༄༅། །ཐོན་མིའི་འབུམ་གླིང་གི་རྟེན་བཤད་དང་སྐོར་ཚད།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 29 རེས་གཟའ་ཟླ་བ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» ལོ་རྒྱུས།» དེང་རབས། »༄༅། །ཐོན་མིའི་འབུམ་གླིང་གི་རྟེན་བཤད་དང་སྐོར་ཚད།
༄༅། །ཐོན་མིའི་འབུམ་གླིང་གི་རྟེན་བཤད་དང་སྐོར་ཚད།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2023-03-06ལྟ་ཀློག (2911)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


༄༅། །ཐོན་མིའི་འབུམ་གླིང་གི་རྟེན་བཤད་དང་སྐོར་ཚད།


        དཀོན་མཆོག་གསུམ་ལ་དད་པ་བརྟན་ཅིང་ལས་རྒྱུ་འབྲས་ལ་ཡིད་ཆེས་ཟབ་པ། སྡིག་སྤོང་དགེ་སྒྲུབ་ཀྱི་ལས་བརྩོན་པའི་མཇལ་བ་རྣམ་པའི་སྙན་ལམ་དུ་གུས་པ་བརྒྱ་ཕྲག་གིས་ཞུ་མཆིད།

               ཐོན་མིའི་འབུམ་གླིང་ནི། སྙིགས་མ་ལྔ་ཆེས་ཆེར་བདོ་བའི་དུས་འདིར་སེམས་ཅན་རྣམས་ལ་ཤེས་རབ་ཞན་པ། བླང་དོར་གྱི་ཆ་ལ་རྨོངས་པ། ཡོན་ཏན་བསླབས་ཀྱང་མི་ལོབ་པ། ལོབས་ཀྱང་བརྗེད་སླ་བ། ཚེ་ཐུང་བ། ཉོན་མོངས་རྒྱས་པ། ལྟ་བ་ངན་པ་འཕེལ་བ། ནད་མང་བ་སོགས་ལ་དམིགས་ཏེ་ཆེད་དུ་བཞེངས་པ་ཞིག་ཡིན་པས་སེམས་ཅན་རྣམས་ཀྱི་སྡིག་སྤོང་དགེ་སྒྲུབ་བྱེད་པའི་ཞིང་ཁྱད་པར་ཅན་དུ་འགྱུར་བར་སྨོན། རྟེན་གྱི་ཆ་ནས་ཞུས་ན་རྗེ་བཙུན་འཇམ་པའི་དབྱངས་དང་སློབ་དཔོན་ཆེན་མོ་ཐོན་མི་སཾབྷོཊ་གཙོ་བྱས་པའི་བོད་ཀྱི་གྲུབ་མཐའ་རིས་མེད་ཀྱི་སྐྱེས་ཆེན་དམ་པ་བཅུ་བདུན་དང་། བོད་ཀྱི་སློབ་དཔོན་ཐོག་མ་སཾབྷོཊ་མཆོག་གི་སློབ་དཔོན་རྣམ་གཉིས་ཏེ། པཎྜིཏ་ལྷ་རིག་པའི་སེང་གེ་དང་བྲམ་ཟེ་ལི་བྱིན་ཀ་ར། ཐུགས་སྲས་སློབ་མ་རྣམ་གཉིས་ཏེ། དྷརྨ་ཀོ་ཥ་དང་ལྷ་ལུང་རྡོ་རྗེ་དཔལ་བཅས་ཀྱི་སྐུ་འདྲ་བཞུགས་ཤིང་ཚོམས་ཆེན་གྱི་རྩིག་ངོས་རྣམས་སུ་སློབ་དཔོན་ཆེན་མོ་ཐོན་མི་སཾབྷོཊའི་མཛད་རྣམ་གྱན་ཐང་བཅུ་དྲུག་ཏུ་བཞེངས་ནས་བཞུགས་སུ་གསོལ།

               འབུམ་གླིང་སྤྱིའི་དབྱིབས་ནི། དབྱེན་ཟླུམ་མཆོད་རྟེན་ཡིན་ལ་ཟུར་བཞི་ལ་བཀའ་གདམས་པའི་ལུགས་ཀྱི་འབུམ་ཁང་བཞིས་བརྒྱན་ཡོད། འབུམ་ཁང་བཞིའི་ནང་དུ་ཐོན་མིའི་སྐུ་འབུམ་ཕྲག་མང་བོ་དང་འབུམ་ཁང་བཞིའི་ཏོག་གི་ནང་ལ་བཀའ་བསྟན་དང་སྐྱེས་ཆེན་དམ་པ་མང་བོའི་གསུང་འབུམ་གྲངས་མེད་བཞུགས་སུ་གསོལ། མཆོད་རྟེན་གྱི་ཁྲི་སྟེང་ལ་གསེར་རག་ལས་གྲུབ་པའི་བདེ་གཤེགས་མཆོད་རྟེན་ཆ་བརྒྱད་དང་རྣམ་རྒྱལ་མཆོད་རྟེན་ཆུང་བ་བརྒྱ་བཞུགས། བུམ་པའི་ནང་དུ་གསེར་ཟངས་ལས་གྲུབ་པའི་རྗེ་བཙུན་འཇམ་པའི་དབྱངས་དང་ལྷ་མོ་དབྱངས་ཅན་མ། སློབ་དཔོན་ཆེན་མོ་ཐོན་མི་སཾབྷོཊའི་སྐུ་སྟོང་གཅིག་རེ་བཞུགས་སུ་གསོལ།

              སྤྱིར་ལྷ་ཁང་དང་འདུ་ཁང་གི་སྐོར་ཚད་ལ་རྩིས་རྒྱགས་སྟངས་མང་དུ་ཡོད་ཀྱང་འདིར་གཙོ་སྐུ་འཇམ་པའི་དབྱངས་དང་ཐོན་མི་སཾབྷོཊ་བྱས་ནས་སྐོར་ཚད་སྟོང་དང་ཁྲི། འབུམ་སྟེ་རྣམ་པ་གསུམ་དུ་ཕྱེས་ཡོད་པས། ཐོན་མིའི་འབུམ་གླིང་ལ་སྐོར་བ་བྱེད་པའི་འགྲུབ་ཚད་ཆུང་བ་ལ་སྐོར་བ་༧༡༥ཡིན། འགྲུབ་ཚད་འབྲིང་བ་ལ་སྐོར་བ་༡༤༢༨ཡིན། འགྲུབ་ཚད་ཆེ་བ་ལ་སྐོར་བ་༧༡༤༢ཡིན།

བྱིན་རླབས་འོད་སྟོང་འབར་བའི་ཞིང་མཆོག་ལ།།

སྐོར་དང་ཕྱག་མཆོད་བགྱིས་པའི་དགེ་འབྲས་ཀྱིས།།

སེམས་ཅན་རྨོངས་པའི་མུན་ལས་མྱུར་གྲོལ་ཏེ།།

རྣམ་མཁྱེན་རྒྱལ་བའི་གོ་འཕང་འཐོབ་གྱུར་ཅིག།


གནས་འདིར་འབྲེལ་ཐོགས་སེམས་ཅན་ཐམས་ཅད་ལ།།

ཚེ་རིང་ནད་མེད་བསམ་པའི་དོན་འགྲུབ་ཅིང་།།

ཤེས་བྱའི་བློ་མིག་འབྱེད་པའི་དཔལ་ཐོབ་སྟེ།།

ཞིང་མཆོག་བདེ་བ་ཅན་དུ་སྐྱེ་བར་ཤོག།

        ཅེས་རྭ་རྒྱ་བ་འཇིགས་མེད་རྒྱལ་མཚན་གྱིས་གསོལ་བ་རྩེ་གཅིག་ཏུ་བཏབ་པ་སརྦ་མངྒ་ལཾ།།  །།



སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 74wa བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23553771
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།