་ལི་ཅི། ཕོ། རྒྱ་རིགས།1957ལོའི་ཟླ3པར་སྐྱེས། ཧྲའན་ཞི་ཞིས་ཨན་གྱི་མི་ཡིན། 1974ལོའི་ཟླ9པར་བྱ་བའི་ནང་ཞུགས།1975ལོའི་ཟླ7པར་ཀྲུང་གོ་གུང་ཁྲན་ཏང་ནང་དུ་ཞུགས། པེ་ཅིང་སློབ་ཆེན་མཚན་ཉིད་རིག་པ་ཚན་ཁག་གི་མཚན་ཉིད་རིག་པའི་ཆེད་ལས་ནས་སློབ་མཐར་ཕྱིན་ལ། ཀྲུང་དབྱང་ཏང་གི་སློབ་གྲྭའི་ཞིབ་འཇུག་སློབ་མའི་བསླབས་གནས་ཡོད།

        ད་ལྟ་ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་དང་། སྐབས་བཅུ་བཞི་པའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གི་འགན་ཁུར་ཡོད།

 

ཝང་ཧུའུ་ཉིང་གི་ལོ་རྒྱུས་མདོར་བསྡུས།

       ཝང་ཧུའུ་ཉིང་། ཕོ། རྒྱ་རིགས། 1955ལོའི་ཟླ10པར་སྐྱེས། ཧྲན་ཏུང་ལེ་ཀྲིག་གི་མི་ཡིན། 1977ལོའི་ཟླ2པར་བྱ་བའི་ནང་ཞུགས།1984ལོའི་ཟླ4པར་ཀྲུང་གོ་གུང་ཁྲན་ཏང་ནང་དུ་ཞུགས། ཧྥུའུ་ཏན་སློབ་ཆེན་རྒྱལ་སྤྱིའི་ཆབ་སྲིད་ཚན་ཁག་གི་རྒྱལ་སྤྱིའི་ཆབ་སྲིད་ཆེད་ལས་ནས་སློབ་མཐར་ཕྱིན་ལ་ཞིབ་འཇུག་སློབ་མའི་བསླབས་གནས་ཡོད་པ་དང་། ཁྲིམས་རིག་པའི་རབ་འབྱམས་བསླབས་གནས་ཡོད་པའི་དགེ་རྒན་ཆེན་མོ་ཡིན།

        ད་ལྟ་ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་དང་། སྐབས་བཅུ་བཞི་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི། ཀྲུང་དབྱང་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་བཅས་ཀྱི་འགན་ཁུར་ཡོད།

 

ཧན་ཀྲིན་གྱི་ལོ་རྒྱུས་མདོར་བསྡུས།

         ཧན་ཀྲིན། ཕོ། རྒྱ་རིགས། 1954ལོའི་ཟླ4པར་སྐྱེས། ཀྲིག་ཅང་ཚི་ཞི་ཡི་མི་ཡིན། 1975ལོའི་ཟླ12པར་བྱ་བར་ཞུགས་པ་དང་1979ལོའི་ཟླ5བར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། ཧྭ་ཏུང་དགེ་འོས་སློབ་ཆེན་གྱི་རྒྱལ་སྤྱིའི་གནད་དོན་ཞིབ་འཇུག་ཁང་གི་རྒྱལ་སྤྱིའི་འབྲེལ་བ་དང་འཛམ་གླིང་དཔལ་འབྱོར་ཆེད་ལས་ནས་མཐར་ཕྱིན་ལ། ལས་གནས་སུ་ཞིབ་འཇུག་སློབ་མའི་བསླབས་གནས་ཐོབ་ཐང་ཡོད་པ་དང་དཔལ་འབྱོར་རིག་པའི་རབ་འབྱམས་པའི་བསླབས་གནས་ཡོད་ལ། མཐོ་རིམ་དཔལ་འབྱོར་མཁས་ཅན་ཡིན། 

ད་ལྟ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པའི་ལས་འགན་ཁུར་ཡོད།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། mjcq བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23573834
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།