ད་ལོའི་ཨ་མཆོག་ས་ཁུལ་གྱི་གསར་འགྱུར་གལ་ཆེན་ཞིག
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 28 རེས་གཟའ་ཉི་མ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» བོད་ཡུལ་གསར་འགྱུར། »ད་ལོའི་ཨ་མཆོག་ས་ཁུལ་གྱི་གསར་འགྱུར་གལ་ཆེན་ཞིག
ད་ལོའི་ཨ་མཆོག་ས་ཁུལ་གྱི་གསར་འགྱུར་གལ་ཆེན་ཞིག
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2023-02-13ལྟ་ཀློག (3069)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

༄༅། །  ད་ལོའི་ཨ་མཆོག་ས་ཁུལ་གྱི་གསར་འགྱུར་གལ་ཆེན་ཞིག  


དེ་རིང་སྟེ་སྤྱི་ལོ༢༠༢༣ལོའི་ཟླ༢པའི་ཚེས༡༢ཉིན་ཨ་མཆོག་ས་ཁུལ་གྱི་སློབ་གསོ་ཡར་སྐུལ་ཐེབས་རྩ་ཚོགས་པས༢༠༢༢ལོའི་ས་གནས་སློབ་གསོའི་རོགས་དངུལ་བྱ་དགའ་སྟེར་བའི་མཛད་སྒོ་ཨ་མཆོག་ལོ་དགུའི་ལུགས་ཀྱི་ཞག་འདུག་སློབ་གྲྭར་སྤེལ།  

 ས་གནས་སློབ་གསོ་ནི་བྱ་དགའ་ཞིག་གི་ཆེད་དུ་བསྒྲུབས་དང་སྒྲུབ་བཞིན་པ། བསྒྲུབ་དགོས་པའི་བྱ་བ་ཞིག་ཏུ་མི་མཐོང་མོད། བྱ་དགའ་ནི་སློབ་གསོ་དོན་ལྡན་དང་ཡར་སྐུལ་གྱི་ནུས་པར་འདོན་པའི་ཐབས་ལམ། དེ་ཡི་གཞོག་འདེགས་དང་སྒུལ་ཤུགས་ཤིག་ཅི་ལ་མིན། དེའི་ཕྱིར། ས་གནས་སློབ་གསོ་དར་མིན་ནི་ས་གནས་དེའི་རིག་གནས་རྒྱུན་འཛིན་པ་འམ་འཇོན་ནུས་མི་སྣ་དང་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་ཐུབ་མིན་ལ་འབྲེལ་བས། ས་གནས་སློབ་གསོ་ལ་བྱམས་བརྩེའི་གྲུ་ཆར་འབེབ་པའི་ཐེབས་རྩའི་རོགས་དངུལ་འདིས་ཀྱང་ཁ་གཏད་ཕྱོགས་ཐད་ཀར་རང་སའི་ཤེས་ལྡན་པས་རང་སའི་རིག་གནས་དང་དཔལ་འབྱོར། ཆབ་སྲིད། ཚོང་ལས་སོགས་འཕེལ་རྒྱས་ཀྱི་ལམ་ཁར་འཁྲིད་པར་རེ་ལྟོས་ཀྱིས་ཟིམ་པ་ཞིག་ག་ལ་མིན། ད་གཟོད་ས་གནས་ཀྱི་དངོས་གཞི་སློབ་ཆེན་པ་དང་དངོས་གཞི་ཞིབ་འཇུག་པ། ཆེད་ལས་འབུམ་རམས་པ་བཅས་གསོ་སྐྱོང་བྱས་པ་ནི་ཇི་འདྲའི་ཡི་གར་འོང་བའི་ཤེས་རབ་ཀྱི་ཞིང་ཁམས་སུ་ལེགས་པར་སྨིན་པའི་ཤེས་རིག་གི་ལྗོན་དབང་ཞིག་འཁྲུངས་ཡོད་པ་ལ། 

ཕྱི་གནམ་གཤིས་བསིལ་འཇམ་དང་ནང་སློབ་གསོ་ཡི་མཛད་སྒོ་ལ་བྱམས་བརྩེ་དང་རེ་བས་ཁེངས། ༢༠༢༢ལོའི་ས་གནས་སློབ་གསོའི་རོགས་དངུལ་བྱ་དགའི་མཛད་སྒོ་དེ་ན་ནིང་ནད་ཡམས་ཀྱི་དབང་གིས་དུས་ལྟར་ཚོགས་མ་ཐུབ་པས་ད་ལོར་ཆེད་དུ་འཚོགས་ཐུབ་པ་ནི་ས་གནས་ཀྱི་སློབ་གསོ་སྤྱི་དང་སྒོས་སུ་ལས་དོན་འདི་ལ་གོང་རིམ་འབྲེལ་ཡོད་སྡེ་ཁག་དང་བར་གྱི་སློབ་གསོ་ཐེབས་རྩའི་ཚོགས་མི། མཇུག་ཏུ་ས་གནས་མི་དམངས་ཀྱི་རྒྱབ་སྐྱོར་བཅས་ཀྱི་བཀའ་དྲིན་ཉག་ཅིག་ཏུ་མཐོང་བ་འདི་བཞིན་ལགས། 

  ཚོགས་ཐོག་ཏུ་བླ་མ་དབལ་མང་ཆུང་བ་ཚང་དང་བསང་ཆུ་རྫོང་ཨུའི་ཨུ་ཡོན་རྫོང་སྲིད་ཁྲིམས་ཨུའུ་ཧྲུའུ་ཅི་རྟ་མགྲིན་སྐྱབས།  ཨ་མཆོག་གྲོང་རྡལ་གྱི་ཏང་ཨུའི་ཧྲུའུ་ཅི་བསོད་ནམས་བཀྲ་ཤིས་དང་གྲོང་གཙོ་གདུགས་དཀར་ཚེ་རིང་།  ཡ་རུ་རྒྱུད་དོན་གཅོད་ཁང་གི་འགོ་བ་སྐལ་བཟང་བསྟན་པ། དགོན་པའི་དོ་དམ་ཨུ་ཡོན་ལྷན་ཁང་གི་ཚུལ་ཁྲིམས་རྒྱ་མཚོ་དང་དོན་གྲུབ་རྒྱ་མཚོ། ཨ་མཆོག་ལོ་དགུའི་ལུགས་ཀྱི་ཞག་འདུག་སློབ་གྲྭའི་སློབ་གཙོ་སངས་རྒྱས་ཚེ་རིང་། ཡ་རུ་རྒྱུད་ལྟེ་བའི་སློབ་གྲྭའི་སློབ་གཙོ་ཚེ་རིང་དོན་གྲུབ། ཨ་མཆོག་གྲོང་རྡལ་མི་དམངས་སྨན་ཁང་གི་གླིང་གཙོ་སྒྲོལ་མ་འབུམ། སློབ་གསོའི་ཐེབས་རྩ་ཚོགས་པའི་ཚོགས་གཞོན་རྟ་མགྲིན། མགོན་པོ་སྐྱབས། བསམ་གཏན།  སྡེ་དམངས་སོ་སོའི་འགོ་ཁྲིད་སོགས་ཆེད་བཞུགས་གནང་བར་མ་ཟད། ཡུལ་ངོས་སུ་ཆེད་ལས་གསར་འགོད་པ་དང་ལས་རིགས་དགེ་རྒན་དང་འབུམ་རམས་པའི་འཐུས་ཚབ་ཁྱིམ་བདག་དང་ཞིབ་འཇུག་སློབ་མ། དངོས་གཞི་སློབ་ཆེན་པ་བཅས་བརྒྱ་ཕྲག་ཉེ་བར་ཚོགས་འདུར་ཞུགས་ཤིང་ཨ་མཆོག་ལོ་དགུའི་ལུགས་ཀྱི་ཞག་འདུག་སློབ་གྲྭའི་སློབ་གཙོ་སངས་རྒྱས་ཚེ་རིང་གིས་ཚོགས་འདུའི་འགོ་འཛིན་མཛད། 
ཚོགས་འདུའི་ལས་རིམ་ནི་གཤམ་གསལ། 
དང་བོ། ངོ་སྤྲོད།
གཉིས་པ། ཁ་བཏགས་འབུལ་བ། 
གསུམ་པ། བྱ་དགའ་སྟེར་བ། 
བཞི་བ། འཐུས་ཚབ་པའི་གཏམ། 
ལྔ་བ། ཞལ་འདེབས་མཁན་རྣམས་གསལ་བསྒྲགས། 
དྲུག་པ། འགོ་ཁྲིད་རིམ་པས་གསུང་བཤད་གནང་བ། 
བདུན་པ། མཇུག་བསྡུ་བ། 
བརྒྱད་པ། དྲན་རྟེན་གྱི་མཉམ་པར་བཅས། 

ཚོགས་ཐོག་ནས་རྫོང་ཏང་ཨུའུ་ཧྲུའུ་ཅི་རྟ་མགྲིན་སྐྱབས་དང་ཨ་མཆོག་གྲོང་རྡལ་གྱི་གྲོང་གཙོ་གདུགས་དཀར་ཚེ་རིང་རྣམ་གཉིས་ཀྱིས་གཏམ་བཤད་གནང་།  སྐུ་ཞབས་ཨ་ཁུ་བསྟན་པ་ལགས་ཀྱིས་བརྙན་ལམ་བརྒྱུད་དེ་གཏམ་བཤད་མདོར་བསྡུས་གནང་། ཁོང་གིས་བསྟན་དོན། རེབ་འདིའི་རོགས་དངུལ་དེ་དག་འཕྲོ་བརླག་དང་ཆུད་ཟོས་སུ་མི་གཏོང་བར་རང་ཉིད་ཀྱི་མི་ཚེ་དོན་ལྡན་གྱི་བྱ་བར་གཏོང་རོགས་ཞེས་སྐུལ་ལྕག་མཛད་དགོས་པ་སོགས་ཁོང་རྣམ་པ་གསུམ་གྱིས་སེམས་འཛིན་གྱི་ཚིག་དང་རུམ་འཛིན་གྱི་བྲོ་ཟབ་མོ་གནང་། 

རེབ་འདིའི་རོགས་དངུལ་བྱ་དགའ་སྟེ་འབུམ་རམས་པར་རྒྱུགས་འཕྲོད་མཁན་སློབ་མ་གསུམ་ལ་མི་རེར་དམངས་སྒོར་ཁྲི་གསུམ་(30000.00)རེའི་རོགས་སྐྱོར་བྱ་དགའ་བྱིན་པ་དང་། ཞིབ་འཇུག་སློབ་མ་བཅུ་གཉིས་རེར་དམངས་སྒོར་སྟོང་ལྔ(5000.00)རེ་དང་དངོས་གཞིར་རྒྱུགས་འཕྲོད་མཁན་སློབ་མ་བཞི་བཅུ་རེར་དམངས་སྒོར་སྟོང་གཅིག་ལྔ་བརྒྱ(1500.00)རེའི་རོགས་སྐྱོར་བྱ་དགའ་བྱིན་པ་རེད། ཨ་མཆོག་ས་ཁུལ་གྱི་ཕུལ་བྱུང་དགེ་རྒན་བརྒྱད་ལ་མི་རེར་སྒོར་སྟོང་གཉིས(2000.00)རེའི་བྱ་དགའ་བྱིན་པ་དང་དམིགས་སུ་རྩིས་ཚན་གྱི་སྐོར་ནས་ཁུལ་ཡོངས་ཀྱི་ཨང་རིམ་གཉིས་པ་བླངས་པའི་སློབ་མ་ལྷ་མོ་དོན་གྲུབ་ལ་བྱ་དགའ་སྟོང་ལྔ་གནང་བ་བཅས་སྡོམ་དམངས་སྒོར་ཁྲི་ཉི་ཤུ་རྩ་གཉིས་དང་སྟོང་དགུ(229000.00)རོགས་སྐྱོར་བྱ་དགའ་གནང་བ་རེད། 

མཇུག་མཐར་ཐེངས་འདིར་འཛོམས་པའི་མི་སྣ་ཡོངས་མཉམ་པར་དང་བཅས་རེབ་འདིའི་སློབ་གསོའི་རོགས་དངུལ་མཛད་སྒོ་མཇུག་སྒྲིལ་ཏོ། །

   

ཚོགས་རའི་ཡུལ་ངོས། 


ཚོགས་འདུར་ཞུགས་པའི་དབུ་ཁྲིད་ལྷན་རྒྱས།


བརྙན་ལམ་བརྒྱུད་དེ་སྐུ་ཞབས་ཨ་ཁུ་བསྟན་པས་གསུང་བཤད་གནང་བ།


རོགས་དངུལ་བྱ་དགའ་ཐོབ་པའི་སློབ་མའི་འཐུས་ཚབ་པའི་གཏམ།


ཁུལ་ལས་རྩིས་ཚན་གྱི་རྒྱུགས་འབྲས་ཨང་གཉིས་པ་བླངས་པའི་སློབ་མར་བྱ་དགའ་གནང་བ། 


ཐེངས་འདིར་རོགས་དངུལ་དང་བྱ་དགའ་ཐོབ་པའི་སློབ་མ་རྣམས་ཀྱི་མཉམ་པར། 


མཉམ་པར། 

 ༢༠༢༣  ༢  ༡༢ཉིན། 

གསར་འགོད་པ། རྒྱ་འདུ་སངས་རྒྱས། 

སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། yvn2 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23548774
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།