​ དཔེ་ཆ་ཀློག་པར་ཆེས་ཆེར་སྤྲོ་བའི་རྒྱལ་ཁབ་གཉིས།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 3 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» འབོལ་རྩོམ། » ​ དཔེ་ཆ་ཀློག་པར་ཆེས་ཆེར་སྤྲོ་བའི་རྒྱལ་ཁབ་གཉིས།
​ དཔེ་ཆ་ཀློག་པར་ཆེས་ཆེར་སྤྲོ་བའི་རྒྱལ་ཁབ་གཉིས།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2023-02-12ལྟ་ཀློག (2452)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

 

  དཔེ་ཆ་ཀློག་པར་ཆེས་ཆེར་སྤྲོ་བའི་རྒྱལ་ཁབ་གཉིས།

 

       ཨེ་ཟི་རེལ་དང་ཧང་གྷི་རི་ནི་འཛམ་གླིང་འདིར་དཔེ་ཀློག་ལ་ཆེས་སྤྲོ་བའི་རྒྱལ་ཁབ་གཉིས་རེད།

 ཨེ་ཟི་རེལ་ལ་མཚོན་ན་མི་རེས་ལོ་རེར་ཆ་སྙོམས་དཔེ་དེབ་༦༤རེ་ཀློག་པར་བྱེད་ལ་དེ་ལས་རྒྱལ་ཡོངས་མི་གྲངས་ཀྱི་༨༠%ཡན་ཟིན་པའི་ཡ་ཧུ་ད་པ་མི་རེས་ལོ་རེར་དཔེ་དེབ་༦༨ལྷག་ཀློག་པར་བྱེད། 

 ཡ་ཧུ་ད་པས་དམ་པའི་གསུང་རབཀྱི་སྟེང་དུ་སྦྲང་རྩི་བཀུས་ནས་ཕྲུ་གུ་དམར་འབྱར་ཚོར་ལྡག་ཏུ་བཅུག་པའི་མན་ངག་འདི་བརྒྱུད་དེ་ཕྲུ་གུའི་རྒྱུད་ལ་དཔེ་དེབ་ནི་ནམ་ཡང་སྦྲང་རྩི་ནང་བཞིན་མངར་མོ་ཞིག་ཡིན་པའི་རྨད་བྱུང་གི་བག་ཆགས་ཤིག་འཇོག་པར་བརྩོན།

   མ་ཟད་ཕྲུ་གུས་ཅུང་ཟད་བསམ་ཤེས་པའི་སྐབས་སུ་ཕལ་ཆེར་ཨ་མ་ཚང་མས་འདི་འདྲའི་དྲི་བ་ཞིག་འདོན་སྲིད། གལ་སྲིད་ཉིན་ཞིག་གློ་བུར་དུ་ཁྱིམ་ལ་མེ་ཤོར་བ་ཡིན་ན་ཁྱོད་ཀྱིས་ཐོག་དང་པོར་དངོས་པོ་གང་ཞིག་སྲུང་སྐྱོབ་བྱེད་སྲིདཅེས་འདྲི་ཞིང་། བྱིས་པས་ཕ་ལམ་དང་དངུལ་སྒོརཞེས་ལན་འདེབས་དུས་ཨ་མས་ཧ་ཅང་ནན་ཏན་གྱི་སྒོ་ནས། དེ་ཚོ་ཚང་མ་གཙོ་མི་ཆེ། དེ་བས་ཁྱོད་ཀྱིས་ཐོག་དང་པོར་སྐྱོབ་འོས་པ་ནི་དཔེ་དེབ་ཡིན། དཔེ་དེབ་ཀྱི་ཁྲོད་དུ་ཤེས་རབ་ཉར་ཡོད། ཤེས་རབ་ནི་དངུལ་སྒོར་དང་ཕ་ལམ་ལས་ཀྱང་རིན་ཐང་ལྷག་ཏུ་ཆེ། མ་ཟད་ཤེས་རབ་ནི་སུས་ཀྱང་འཕྲོག་མི་ནུས།ཞེས་བསླབ་བྱ་དང་གནད་ལུགས་འཆད་ངེས། 

    དེར་བརྟེན་ཡ་ཧུ་ད་པ་ནི་འཛམ་གླིང་སྟེང་ཡིག་རྨོངས་བ་གཏན་ནས་མེད་པའི་མི་རིགས་གཅིག་ཁོ་ན་དེ་ཡིན། ཟས་གོས་ལ་སེམས་ཁྲལ་མེད་པའི་མི་རྣམས་སྨྲོས་ཅི་འཚལ། ཐ་ན་ཡ་ཧུ་ད་པའི་སྤྲང་ཕྲུག་ཅིག་ཡིན་རུང་དཔེ་དེབ་དང་ཁ་བྲལ་གྱི་མེད། ཁོ་ཚོར་ཟས་གོས་ཀྱིས་ཇི་ཙམ་ཕངས་ཀྱང་ཉིན་ལྟར་ཀློག་དགོས་པའི་དཔེ་ཆ་དེ་ལུས་སྟེང་ནས་བྲལ་མ་མྱོང་། 

   ཨེ་ཟི་རེལ་གྱི་མི་རྣམས་རྒྱུན་གྱི་འཚོ་བར་གྲོན་ཆུང་དང་སྲི་ཚག་ཤེས་མཁན་ཞིག་ཡིན་ལ་མ་ཟད་ཨེ་ཟི་རེལ་དུ་དེབ་ཚགས་ཀྱི་རིན་གོང་ཡང་ཧ་ཅང་མཐོ། དཔེ་དེབ་རེར་ཨ་སྒོར་༢༠ཡན་ཆད་ཡིན་ཞིང་ཚགས་པར་རེར་ཨ་སྒོར་༦རེ་ཡན་ཆད་ཡིན། ཡིན་ཡང་ཨེ་ཟི་རེལ་གྱི་མི་རྣམས་དེབ་དང་ཚགས་པར་ཉོ་དུས་གཏོང་ཕོད་ཤིན་ཏུ་ཆེ། མ་གཞི་མི་གྲངས་ཁྲི་༥༠༠ཙམ་ལས་མེད་པའི་རྒྱལ་ཁབ་འདིར་དམིགས་བསལ་དུ་དཔེ་དེབ་གཡར་འཛིན་ཡོད་མཁན་ཁྲི་༡༠༠ལྷག་ཡོད་ཅིང་། འཛམ་གླིང་སྟེང་ཆ་སྙོམས་དཔེ་དེབ་ཆེས་མང་བའི་རྒྱལ་ཁབ་ཅིག་ཡིན། 

     “安息日the Sabbathསོས་དལ་ཉིན་མོནི་ཨེ་ཟི་རེལ་ཡ་ཧུ་ད་པའི་རྩ་ཆེ་བའི་ཆོས་ལུགས་བྱེད་སྒོའི་ཉིན་མོ་ཞིག་ཡིན། ཉིན་མོ་འདིར་ཡ་ཧུ་ད་པའི་མི་ཡོད་ཚད་ཀྱི་ཚོང་ལས་དང་རོལ་རྩེད་འགྲིམ་འགྲུལ་བྱེད་སྒོ་ཚང་མ་མཚམས་འཇོག་དགོས། ཚོང་ཁང་དང་ཟས་ཁང་རོལ་རྩེད་ཁང་སོགས་ཀྱང་སྒོ་བརྒྱབ་ཅིང་སྤྱི་སྤྱོད་རླངས་འཁོར་དང་ཐ་ན་མཁའ་འགྲུལ་ཀུང་སི་ཡང་ལས་མཚམས་བཞག་སྟེ་མི་རྣམས་ཀྱིས་ཁྱིམ་དུ་སོས་དལགསོལ་སྨོན་ལ་རོལ་དགོས། ཡིན་ཡང་རྒྱལ་ཡོངས་ཀྱི་དཔེ་མཛོད་ཁང་ཚང་མ་སྒོ་ཕྱེས་ནས་བྱ་བ་གཉེར་ཆོག་པས་མི་ཚད་ཉིན་མོ་འདིར་དཔེ་མཛོད་ཁང་དག་དུ་མི་ཧ་ཅང་མང་ལ་ཚང་མས་ཁ་ཁུ་སིམ་པོས་དཔེ་ཆ་ཀློག་བཞིན་མཆིས།

(མཆན། “安息日the Sabbathསོས་དལ་ཉིན་མོཡེ་ཤུ་བ་དག་གིས་དཀོན་མཆོག་ལ་རྗེས་དྲན་ཞུ་བའི་ཉིན་མོ་ཞིག གཟའ་འཁོར་རེའི་རེས་གཟའ་ལྔ་པའི་ཉི་ནུབ་ནས་དྲུག་པའི་ཉི་ནུབ་ཀྱི་བར)

  གཞན་ཡང་ཧང་གྷི་རིའི་རྒྱལ་ཁབ་ལ་མཚོན་ན་ས་ཁྱོན་དང་མི་གྲངས་གང་ཐད་ནས་ཀྲུང་གོའི་བརྒྱ་ཆ་གཅིག་ཀྱང་མེད་མོད། ཡིན་ཡང་དཔེ་མཛོད་ཁང་ཁྲི་གཉིས་ལྷག་ཡོད་ཅིང་ཆ་སྙོམས་མི་༥༠༠རེར་དཔེ་མཛོད་ཁང་རེ་ཐོབ་ཅིང་། མི་རེས་ཆ་སྙོམས་ལོ་རེར་དཔེ་དེབ་༢༠རེ་བླུ་བཞིན་ཡོད། 

 འདི་ལྟ་བུའི་དཔེ་ཀློག་དང་སློབ་སྦྱོང་ལ་འདུན་ཞིང་སྤྲོ་བའི་རྒྱལ་ཁབ་ཅིག་ལ་གཡུར་དུ་ཟ་བའི་འབྲས་བཟང་འབྱུང་བ་ནི་ཅི་སྨྲོས་ཏེ། ཨེ་ཟི་རེལ་ལ་སྤྱིར་མི་གྲངས་ཉུང་ཡང་ནོ་པེ་འར་བྱ་དགའ་ཐོབ་མཁན་༨བྱུང་ཡོད་པར་གྲགས།

   ཨེ་ཟི་རེལ་གྱི་ཁོར་ཡུག་ནི་ཕ་ལི་སི་ཐན་སོགས་དང་འདྲ་བར་ས་ཆ་མང་ཆེ་ཤོས་བྱེ་ཐང་ཡིན། ཕ་ལི་སི་ཐན་སོགས་ཨ་རབ་ཀྱི་རྒྱལ་ཁབ་དག་གིས་འབྲུ་རིགས་ཀྱིས་མི་འདང་བར་རྡོ་སྣུམ་དང་འབྲུ་རིགས་རྗེ་བར་བྱེད། ཡིན་ཡང་ཨེ་ཟི་རེལ་གྱིས་དེ་ལས་ལྡོག་ཏེ་རང་ཉིད་ཀྱི་ས་ཆ་ལྗང་མདོག་གི་ཡུལ་ཁམས་ཤིག་ཏུ་བསྒྱུར་ཅིང་། འབྲུ་རིགས་ཐོན་སྐྱེད་ཀྱིས་རང་རྒྱལ་གྱི་བཟའ་བྱ་འདངས་བ་མ་ཟད་རྒྱལ་ཁབ་གཞན་དུ་ཕྱིར་འཚོང་ཡང་བྱེད་ཀྱིན་ཡོད། ཁོ་ཚོས་འདི་ལྟར་རང་ཉིད་ཀྱི་རྣམ་དཔྱོད་དང་ཤེས་རབ་ལ་བརྟེན་ནས་མི་རྣམས་ཧང་སངས་བའི་འབྱོར་ཕྱུག་གི་འཚར་སྡུག་བསྐྲུན་པ་ཡིན། 

  དེ་བཞིན་ཧང་གྷི་རི་ལ་ཡང་ནོ་པེ་འར་བྱ་དགའ་ཐོབ་མཁན་༡༤བྱུང་ཡོད། རྒྱལ་ཡོངས་ཀྱི་མིའི་གྲངས་འབོར་དང་བསྡུར་ནས་བརྩིས་ན་ཧང་གྷི་རིར་ནོ་པེར་བྱ་དགའི་རྒྱལ་ཁབ་ཆེན་མོཞེས་འབོད་པའང་ངོ་གཏན་ནས་གནོང་མི་དགོས། མ་ཟད་ཁོ་ཚོས་གསར་གཏོད་བྱས་པའི་དངོས་པོ་ཡང་ཤིན་ཏུ་མང་། དཔེར་ན་མེ་ཐུར་དང་སྨྱུ་གུ་རྩེ་རིལ་སོགས་མཁོ་ཆས་ཙག་ཙིག་རིགས་དང་། གཞན་ཡང་ཁ་པར་མཐུད་ཆས། གློག་ཤེད་སྒྱུར་ཆས། རླངས་སྒྱུར་ཆས། བརྙན་འཕྲུལ་འཆར་ཤེལ་སོགས་རྩེར་སོན་ཐོན་རྫས་ཀྱང་གསར་སྐྲུན་བྱས་ཡོད།

 གོ་ཐོས་ལྟར་ན་དུས་རབས་གོང་མའི་ལོ་རབས་༨༠པ་ནི་ཧང་གྷི་རིའི་གསར་གཏོད་ཀྱི་བསྐལ་བཟང་ཞིག་ཡིན་ཏེ། ཁོ་ཚོས་ཆ་སྙོམས་ལོ་རེར་དངོས་རྫས་༤༠༠ལྷག་རེ་གསར་གཏོད་བྱས། ལྟོས་དང་། རྒྱལ་ཁབ་ཆུང་ཆུང་ཞིག་དེ་ལྟར་དཔེ་ཆ་ཀློག་པར་སྤྲོ་བའི་རྐྱེན་གྱིས་རང་ཉིད་ཀྱི་ཤེས་རབ་དང་སྟོབས་ཤུགས་རྙེད། ཤེས་རབ་དང་སྟོབས་ཤུགས་ལ་བརྟེན་ནས་འཛམ་གླིང་གི་མི་རྣམས་ཡིད་ཀྱི་སྨོན་པ་ཀུན་ནས་འཆོར་སའི་རྒྱལ་ཁབ་ཆེན་མོཞིག་ཏུ་གྱུར།

 མཁས་པ་ཞིག་གིས། མི་ཞིག་གི་བསམ་བློའི་འཚར་ལོང་གི་ལོ་རྒྱུས་ནི་མི་ཞིག་གི་དཔེ་ཀློག་གི་ལོ་རྒྱུས་ཡིན་འོས། དེ་བཞིན་མི་རིགས་ཤིག་གི་བསམ་བློའི་རྒྱ་ཁྱོན་ནི་མི་རིགས་དེའི་དཔེ་ཀློག་ཆུ་ཚད་ཀྱིས་བསྐྲུན་པ་ཡིན། རྒྱལ་ཁབ་སུ་ཞིག་གིས་དཔེ་ཆ་ལྟ་བ་དང་། དཔེ་ཆ་ཅི་ཞིག་ལྟ་བ་བཅས་ཀྱིས་རྒྱལ་ཁབ་དེའི་མ་འོངས་པ་ཐག་གཅོད་ངེས། དེས་ན་དཔེ་ཀློག་གིས་མི་ཚེ་སྒྱུར་ཞིང་། ཤེས་རབ་ཀྱིས་ལས་དབང་སྒྱུརཞེས་ཟེར་བ་ཡིན་ཞེས་གསུངས། 

  དེ་བས་དཔེ་ཀློག་གིས་མི་སྒེར་གྱི་ལས་དབང་ལ་ཤུགས་རྐྱེན་སྟེར་ཐུབ་པ་མ་ཟད་མི་རིགས་ཧྲིལ་པོ་དང་། སྤྱི་ཚོགས་ཧྲིལ་པོའི་ལས་དབང་ལ་བཀོད་སྒྲིག་བྱེད་ནུས། 

  དཔེ་ཀློག་ལ་མི་སྤྲོ་བའི་མི་རིགས་ནི་ཆེས་འཇིགས་རུང་གི་མི་རིགས་ཤིག་ཡིན་ལ། དཔེ་ཀློག་ལ་མི་དགའ་བའི་མི་རིགས་ནི་རེ་བ་མེད་པའི་མི་རིགས་ཤིག་ཡིན། 

  ______བསོད་སྟོབས་ཀྱིས་སྒྲིག་སྒྱུར་བྱས།


རྩོམ་ཁུངས།  གཟི་མིག་གསུམ་པའི་འཕྲིན་སྟེགས་ལས་བཤུས།  



སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། vsky བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23570971
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།