རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོས་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུ་བསྡུས་པ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 3 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» རྒྱལ་ཕྱི་ནང་གསར་འགྱུར། »རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོས་ག
རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོས་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུ་བསྡུས་པ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2023-03-05ལྟ་ཀློག (1279)རྩོམ་ཁུངས: མཚོ་སྔོན་ཁྲིམས་ལུགས་ཚགས་པར།པར་འདེབ།

དུས་རབས་གསར་པའི་མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་རྣམ་པ་གསར་པ་མངོན་པ། 


རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོས་ཟླ3པའི་ཚེས3ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་གསར་འགྱུར་ཁྱབ་སྒྲོག་ཚོམས་ཆེན་དུ་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུ་བསྡུས། ཚོགས་ཆེན་གྱི་གསར་འགྱུར་མགྲིན་ཚབ་པ་ཀའོ་ཝེ་མིན་གྱིས་ཀྲུང་ཕྱིའི་སྨྱན་བྱད་ལ་ཐེངས་འདིའི་ཚོགས་ཆེན་གྱི་འབྲེལ་ཡོད་གནས་ཚུལ་མཚམས་སྦྱོར་བྱས་པ་མ་ཟད་གསར་འགོད་པའི་དྲི་བར་ལན་བཏབ། 

ཀའོ་ཝེ་མིན་གྱིས་མཚམས་སྦྱོར་བྱེད་རྒྱུར། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོ་ནི་ཟླ3པའི་ཚེས4ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོ་ནས་མགོ་རྩོམ་རྒྱུ་ཡིན་པ་དང་། ཟླ3པའི་ཚེས11ཉིན་གྱི་ཕྱི་དྲོར་མཇུག་སྒྲིལ་རྒྱུ་ཡིན་ལ་ཚོགས་ཡུན་ཉིན7དང་ཕྱེད་ཀ་ཡིན། ཐེངས་འདིའི་ཚོགས་ཆེན་སྐབས་སུ། མགོ་རྩོམ་ཚོགས་འདུ་དང་མཇུག་སྒྲིལ་ཚོགས་འདུ་ལས་གཞན་ཚོགས་ཆེན་གྱི་གཏམ་བཤད་ཐེངས་གཉིས་དང་། ཚན་ཆུང་གི་ཚོགས་འདུ་ཐེངས8བཅས་བཀོད་སྒྲག་བྱས་ཡོད། མགོ་རྩོམ་ཚོགས་འདུ་དང་མཇུག་སྒྲིལ་ཚོགས་འདུ་ལ་ཀྲུང་གོར་སྡོད་པའི་ཕྱི་རྒྱལ་གྱི་གཞུང་ཚབ་པ་ཟུར་ཉན་དུ་གདན་ཞུ་བྱས་ཡོད། 

གྲོས་ཚོགས་ཀྱི་གྲོས་རིམ་གཙོ་བོ་ནི། རྒྱལ་ཡོངས་སྲིད་གྲོས་རྒྱུན་ཨུ་ལྷན་ཁང་གི་བྱ་བའི་སྙན་ཞུ་དང་གྲོས་གཞི་བྱ་བའི་གནས་ཚུལ་གྱི་སྙན་ཞུར་མཉན་པ་དང་གྲོས་ཞིབ་བྱེད་པ། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོར་ཟུར་ཞུགས་བྱས་ཏེ་སྲིད་གཞུང་བྱ་བའི་སྙན་ཞུ་དང་གཞན་པའི་འབྲེལ་ཡོད་ཀྱི་སྙན་ཞུར་མཉན་པ་དང་གྲོས་བསྡུར་བྱེད་པ། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་སྒྲིག་སྲོལ་དག་བཅོས་འཆར་ཟིན་དང་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་ཆབ་སྲིད་གྲོས་ཆོད་སོགས་ཀྱི་གྲོས་ཆོད་དང་སྙན་ཞུ་ལ་གྲོས་འཆམ་བྱེད་པ། སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་དང་ཀྲུའུ་ཞི་གཞོན་པ། དྲུང་ཡིག་ཆེན་མོ་དང་རྒྱུན་ལས་ཨུ་ཡོན་བདམས་ཐོན་བྱེད་པ་བཅས་ཡིན། 

འདས་པའི་ལོ་ལྔའི་བྱ་བར་ཕྱིར་དྲན་བྱེད་སྐབས། ཀའོ་ཝེ་མིན་གྱིས་མཚམས་སྦྱོར་བྱེད་རྒྱུར། སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་ཚུན། རྒྱལ་ཡོངས་སྲིད་གྲོས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ། མི་དམངས་སྲིད་གྲོས་ཀྱི་ལག་ལེན་གསར་སྐྲུན་དང་གཞུང་ལུགས་གསར་སྐྲུན། ལམ་ལུགས་གསར་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་ནས། དུས་རབས་གསར་པའི་མི་དམངས་སྲིད་གྲོས་ལས་དོན་ལ་རྣམ་པ་གསར་པ་མངོན་ཡོད། རྒྱལ་ཡོངས་སྲིད་གྲོས་ཀྱིས་ཡང་དག་པའི་སྒོ་ནས་མི་དམངས་སྲིད་གྲོས་ཀྱི་ངོ་བོའི་ངེས་གནས་ལ་དམ་འཛིན་བྱས་ཏེ། མི་དམངས་སྲིད་གྲོས་ལས་དོན་འཕེལ་རྒྱས་ཀྱི་ཡང་དག་པའི་ཁ་ཕྱོགས་སྲ་བརྟན་དུ་བཏང་། ལྟེ་བའི་ལས་འགན་ལ་དམིགས་ཏེ། སེམས་སུ“རྒྱལ་དོན་གྱི་ཆེ་ཕྱོགས”དང་དམངས་ཀྱི་ཐུགས་ཁུར་བཅངས་ནས་སྲིད་དོན་གྲོས་མོལ་བྱས། ཐུན་མོང་གི་ངོས་འཛིན་རྒྱ་ཆེར་གོང་བུར་སྒྲིལ་ཏེ། རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་བུ་མོའི་བློ་རིག་དང་སྟོབས་ཤུགས་གཅིག་ཏུ་བསྡུས། ཨུ་ཡོན་གྱི་གཙོ་གཞིའི་བྱེད་ནུས་འདོན་སྤེལ་བྱས་ཏེ་སྔར་ལས་ལྷག་པར་ཨུ་ཡོན་གྱི་འགན་འཁྲི་ཁག་ཁུར་ཤུགས་དྲག་ཏུ་བཏང་། 

མཚམས་སྦྱོར་བྱས་པ་ལྟར་ན། རྒྱལ་ཡོངས་སྲིད་གྲོས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”འཆར་འགོད་བཟོ་བ། གྲོས་མོལ་ཇུས་འདོན་ལག་བསྟར་བྱེད་པ། ལྟ་སྐུལ་ཞིབ་བཤེར་སྤེལ་བ་བཅས་ལ་དམ་པོར་དམིགས་ཏེ། ཆེད་དོན་སྲིད་གྲོས་རང་བཞིན་གྱི་རྒྱུན་ཨུ་ལྷན་ཁང་གི་ཚོགས་འདུ་དང་ཆེད་དོན་གྲོས་མོལ་ཚོགས་འདུ། གཟའ་འཁོར་གཉིས་ཀྱི་གྲོས་མོལ་བཞུགས་མོལ་ཚོགས་འདུ་སོགས་ཚོགས་འདུ་ཐེངས100ལྷག་འཚོགས། ལོ་ལྔའི་རིང་། བསྡོམས་པས་གྲོས་གཞི་ཁྲི2.9ལྷག་བསྡུ་ལེན་བྱས་ལ། རིགས་སོ་སོའི་སྤྱི་ཚོགས་གནས་ཚུལ་དང་དམངས་ཀྱི་འདོད་བློའི་ཆ་འཕྲིན་ཐེངས9000ལྷག་ལ་སྒྲིག་ཞུ་བྱས། 

སྐབས་བཅུ་བཞི་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱིས་འགན་འཁྲི་སྒྲུབ་འཆར་ཡོད་ལ། ཀའོ་ཝེ་མིན་གྱིས་བསྟན་དོན། སྐབས་བཅུ་བཞི་པའི་རྒྱལ་ཡོངས་སྲིད་གྲོས་ལ་ཨུ་ཡོན2169ཡོད་པ་དང་། དེ་དག་ནི་ལས་རིགས34ཁྲོད་ནས་ཡོང་བ་ཡིན། དེའི་ནང་ཀྲུང་གུང་གི་ཨུ་ཡོན་མིན་པ་ཡིས60.8%ཟིན་ལ། མི་རིགས56ཚང་མར་ཨུ་ཡོན་ཡོད། ཨུ་ཡོན་གྱི་མིང་ཐོ་དེ་དུས་རབས་གསར་བའི་རྒྱལ་ཡོངས་སྲིད་གྲོས་ནི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་གྱི་རྩ་འཛུགས་དང་དམངས་གཙོ་གྲོས་མོལ་ཀྱི་ཐབས་ལམ་གཙོ་བོའི་བླང་བྱ་དང་འཚམ་པ་ཡིན་ལ། དེར་གཤམ་གྱི་ཁྱད་ཆོས་འགའ་ཡོད་པ་སྟེ། གཅིག་ནི་འཐུས་ཚབ་རང་བཞིན་རྒྱ་ཆེར་ལྡན་པ་དང་། གཉིས་ནི་སྒྲིག་གཞི་སྔར་ལས་ལེགས་བཅོས་བྱུང་ཡོད་པ། གསུམ་ནི་གསར་བདམས་དང་བསྟུད་འགན་འཁུར་བའི་བསྡུར་གྲངས་ཅུང་འོས་འཚམ་ཡིན་པ། བཞི་ནི་ཨུ་ཡོན་གྱི་བྱང་ཚད་ཅུང་མཐོ་བ་བཅས་ཡིན། 

“ཀྲུང་གོའི་དཔལ་འབྱོར་ལ་སྟོབས་དང་ལྡན་པའི་སླར་གསོ་བྱུང་ཡོད་མེད”ཀྱི་གནད་དོན་ལ་ལན་འདེབས་པའི་སྐབས་སུ། ཀའོ་ཝེ་མིན་གྱིས་བཤད་རྒྱུར། ཨུ་ཡོན་རྣམས་ཀྱིས་མིག་སྔར་རང་རྒྱལ་གྱི་འཕེལ་རྒྱས་ལ་འཕྲད་པའི་གནས་བབ་ནི་སྔར་བཞིན་རྙོག་འཛིང་དང་ཛ་དྲག་ཆེ་ལ། དཔལ་འབྱོར་སླར་གསོའི་རྨང་གཞི་ད་རུང་བརྟན་པོ་མིན་པར་འདོད་ཡོད། དུས་མཚུངས་སུ། རང་རྒྱལ་གྱི་ཁྲོམ་རའི་གཞི་ཁྱོན་དང་ཐོན་ལས་མ་ལག མི་ཤུགས་ཐོན་ཁུངས་སོགས་ཀྱི་ཐད་ནས་རྔམ་འཐུག་པའི་རྨང་གཞི་ལྡན་པས། དཔལ་འབྱོར་གྱི་མཉེན་ཤུགས་དང་སྦས་ཤུགས། གསོན་ཤུགས་བཅས་ཆེན་པོ་ལྡན་ཡོད། 2023ལོར་དཔལ་འབྱོར་བྱ་བ་ལེགས་པར་སྒྲུབ་པའི་ཡིད་ཆེས་སྲ་བརྟན་དུ་བཏང་ནས་འཕེལ་རྒྱས་བརྟན་བརླིང་དུ་གཏོང་བ་གོ་གནས་གལ་ཆེན་དུ་བཞག་སྟེ། སྤུས་ཀ་ནུས་ལྡན་སྒོས་མཐོར་འདེགས་པ་དང་གྲངས་ཀ་ལུགས་མཐུན་གྱིས་གོང་དུ་འཕར་བ་མངོན་འགྱུར་བྱེད་དགོས།





སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། eb3h བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23573455
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།