དགེ་རྒན་འཇིགས་མེད་རྒྱལ་མཚན་གྱི་གསུང་བཤད་གསར་བ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 28 རེས་གཟའ་ཉི་མ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» སློབ་གསོ།» སློབ་གྲྭའི་སློབ་གསོ། »དགེ་རྒན་འཇིགས་མེད་རྒྱལ་མཚན་གྱི་གསུང་བཤད་གསར་བ།
དགེ་རྒན་འཇིགས་མེད་རྒྱལ་མཚན་གྱི་གསུང་བཤད་གསར་བ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2023-03-08ལྟ་ཀློག (2110)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


ཉེ་ལམ་འཛམ་གླིང་ཧྲིལ་བོ་ལ་ནད་ཡམས་ཀྱི་དབང་གིས་ལོ་གཅིག་དང་གཉིས། གསུམ་ལའང་སློབ་སྦྱོང་ཚད་ལྡན་ཞིག་བྱ་མ་ཐུབ་པ་མང་བོ་ཡོད་པ་བཞིན་རང་རེ་ལ་མཚོན་ན་སློབ་སྐབས་སྔོན་མར་དྲ་ལམ་སློབ་ཁྲིད་བྱས་པས་སློབ་སྦྱོང་འཐུས་ཚང་ཞིག་བྱ་ཐུབ་མེད། དེ་ནི་སློབ་མ་ཞིག་ལ་མཚོན་ན་གསབ་ཐབས་བྲལ་བའི་གྱོང་གུན་རེད། དེ་གྱོང་གུན་ཡིན་པའི་ངེས་ཤེས་ཡོད་དགོས། དེ་ཡོད་ན་ད་ནི་ཅི་ལྟར་འབད་པ་བྱས་ཏེ་གྱོང་གུན་དེ་དག་གསབ་དགོས་པའི་ཕྱོགས་ལ་བསམ་བློ་གཏོང་དགོས།       

སློབ་སྦྱོང་བྱས་པ་དེ་ཡང་དམིགས་ཡུལ་བརྟན་པོ་ཡོད་དགོས། གྲྭ་བ་ཞིག་ལ་མཚོན་ན་མ་འོངས་པ་ན་དགོན་པའི་ནང་དུ་ལོག་སྟེ་སྡོམ་དམ་ཚིག་གཙང་མར་བསྲུང་ཞིང་། བསླབ་པ་སློབ་གཉེར་གྱི་རྒྱུན་བསྐྱངས་ཏེ་རང་གཞན་ཀུན་ལ་ཕན་ཐོགས་པ་ཞིག་འཁྱོངས་རྒྱུ་དང་། གྲོང་བ་ཚོར་མཚོན་ནའང་སློབ་སྦྱོང་ལ་འབད་པ་བྱས་ཏེ་མ་འོངས་པ་ན་རང་ཉིད་དང་རང་གི་ཁྱིམ་ཚང་། རང་གི་ཕ་ཡུལ། དེ་བཞིན་མི་རིགས་དང་རྒྱལ་ཁབ། འཛམ་གླིང་སྤྱི་ལ་ཕན་པ་སྒྲུབ་མཁན་ཞིག་བྱ་རྒྱུའི་དམིགས་ཡུལ་ཡོད་དགོས།      

འཛམ་བུ་གླིང་གི་མི་སྣ་འཇོན་ཐང་ཅན་དེ་དག་དང་ང་ཚོ་སུ་ཡིན་ཡང་མི་ཡིན་པ་འདྲ་བ་ལ། མི་འདྲ་ས་གཅིག་ཡོད་པ་ནི་དམིགས་ཡུལ་ཆེ་ཆུང་ཙམ་རེད། ཆུང་དུས་ནས་དམིགས་ཡུལ་ཆེན་པོ་ཡོད་ན་མ་འོངས་པ་ན་གྲུབ་འབྲས་ཀྱང་དེ་བཞིན་ཡོང་ངེས་ཡིན།      

སློབ་གྲྭ་འདི་ལྟ་བུ་ལ་མཚོན་ན་ཆེས་ཐོག་མར་དྭ་ཕྲུག་དང་སློབ་ལོ་ཡོལ་བ་ལྟ་བུའི་རིགས་ལ་དམིགས་ཏེ་སློབ་མ་བསྡུས་པ་ཡིན་ལ། རྗེས་སུ་རིམ་གྱིས་རྒྱལ་ཁབ་ཀྱི་སློབ་གསོའི་སྲིད་ཇུས་ལ་འགྱུར་ལྡོག་སྣ་ཚོགས་བྱུང་བ་དང་བསྟུན་ནས་སློབ་ལོ་རན་པའི་སློབ་མ་སློབ་གྲྭར་ཞུགས་པའི་ཚད་གཞི་ཇེ་མཐོར་སོང་བས། ང་ཚོས་ཀྱང་ད་སྐབས་སློབ་མ་བསྡུ་བའི་ལོ་ཚད་ལ་འགྱུར་བ་བཏང་སྟེ་ལོ་བཅུ་དྲུག་ཡན་ལ་བུད་པ་མ་གཏོགས་མ་བསྡུས་པ་རེད།       

ད་སྐབས་སྤྱི་ཚོགས་ཁྲོད་རང་རེའི་སློབ་གྲྭ་འདིར་ཞུགས་པ་ནི་ནོར་འཁྲུལ་ཞིག་རེད་ཟེར་མཁན་ཕལ་ཆེར་བྱུང་མེད། འདིར་ཞུགས་ནས་སློབ་མ་དེའི་ཡོན་ཏན་དང་ཀུན་སྤྱོད་གང་ཅིའི་ཐད་ནས་ཡར་རྒྱས་བྱུང་སོང་ཞེས་བསྔགས་བརྗོད་དང་གདེང་འཇོག་ཚད་མཐོན་པོ་བྱ་བཞིན་ཡོད།      

སློབ་མ་རང་རང་ལ་ཡང་རང་ཉིད་གཞན་ལས་ལྷག་པ། ཀུན་ལ་ཕན་ཐོགས་པའི་མི་བཟང་བོ་ཞིག་བྱ་རྒྱུ་ཡིན་སྙམ་པའི་ཡིད་ཆེས་དང་བརྩོན་སེམས་ཡོད་དགོས། རྒྱལ་ཕྱི་ནང་གི་སློབ་གསོ་བ་གྲགས་ཅན་དག་གིས་ཀྱང་དེ་ལྟར་བཤད་ཀྱིན་ཡོད། གཙོ་བོ་མི་སུ་ཡིན་ཡང་རང་ཉིད་ལ་ཡིད་ཆེས་དང་། རང་ཉིད་གཅེས་སྤྲས་བྱ་རྒྱུ་དེ་གལ་ཆེ་བར་བཤད་ཀྱིན་ཡོད།    

ན་ནིང་སློབ་མ་གསར་བ་བསྡུས་པའི་སྐབས་དེར་དྲ་ལམ་ནས་ཀྱང་བཤད་ཡོད། སློབ་མ་ཚང་མས་རང་རང་གི་ཕུགས་འདུན་དང་དམ་བཅའི་ཡི་གེ་རེ་འབྲི་དགོས། རྗེས་སུ་རང་གི་དམ་བཅའི་ཡི་གེ་དེ་ལ་རྒྱུན་དུ་བལྟས་ཏེ་རང་གི་ཕུགས་འདུན་མངོན་དུ་གྱུར་ཡོད་མེད་ལ་བལྟ་དགོས།       

སློབ་མ་མང་བོ་ཞིག་ལ་མཚོན་ན་རང་རང་གི་ཁྱིམ་ནས་གཅེས་ལང་ལ་བཏང་ཡོད་པས་སློབ་གྲྭ་འདི་ལྟ་བུར་ཞུགས་ན་དཀའ་ངལ་མི་བཟོད་པ་མང་། དེའི་རིགས་དེ་རྗེས་སུ་སྤྱི་ཚོགས་སྟེང་ཞུགས་ནའང་གད་སྙིགས་ལྟ་བུར་འགྱུར་ཉེན་ཡོད། སློབ་མ་ལ་ལ་ཞིག་ལ་དཀའ་སྣང་མེད་པར་སྔ་ལངས་འཕྱི་ཉལ་བྱ་ཐུབ། 

སྤྱིར་བྱིས་པ་སུ་ཡིན་ཡང་ཚང་མའི་ནུས་པ་ལ་ཁྱད་པར་ཆེན་པོ་མེད་མོད། རང་རང་གི་ཕ་མའི་སྐྱོང་སྲོལ་གྱི་དབང་གིས་ནུས་པ་ལ་ཆེ་ཆུང་ཤོར་བ་རེད། གཅེས་ལང་ལ་བཏང་ཡོད་པ་དེ་དག་ལ་ནུས་པ་ཅི་ཡང་མེད། 

སློབ་མའི་དུས་སྐབས་སུ་དཀའ་ངལ་མྱོང་མི་འདོད་པ་དེ་དག་གིས་ཚེ་གང་བོར་དཀའ་ངལ་མྱོང་དགོས་ལ། སློབ་སྦྱོང་གི་སྐབས་སུ་དཀའ་ངལ་མྱོང་ཐུབ་པ་དག་ནི་ཚེ་གང་བོར་སྐྱིད་རྒྱག་ཐུབ།     

སློབ་མ་ཚོ་ཡིན་ནའང་ཐག་རིང་ནས་ཆེད་དུ་སློབ་སྦྱོང་ལ་ཡོང་བ་རེད། དེ་བས་དགེ་རྒན་དང་ལས་བཟོ་བ་ཚོས་བདག་སྐྱོང་ཡག་པོ་གནང་དགོས། དགེ་རྒན་དང་ལས་བཟོ་བ་ཚང་མའང་ཆེད་དུ་སློབ་མ་ཚོའི་དོན་ལ་ཕྱོགས་སོ་སོ་ནས་འདིར་ཕེབས་ཏེ་སྐུ་ངལ་མང་བོ་མྱོང་གི་ཡོད་པས་ཚང་མས་བརྩི་བཀུར་བྱ་དགོས་ཞེས་སོགས་གསུང་བཤད་རུས་པ་ཅན་མང་དུ་གནང་།       

2023ལོའི་ཟླ་3ཚེས་7ཉིན་གླིང་སྨད་ནས་གསུང་བཤད་གནང་སྐབས་གྱི་ལིང་འཇིགས་མེད་ཀྱིས་ཟིན་བྲིས་སུ་བཏབ། 


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 85wb བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23549778
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།