དཔེ་ཀློག་གི་དོན་སྙིང་ལས་འཕྲོས་པའི་སེམས་ཁྲལ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 3 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» འབོལ་རྩོམ། »དཔེ་ཀློག་གི་དོན་སྙིང་ལས་འཕྲོས་པའི་སེམས་ཁྲལ།
དཔེ་ཀློག་གི་དོན་སྙིང་ལས་འཕྲོས་པའི་སེམས་ཁྲལ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2023-02-12ལྟ་ཀློག (2655)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

 

དཔེ་ཀློག་གི་དོན་སྙིང་ལས་འཕྲོས་པའི་སེམས་ཁྲལ། 

འབའ་སྣང་གྲོལ། 

དོན་ངོ་མ་རང་ཉིད་ནི་དཔེ་ཀློག་གི་འཚོ་བ་ཧ་ལས་པ་འཇོན་པ་ཞིག་མིན་ཡང་། དཔེ་ཀློག་གི་དོན་སྙིང་ལ་གོ་བ་ཟབ་ཙམ་ལོན་ཞིང་།  དཔེ་ཀློག་ཐན་ཐུན་རེ་ནམ་ཡང་འཚོ་བའི་བྲེལ་གསེང་ཁྲོད་བསྐྱུར་མ་མྱོང་ཞེས་བཤད་ན་མི་ཆོག་པ་ཆེར་མེད།    དེ་བས།   དཔེ་ཆ་དང་དཔེ་ཀློག་ལ་དགའ་བའི་མི་ཞིག་གི་རིན་ཐང་ལྟ་བུའི་ངོས་ནས་བཤད་ན།   དཔེ་ཀློག་གིས་བསྐྱེད་པའི་དགའ་ཚོར་ནི་འཇིག་རྟེན་འདིར་སུ་དང་གང་གིས་ཀྱང་བསྐྱེད་ཐུབ་མེད་ལ།འདི་ལ་བརྟེན་ནས་མིའི་རིགས་ཀྱི་བློ་གྲོས་དང་ཤེས་རབ་ཀྱི་ཉིང་བཅུད་ཡོངས་སུ་ཉམས་སུ་མྱོང་ཐུབ་པ་དང་།     དཔེ་ཀློག་ཁོ་ན་ལས་གནའ་བོའི་དམ་པ་རྣམས་གདན་ཐོག་གཅིག་ནས་ཞལ་མཇལ་ཏེ། གཡོ་ཟོལ་དང་ཚུལ་འཆོས།  རེ་དོགས་སོགས་ཅི་ཡང་མེད་པར།  ཧ་ཅང་ཁོང་ཡངས་དང་ཞི་ལྷོད།  གུས་བརྩི་བླ་མེད་ཀྱིས་གླེང་མོལ་གནང་བ་དང་མཚུངས་ཤིང་། 

བྲག་སྒོམ་པས་གསུངས་པ་བཞིན།   གོ་མཐའི་ས་ལས་གོམ་གང་མ་བརྒལ་བར་འཇིག་རྟེན་ལྟད་མོ་མཐོང་བའི་ངོ་མཚར་མེ་ལོང་གི་འཕྲུལ་ཡང་འདིས་བྱེད་པ་ཡིན།   གླིང་ཕྲན་དང་ཤ་མདོག  སྐད་རིགས་མི་གཅིག་པའི་གནའ་དེང་གི་རླབས་ཆེ་བའི་སྐྱེས་བུ་རྣམས་ཀྱི་ཤེས་རབ་ཀྱི་ཀློང་དུ་རྒྱུ་བའང་དཔེ་ཀློག་ཁོ་ནས་ཡོང་བ་ཡིན།    རང་གི་མལ་ས་ནས་ཚེགས་མེད་པར་འཇིག་རྟེན་གནས་ལུགས་ཀྱི་མཐིལ་རྟོགས་པ་ལའང་མིའི་རིགས་ཀྱི་བློ་གྲོས་ཀྱི་ཉིང་ཁུ་གླེགས་བམ་དུ་བྱོན་པའི་དཔེ་ཀློག་གཅིག་པུ་ལ་དབང་བ་ཡིན།  བདེན་རྫུན་གོ་ལྡོག་ཏུ་བཀུར་བའི་དེང་གི་སྤྱི་ཚོགས་འདིར།  ལོག་ལམ་དུ་གོལ་བའི་རིན་ཐང་གི་འདུ་ཤེས་འོག  དཔེ་ཀློག་གིས་ཐ་ན་ཁྱིམ་ཚང་ཞིག་ཀྱང་སྐྱོབ་མི་ཐུབ་སྙམ་པ་འབྱུང་སྲིད་ཀྱང་།  དོན་ངོ་མ། དཔེ་ཀློག་གི་གོ་རྟོགས་ལ་བརྟེན་ནས་མི་རིགས་དང་རྒྱབ་ཁབ། ཐ་ན་མིའི་རིགས་ཀྱང་སྐྱོབ་ཐུབ་པར།  ཤེས་རབ་དང་ལྡན་པའི་འཛམ་གླིང་གི་སྐྱེ་བོ་རྣམས་མ་གྲོས་གཅིག་མཐུན་དུ་བཞེད་ཡོད།  

 དེས་ན།    ང་ཚོའི་དམ་པ་རྣམས་ཀྱི་དཔེ་ཀློག་གི་དགོས་སྙིང་མཐར་ཐུག་ཀྱང་དཔེ་ཀློག་ལ་བརྟེན་པའི་ཁོ་ཚོའི་ཐོས་བསམ་སྒོམ་གསུམ་གྱི་ཤེས་རབ་ཀྱི་ཟབ་ཚད་དང་འཚེ་བ་མེད་པའི་ལུས་ངག་ཡིད་གསུམ་གྱི་སྤྱོད་པས་ང་ཚོར་ཁ་གྲག་ཡོང་བ་ཡིན་ལ།   མི་ཚེ་གང་བོ་དཔེ་ཀློག་གི་བགྱི་བར་ཡོངས་སུ་བསྟིམས་པའི་བྱབ་ཆུང་མ་ཡིན་པའི་མིའི་རིགས་ལ་ཕན་པའི་ཤེས་རབ་ཀྱི་འོད་སྣང་ལ་ང་ཚོས་རྟག་ཏུ་གུས་འདུད་མི་ཞུ་རང་ཞུ་རུ་གྱུར་ཡོད།   དེ་ལྟར་སྔོན་གྱི་དམ་པ་དག་གིས་མི་ཚེ་ཕྲེང་རྒྱུད་དུ་བཙལ་བའི་ཤེས་རབ་ཀྱི་སྙིང་བོ་གླེགས་བམ་དུ་བསྐྱིལ་ནས་ཁོང་ཚོའི་ཤེས་རབ་ཀྱི་ཟེར་མ་རེ་རེ་ཕྱི་རབས་པར་ཕོག་པའི་ཐུགས་རེ་དྲག་ཏུ་གནང་ཡོད་པའང་ང་ཚོས་མཐོང་ཐུབ་སྟེ།  ཡབ་རྗེ་བླ་མས་ཀྱང་།  ཁོང་ལ་དངོས་སུ་འཇལ་མ་ཐུབ་པར་སྙམ་པའི་བློ་འགྱོད་དང་ལྡན་པ་ཞིག་བྱུང་ན།  ཁོང་གི་ལམ་སྔགས་གཉིས་ལ་མཇལ་ན། ཁོང་དངོས་སུ་མཇལ་བ་དང་ཁྱད་པར་མེད་པར་གསུངས་ཡོད། 

དེ་ལྟ་ནའང་། ང་ཚོ་ཕལ་མོ་ཆེ་དཔེ་ཀློག་གི་བྱ་བ་འདིར་གཏན་ནས་འཇུག་པར་མི་སྤྲོ། འདི་ནི་མནོག་ཆུང་། བེད་མེད།  འབྲེལ་མེད་ཅིག་ཏུ་ལྟ།  སྤྱིར་འདི་ནི་སྤྱི་ཚོགས་ཡོངས་བཀྲ་མི་ཤིས་པས་ཁྱབ་པ་ཞིག་ནི་ལོས་ཡིན་ཏེ།   དེ་བས་ཀྱང་བཀྲ་མི་ཤིས་པའི་མཚན་མ་ཉག་གཅིག་ནི་སློབ་གྲྭ་ཆུང་འབྲིང་གི་སློབ་རའི་ནང་དུ་ཡོད་པ་འདྲ་སྟེ།   ངས་རང་གི་རྫོང་མཁར་དུ་ཡོད་པའི་དཔེ་འཚོང་ཁང་དག་གི་བདག་པོ་རྣམས་ལ་རྒྱུན་དུ་ཁ་བརྡ་བྱེད་མྱོང་ཡོད།   ཁོ་ཚོ་ཁ་གཅིག་གྱུར་གྱིས་གྲག་པར།  ད་སྐབས་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་ཚོའི་ཁྲོད་ན་དཔེ་ཆ་ཉོ་མཁན་སྲིད་མཐའ་ཙམ་རེད་ཟེར།    ང་ལ་མཚོན་ན་ཧ་ཅང་རྒྱུན་ལྡན་མིན་པའི་སྐད་ཆ་དེས།   ང་ཚོའི་མ་འོངས་པའི་རེ་བ་ཡོད་ཚད་ས་ལ་རྒྱག་བཞིན་པའི་ཚོར་སྣང་ཞིག་བྱིན།   དེའི་མཚུངས་སུ།  རེ་རེ་བཞིན་དཔེ་ཆ་དང་དཔེ་ཀློག་ལ་ངོ་ལོག་ནས་ཕ་ཡུལ་དུ་ཐོན་བཞིན་པའི་དེང་གི་སློབ་ཆེན་པ་དག་གི་ཉམ་ཐག་པའི་ངོ་གདོང་དང་།  དེ་གསོ་སྐྱོང་གནང་མཁན་གྱི་དགེ་རྒན་ཚོ་དྲན་ཡོང་།  


༢༠༠༢༢ལོའི་སྤྱི་ཟླ་༡༡ཚེས་༩ཉིན་འབའ་སྣང་གྲོལ་གྱིས་སྤྱི་ཚོགས་ཀྱི་མཐོང་སྣེ་མང་བོ་ཞིག་གི་རྐྱེན་པས་དཔེ་ཀློག་གི་དོན་སྙིང་ལས་འཕྲོས་པའི་སེམས་ཁྲལ་ལྷག་མ་ཞིག་་མགྱོགས་སྟབས་ཀྱིས་ཡིག་རིས་སུ་སྡེབ་པའོ།། 


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 85wb བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23572023
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།