​པྲོག་གསར་གློ་ཚད་དྲག་སྐྱེད་བྱུང་རྗེས་མཉམ་འཇོག་བྱ་དགོས་པ་འགའ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 3 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» རྒྱལ་ཕྱི་ནང་གསར་འགྱུར། »​པྲོག་གསར་གློ་ཚད་དྲག་སྐྱེད་བྱུང་རྗེས་མཉམ་འཇོག་བྱ་དགོས་པ་འགའ།
​པྲོག་གསར་གློ་ཚད་དྲག་སྐྱེད་བྱུང་རྗེས་མཉམ་འཇོག་བྱ་དགོས་པ་འགའ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2022-12-21ལྟ་ཀློག (2101)རྩོམ་ཁུངས: མཚོ་སྔོན་བོད་སྐད་དྲྭ་ཚིགས།པར་འདེབ།

པྲོག་གསར་གློ་ཚད་དྲག་སྐྱེད་བྱུང་རྗེས་མཉམ་འཇོག་བྱ་དགོས་པ་འགའ།


 དྲི་བ། པྲོག་གསར་གློ་ཚད་དྲག་སྐྱེད་བྱུང་རྗེས་དུས་ཅི་ཙམ་ནས་སྒོ་ཕྱི་ལ་བསྐྱོད་ཆོག་པ་དང་ལས་རྐང་ལ་ཞུགས་ཆོག་པ་ཡིན།

དྲི་ལན། པྲོག་གསར་གློ་ཚད་འགོས་ནས་ཉིན་བདུན་འགོར་རྗེས། ནད་རྟགས་ཡང་མོ་ཅན་གྱི་ནད་པ་མང་ཆེ་བའི་ཉིར་སྐྱུར་བརྟག་འབྲས་སྲིབ་གཤིས་སུ་གྱུར་འགྲོ་ལ། ལུས་སྟེང་གི་ནད་དུག་འདུས་ཚད་ཀྱང་ཧ་ཅང་དམའ་བས་འགོས་མཆེད་བྱེད་པའི་ཉེན་ཁ་ཕལ་ཆེར་མེད། སྐབས་འདིར་ཁྱེད་ལ་མིད་པ་མི་བདེ་བ་དང་གློ་ལུ་བ་ལ་སོགས་པའི་ནད་རྟགས་གང་ཡང་མེད་ན། གཞི་ནས་དྲག་སྐྱེད་བྱུང་སྟེ་བདེ་ཐང་དུ་གྱུར་བ་མཚོན་པས་ལས་རྐང་ལ་ཕྱིར་ལོག་ཆོག་པ་ཡིན། གལ་ཏེ་ཉིང་སྐྱུར་བཤེར་འཇལ་བྱེད་སྟབས་མི་འགྲིག་ན། བསྟུད་མར་ཉིན་གསུམ་གྱི་འགོག་ཟུངས་བཤེར་འཇལ་མཇུག་འབྲས་སྲིབ་གཤིས་ཡིན་ན་འགོས་མཆེད་རང་བཞིན་ཕལ་ཆེར་མེད་པ་མཚོན་པས། སྐབས་འདིར་ཁྱེད་ཀྱི་ལུས་ཕུང་གི་གནས་ཚུལ་བཟང་ན་སྒོ་ཕྱི་ལ་བསྐྱོད་ཆོག་པ་ཡིན།

དྲི་བ། པྲོག་གསར་གློ་ཚད་དྲག་སྐྱེད་བྱུང་རྗེས་ལུས་ཕུང་སྦྱོང་བརྡར་གྱི་འགུལ་སྐྱོད་བྱས་ཆོག་གམ།

དྲི་ལན། པྲོག་གསར་གློ་ཚད་དྲག་སྐྱེད་བྱུང་མ་ཐག་པའི་སྐབས་དེར་མི་ཕལ་མོ་ཆེའི་ལུས་ཕུང་ད་དུང་རྒྱུན་ལྡན་དང་བདེ་ཐང་བྱུང་ཡག་མིན་པས་གཟའ་འཁོར་གཅིག་ནས་གཉིས་ཀྱི་རིང་ལ་ལུས་ཕུང་སྦྱོང་བརྡར་གྱི་འགུལ་སྐྱོད་དྲག་པོ་བྱེད་མི་རུང་བར་འོས་འཚམ་གྱི་འགུལ་སྐྱོད་ལྷོད་པོ་ཅན་དུས་ཡུན་ཐུང་ངུ་རེ་ལ་བྱས་ཆོག་ཅིང་། ཐང་ཆད་པར་གྱུར་ན་རེམ་པར་ངལ་གསོ་དགོས།

དྲི་བ། པྲོག་གསར་གློ་ཚད་དྲག་སྐྱེད་བྱུང་རྗེས་ཁ་ཐུམ་རྒྱག་དགོས་སམ།

དྲི་ལན། ཁ་ཐུམ་རྒྱག་པ་དང་། ལག་པ་བཀྲུ་བ། སྤྱི་ཚོགས་འབྲེལ་འདྲིས་ཀྱི་བར་ཐག་འཛིན་པ། སྒེའུ་ཁུང་ཕྱེ་ནས་རླུང་རྒྱུ་རུ་འཇུག་པ་སོགས་ཀྱི་རིམས་འགོག་གོམས་སྲོལ་ད་དུང་མུ་མཐུད་ནས་རྒྱུན་འཁྱོངས་བྱ་དགོས། གལ་ཏེ་སྒོ་ཕྱི་ལ་འགྲོ་ན་རང་ཉིད་ལ་འགོས་མཆེད་རང་བཞིན་མེད་པ་ངེས་པར་ཁག་ཐེག་བྱ་དགོས་ལ། མི་མང་འདུ་ས་དང་ཁང་བའི་ནང་སོགས་སྤྱི་བའི་གནས་ཡུལ་ནས་ཁ་ཐུམ་རྒྱག་དགོས་པར་མ་ཟད། གློ་ལུ་བ་དང་སྣ་སྦྲིད་རྒྱག་པའི་སྐབས་སུ་གུས་ལུགས་ལ་མཉམ་འཇོག་དགོས།

དྲི་བ། པྲོག་གསར་གློ་ཚད་དྲག་སྐྱེད་བྱུང་རྗེས་ཁྱིམ་ནང་ལ་དུག་སེལ་ཇི་ལྟར་བྱ།

དྲི་ལན། ཁྱིམ་ལ་དུག་སེལ་བྱེད་པའི་ཐབས་ཤེས་ཆེས་ཡག་ཤོས་ནི་སྒེའུ་ཁུང་ཕྱེ་ནས་རླུང་རྒྱུ་རུ་འཇུག་རྒྱུ་དེ་ཡིན་ཞིང་། ཉིན་རེ་ལ་ཐེངས་གཉིས་ནས་གསུམ་དང་། ཐེངས་རེ་ལ་ཆུ་ཚོད་ཕྱེད་ཀའི་ཡུན་དུ་སྒེའུ་ཁུང་ཕྱེ་ནས་འཇོག་རྒྱུ་གལ་ཆེ། ཆང་བཅུད་མེ་དང་འཕྲད་ན་འབར་གས་འབྱུང་བས་རླུང་གི་རྒྱུ་བ་མི་བཟང་བའི་ཁང་བའི་ནང་ལ་ཆང་བཅུད་མང་པོ་གཏོར་ནས་དུག་སེལ་བྱེད་པ་དེར་ཉེན་ཁ་ཆེ། སྤྱོད་ཁང་དང་ཇ་ཁང་སོགས་གནས་གཙོ་བོ་དག་ལ་ཁིལ་འདུས་དུག་སེལ་གཤེར་ཁུས་སྦང་བའི་རས་ཕྱགས་དང་ལག་ཕྱིས་ཀྱིས་བྱི་དོར་བྱས་རྗེས་ཆུ་ཚོད་ཕྱེད་ཀའི་རྗེས་ནས་ཆུ་གཙང་མས་སྦང་བའི་རས་ཕྱགས་དང་ལག་ཕྱིས་ཀྱིས་བྱི་དོར་བྱ་དགོས། ཁ་པར་དང་གློག་ཀླད་སོགས་ཅ་ལག་དང་དངོས་པོ་ཆུང་ངུའི་རིགས་ལ་ཆང་བཅུད་གཏོར་ནས་དུག་སེལ་བྱས་ཆོག་ལ། དཀར་ཡོལ་སྡེར་མ་སོགས་ཆུ་ཁོལ་ཚ་མོས་དུག་སེལ་བྱས་ན་བཟང་། གོན་པའི་རིགས་གཙང་མར་བཀྲུས་རྗེས་ཉི་མར་བསྐམས་པས་ཆོག་གོ

དྲི་བ། པྲོག་གསར་གློ་ཚད་དྲག་སྐྱེད་བྱུང་རྗེས་བསྐྱར་དུ་འགོ་སྲིད་དམ།

དྲི་ལན། ནད་དུག་ཨོ་སྨི་ཁི་རོན་འགོས་རྗེས་མིའི་ལུས་སྟེང་ལ་རང་ཤུགས་ཀྱིས་རིམས་འགོག་ནུས་པ་ཞིག་འགྲུབ་སྲིད་པ་དེ་ལ་སྲུང་སྐྱོབ་ཀྱི་ནུས་པ་ངེས་ཅན་ལྡན་པས་ཉུང་མཐའ་ཡང་ཟླ་གསུམ་ནས་དྲུག་གི་ནང་དུ་ཡང་བསྐྱར་འགོ་མི་སྲིད་པ་ཡིན། ཡིན་ན་ཡང་ཨོ་སྨི་ཁི་རོན་ནད་དུག་ལ་འགྱུར་ལྡོག་ཆེ་ཞིང་མིའི་ལུས་སྟེང་གི་རིམས་འགོག་ནུས་པ་ལ་གཡོལ་སྐྱེན་པའི་དབང་གིས་ནད་དུག་གི་ངོ་བོ་ལ་འགྱུར་ལྡོག་བྱུང་བ་ཡིན་ན། ཐེངས་གཉིས་པར་འགོ་སྲིད་པའི་ཉེན་ཁ་ཡོད། དེ་བས་ཁ་ཐུམ་རྒྱག་པ་དང་ལག་པ་བཀྲུ་བ། ཁང་བའི་ནང་ལ་རླུང་རྒྱུ་རུ་འཇུག་པ་སོགས་ཀྱི་རིམས་འགོག་གོམ་སྲོལ་བཟང་བོ་མུ་མཐུད་ནས་རྒྱུན་འཁྱོངས་བྱ་དགོས།

དྲི་བ། པྲོག་གསར་གློ་ཚད་དྲག་སྐྱེད་བྱུང་རྗེས་རིམས་འགོག་སྨན་ཁབ་རྒྱག་དགོས་སམ།

དྲི་ལན། པྲོག་གསར་གློ་ཚད་དྲག་སྐྱེད་བྱུང་ཟིན་ན་ཡང་ད་དུང་ཐེངས་གཉིས་པར་འགོ་སྲིད་པའི་ཉེན་ཁ་ཡོད་པའི་སྟབས་ཀྱིས་གཞུང་ལུགས་ཀྱི་ངོས་ནས་བཤད་ན་རིམས་འགོག་སྨན་ཁབ་རྒྱག་འོས་པ་ཡིན། ཡིན་ན་ཡང་། པྲོག་གསར་གློ་ཚད་ཀྱི་ནད་རྟགས་འབྱུང་བཞིན་པའི་ནད་པ་དང་དྲག་སྐྱེད་བྱུང་ཟིན་པ་དག་ལ་སྐབས་ཐོག་འདིར་ད་དུང་འགོག་སྨན་བརྒྱབ་ན་འོས་འཚམ་མིན་པས། དྲག་སྐྱེད་བྱུང་ནས་ཟླ་དྲུག་འགོར་བའི་རྗེས་སུ་སྨན་པའི་ངག་བཞིན་འགོག་ཁབ་རྒྱག་དགོས།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 96xc བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23573138
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།