​མི་གཅིག་གིས༢༠༢༢ལ་རྫོགས་ཚིག་བཀོད་སྟངས།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 5 རེས་གཟའ་ཉི་མ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» ལྷུག་རྩོམ། »​མི་གཅིག་གིས༢༠༢༢ལ་རྫོགས་ཚིག་བཀོད་སྟངས།
​མི་གཅིག་གིས༢༠༢༢ལ་རྫོགས་ཚིག་བཀོད་སྟངས།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2022-12-31ལྟ་ཀློག (3815)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

མི་གཅིག་གིས༢༠༢༢ལ་རྫོགས་ཚིག་བཀོད་སྟངས།

བཟོ་བཅོས་པ།(མགོ་ལོག་དགའ་བདེ།) 
འདྲ་པར་འདི་ནི་གཏན་དུ་ཕྱིར་ལྡོག་མེད་པའི་རང་ལོ་ཉི་ཤུ་སྟེ་༢༠༢༢/༡/༢༢མཚན་མོ་༡༡:༠༥སྟེང་དུ་དཔར་བ་ཡིན། ལོ་འདིར་ཡབ་ཆེན་གྱིས་ཕྲན་ལ་སྒོར་ཁྲི་ལྷག་གིས་ཁ་པར་ཀུ་ཤུ་བཅུ་གསུམ་པ་ཉོ་བར་ཁས་བླངས་ཀྱང་། རང་གིས་མ་རྩ་དེ་ཁྱིམ་གྱི་དཔེ་སྒྲོམ་དེར་བརྗེ་སྤོར་བྱས་ཏེ་གཟོད་དཔེ་སྒམ་འདི་ལེགས་འགྲུབ་བྱུང་ཟིན་པས། པར་འདི་ང་ལ་མཚོན་ན་ཤིན་ཏུ་འགངས་ཆེན་ཞིག་ཡིན། གདམ་ག་དེ་ཐེངས་འདིའི་གདམ་ག་ཙམ་ཡིན་ན་ཡང་། འདིའི་རྒྱབ་ཤོག་ཏུ་ངས་མི་ཚེ་གཅིག་གི་གདམ་གསེས་ཀྱི་འགོ་བརྗོད་བྲིས་ཡོད། 
གང་ལྟར། ལོ་འཁོར་འདིའི་ནང་དུ་དོན་དག་འདིས་གཙོ་བྱས་ཏེ་དགའ་འོས་པའི་དོན་དག་རེ་ཟུང་འགྲུབ་ཡོད་དེ། གོང་ནས་བཤད་པའི་དཔེ་སྒྲོམ་དང་འབྲེལ་༼ ཧ་ཝར་ཊི་གཙུག་ལག་སློབ་ཆེན་གྱི་ཐོ་རེངས་དུས་ཚོད་བཞི་དང་ཕྱེད་ཀ༽ ་སོགས་ཀྱིས་མཚོན་དཔེ་ཆ་རིན་ཐང་ཅན་འགའ་ཞིག་བཀླགས་གྲུབ་པའི་སྐལ་བཟང་མངོན་དུ་ཤར་བ་དང་གཅིག
མོ་ལོ་ཞེ་ལྔར་བརྒལ་ཞིང་ཡིག་རྨོངས་ཀྱི་ནད་ཀྱིས་གདུང་བའི་དྲིན་ཆེན་གྱི་མ་ཡུམ་ལ་བོད་ཡིག་གི་རྨང་གཞི་བཏིང་ཞིང་། མི་འགྱང་བར་ཀློག་མཐར་སོན་པའི་དོན་བཟང་གི་རེ་བ་འགྲུབ་པ་དང་གཉིས། 
སྔོན་ཆད་སློབ་གྲྭར་འགྲོ་བའི་ལས་སྐལ་རབ་ཏུ་ཆད་ཀྱང་། ད་ལྟ་འབྲོག་མོ་གླེན་མ་ཞིག་གི་སྐྱེ་བ་ལེན་པའི་མོ་ལོ་བཅུ་དགུ་ཅན་གྱི་སྲིང་མོ་དབང་ཐང་སྐྱིད་ཀྱི་མི་ཚེ་ལ་བཟོ་བཅོས་གཏང་ཆེད་ཕལ་ཆེར་རང་ཁོ་ནས་ཨུ་ཚུགས་བྱས་བྱས་མཐར། ༢༠༢༣གྱི་ཟླ་གསུམ་པ་ནས་བཟུང་མོ་རང་སློབ་གྲྭར་འགྲོ་བར་གཏན་ཁེལ་བྱས་ཤིང་། རྙིང་རུལ་དུ་གྱུར་བའི་མོ་ཡི་ལས་དབང་དེ་རིག་གསར་གྱི་མེ་ལྕེས་ཐལ་བར་བསྲེགས་པའི་དོན་ཆེན་འགྲུབ་པ་དང་གསུམ་སོགས་དྲན་ན་སེམས་སུ་དྲོད་ཐིགས་འདྲ་ལྷུང་མོད། 
འོན་ཀྱང་། ཡིད་སྐྱོ་བའི་དོན་དག་འགའ་རེ་བཤད་ན་མགོ་བོ་ཡར་ལ་འགྱོག་མི་ཐུབ་པའི་དོན་དག་རེ་དང་འཕྲད་མྱོང་ཡོད་དེ། 
ཆུང་ནས་རིང་དུ་འདྲིས་པའི་ཨ་མ་ལྟ་བུའི་ཨ་ཕྱི་དྲིན་ཆེན་མས་ལོ་འདིར་ཚེ་ཡི་རྒྱུན་ཐག་ཆད་དེ་ཕྱི་མར་ཚེ་འཕོས་ཤིང་། ཁྱིམ་ཚང་འདིར་ཡུན་རིང་དུ་བྱུང་མ་མྱོང་བའི་མི་ཤི་རྟ་འགྱེལ་གྱི་ཟིན་ཐོ་བྲིས་ཏེ་ཁྱིམ་མི་ཚོར་ངུ་ན་བསྲན་མི་ཐུབ་པའི་མྱ་ངན་གྱི་གདུང་བ་སྟེར་བ་དང་གཅིག 
སྐྱེ་བ་འདིར་སུས་ཀྱང་ཚབ་མཚོན་མི་ནུས་པའི་འདང་བརྩེ་ཡི་ཁ་ཞགས་གསེར་ལྟར་ཆགས་པའི་ཚེ་གཅིག་གི་སྤུན་ཟླ་ཁེར་མ་འདིས། གློ་བུར་ལྟ་བུའི་གློ་བུར་མ་ཡིན་པའི་དུས་ཚོད་རེའི་ནང་དུ་གྲིབ་མ་དང་འདྲ་བའི་གཟུགས་མེད་ཀྱི་ཡོལ་བ་ཞིག་ངེད་གཉིས་ཀྱི་བར་དུ་འཐེན་ནས་ཁ་བརྡ་དང་འབྲེལ་འདྲིས་ཤིན་ཏུ་ཉུང་ཞིང་། ཐ་ན་ང་ལ་དུས་རྒྱུན་དུ་མ་ཤི་གསོན་བྲལ་ལྟ་བུའི་ཁེར་རྐྱང་གི་ཚོར་སྣང་སྤྲད་པ་དང་གཉིས། 
ཁྱོད་རང་ཡོད་ན་སུ་ཞིག་མེད་ན་ཆོག་སྟེ། སུ་ཞིག་ཡོད་ཀྱང་ཁྱོད་རང་མེད་ན་མི་ཆོག་པའི་རང་གི་ནང་སེམས་སུ་ཆེས་མཛེས་སྡུག་གིས་གྲུབ་པའི་མི་ཡུལ་གྱི་སྨན་མཆོག་ཁོ་ན་ལྟ་བུའི་བུ་མོ་དེས། རྒྱུ་རྐྱེན་གང་ཞིག་གི་ཆེད་དུ་ཚེ་ཐོག་འདིར་ང་དང་ཁྱིམ་གཅིག་གི་ཁྱོ་ཤུག་ཏུ་འདུག་པར་ཐ་ཚིག་གཉན་པོ་རེ་ཁས་བླངས་ཏེ་དམ་བཅས་ན་ཡང་། ཡང་རྒྱུ་རྐྱེན་གཞན་ཞིག་གི་སླད་དུ་ང་ལ་དགའ་བཞིན་དུ་ང་དང་གཏན་དུ་འབྲལ་འདོད་མེད་བཞིན་དུ་གྱེས་ཕྱག་གི་ལག་བརྡ་གཡུག་ནས་བརྩེ་དུང་ལ་རྫོགས་ཚིག་བཀོད་དེ་སྙིང་ཁུང་དུ་ཆུ་འཁྱག་བླུགས་པ་ལྟར་ང་རང་སྡུག་བསྔལ་གྱི་མཚོ་ནང་དུ་འཕངས་པ་དང་གསུམ། 
ཆུང་དུས་ནས་ལྷན་སྐྱེས་ཀྱི་དགའ་ཕྱོགས་ལྟར་རྩོམ་དེབ་ཅིག་བསྐྲུན་འདོད་ནས་ད་ལྟའི་བར་མི་ལོ་ལྔ་ལྷག་ཅིག་རྫོགས་ན་ཡང་། རེ་འབྲས་དོན་མེད་དུ་གྱུར་ཅིང་། ཐ་ན། ད་སྐབས་ཀྱི་རང་ཉིད་ལ་རང་ཉིད་གསོན་ཡོད་པའི་ཡང་སྙིང་དང་རིན་ཐང་ཞིག་འཇོག་དགོས་ཚེ། མགོ་ཐོག་གི་གནམ་བརྡིབས་སོང་བ་ལྟར་གང་ཞིག་ལ་ཧད་དེ་འདུག་དགོས་ཐུག་སོང་བའི་དོན་ངན་འདི་དག་བསམས་ན། ང་ནི་ད་ཆ་ས་སྒང་གོ་ལ་ཧྲིལ་པོ་འདིའི་ཐོག་གི་ཆེས་ཡི་མུག་ཅིང་ཉམ་ཐག་པའི་ལས་ངན་ཞིག་ཏུ་འདོད་དེ། ང་རང་སྐྱོ་མི་དགོས་ཤིང་། སེམས་ཁམས་ཅུང་ཙམ་རེ་ཡང་སྐྱིད་ཆོག་པའི་རྒྱུ་མཚན་དང་དོན་དག་གང་ཡང་ལྷག་མི་འདུག 
འདི་ལྟར་བསམ་བཞིན་དེ་ལྟར་དྲན་ན་མགོ་བསྒུར་ཏེ་ལྐོག་ངུ་རེ་བྱས་ན་སྐབས་ཐོབ་ཀྱི་ཚོར་བ་ལ་ཅུང་ཙམ་རེ་ཡང་ཕན་ཐོགས་མོད། འོན་ཀྱང་། འདིས་ཡུན་རིང་ལ་ཕན་ཐོགས་མི་སྲིད། མ་གཏོགས་ལོ་འཁོར་འདིར་གཞན་ལ་མ་མངོན་པའི་མིག་ཆུ་དེ་དག་གིས་ཀྱང་ཕན་ཆེ་ཞིག་ཐོགས་ན་ལོས་ཆོག་མོད། ད་ལྟ་ཅི་ཡང་ཐོགས་མི་འདུག ད་མདོར་ན་ལོ་ཟླ་འདི། འདི་ལྟར་མིག་ཆུ་རྡོག་འགའ་རེས་གྲུབ་པའི་སྐྱོ་གདུང་གི་ཡིག་ཚོགས་དག་གིས་མཇུག་རྫོགས་སུ་བཅུག་དགོས་ཐུག་སོང་བ་འདྲ། རེད། བདེ་མོ་བྱོས། རང་ལོ་ཉི་ཤུ་བདེ་མོ་བྱོས། གཏན་དུ་སླར་མཇལ་མི་ཐུབ་པའི་རང་ལོ་ཉི་ཤུ་བདེ་མོ་བྱོས། དེ་བཞིན་དུ་གཏན་དུ་སླར་ལྡོག་མི་ཐུབ་པའི་ཉིས་སྟོང་ཉེར་གཉིས་ཡང་བདེ་མོ་བྱོས། ད་བདེ་མོ།

༢༠༢༢/༡༢/༣༡ཉིན་བྲིས།

སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། yvn2 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
  ​མི་གཅིག་གིས༢༠༢༢ལ་རྫོགས་ཚིག་བཀོད་སྟངས།   སྤེལ་མཁན།: ཞྭ་ནག་པ། སྤེལ་དུས:2022/12/3
མུ་ནས་འབད་པར་འཚལ།
  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
23578134
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།