ནུབ་བྱང་མི་རིགས་སློབ་ཆེན་གྱིས་ཚད་མ་རིག་པའི་རྟགས་གསལ་འགྲན་སྡུར་སྐབས་གཉིས་པ་སྤེལ་བ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 26 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» བོད་ཡུལ་གསར་འགྱུར། »ནུབ་བྱང་མི་རིགས་སློབ་ཆེན་གྱིས་ཚད་མ་རིག་པའི་རྟགས་གསལ་འགྲན་སྡུ
ནུབ་བྱང་མི་རིགས་སློབ་ཆེན་གྱིས་ཚད་མ་རིག་པའི་རྟགས་གསལ་འགྲན་སྡུར་སྐབས་གཉིས་པ་སྤེལ་བ།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས 2017-12-19ལྟ་ཀློག (5629)རྩོམ་ཁུངས: ནུབ་བྱང་བོད་རིག་གནས་སྐད་ཡིག་སློབ་གླིང་དྲ་བ།པར་འདེབ།

༄༅།།བོད་ཀྱི་སྐད་ཡིག་རིག་གནས་སློབ་གླིང་གིས་རྒྱལ་ཡོངས་མི་རིགས་སློབ་ཆེན་གྱི་ཚད་མ་རིག་པའི་རྟགས་གསལ་འགྲན་ཚོགས་སྐབས་གཉིས་པའི་སྟ་གོན་ཏེ། ནུབ་བྱང་མི་རིགས་སློབ་ཆེན་གྱིས་ཚད་མ་རིག་པའི་རྟགས་གསལ་འགྲན་སྡུར་སྐབས་གཉིས་པ་སྤེལ་བ།


༼གསར་འགོད་པ། བཀྲ་ཤིས་ཚེ་ཐར། རྡོ་རྗེ་འཚོ།༽

      སྤྱི་ལོ༢༠༡༧ལོའི་ཟླ༡༢པའི་ཚེས༡༩ཉིན།  བོད་ཀྱི་སྐད་ཡིག་རིག་གནས་སློབ་གླིང་དང་ཚད་མ་རིག་པའི་སློབ་དཔྱོད་ཁང་།ཚད་མ་རིག་པའི་མཐུན་ཚོགས་བཅས་ཀྱིས་གཙོ་སྒྲུབ་བྱས་པའི་རྒྱལ་ཡོངས་མི་རིགས་སློབ་ཆེན་གྱི་ཚད་མ་རིག་པའི་རྟགས་གསལ་འགྲན་ཚོགས་སྐབས་གཉིས་པའི་སྟ་གོན་ཏེ། ནུབ་བྱང་མི་རིགས་སློབ་ཆེན་གྱི་ཚད་མ་རིག་པའི་རྟགས་གསལ་འགྲན་སྡུར་སྐབས་གཉིས་པ་སློབ་ཁུལ་གསར་བའི་བདེན་སྙེག་ཐོག་ཁང་གི༢༠༡རུ་སྤེལ་བ། སློབ་གླིང་གི་ཚད་མ་རིག་པའི་སློབ་དཔྱོད་ཁང་གི་ཀྲུའུ་རིན། དགེ་རྒན་ཆེན་མོ་ཆུ་སྐྱེས་དགེ་འདུན་བསམ་གཏན་དང་། ལོ་ཙཱ་སློབ་དཔྱོད་ཁང་་གི་ཀྲུའུ་རིན་དགེ་རྒན་ཆེན་མོ་གཞོན་པ་སྒྲོལ་མ་ཚེ་རིང་། དགེ་རྒན་མཆོག་ལྡན་ཚེ་རིང་། དགེ་རྒན་མ་ཎི་དོན་གྲུབ། དགེ་རྒན་སྟག་བྷེ། འབུམ་རམས་པ་སྟག་འབུམ་རྒྱལ་བཅས་དགེ་རྒན་དང་ཞིབ་འཇུག་སློབ་མ་མི༩ཡིས་འགྲན་སྡུར་གྱི་དཔྱད་འདེམས་པའི་འགན་བཞེས་ལ། སློབ་གླིང་སོ་སོའི་སློབ་མ༤༠༠ལ་ཉེ་བ་ཟུར་ཞུགས་བྱས་ཡོད།

      ཐོག་མར་དགེ་རྒན་ཆེན་མོ་ཆུ་སྐྱེས་དགེ་འདུན་བསམ་གཏན་ལགས་ཀྱིས་རྟགས་གསལ་འགྲན་སྡུར་གྱི་བྱེད་སྒོ་སྤེལ་བའི་དོན་སྙིང་དང་དམིགས་ཡུལ།  གོ་རིམ་དང་ཆ་རྐྱེན་སོགས་གསལ་བཤད་གནང་རྗེས་འགྲན་སྡུར་གྱི་འགོ་བརྩམས།  ཐེངས་འདིའི་བྱེད་སྒོའི་འགྲན་སྡུར་རྣམ་པ་རིགས་གཉིས་སུ་ཕྱེ་ནས་སྤེལ་བ་སྟེ། གཅིག་ནི་ཚོ་ཆུང་བགར་ནས་ཐུན་མོང་གི་རྟགས་གསལ་འགྲན་སྡུར་བྱས་ལ།  ཚོ་ཆུང་སོ་སོ་རྒོལ་བ་སྔ་ཕྱི་གཉིས་སུ་ལངས་ཏེ་རྟགས་གསལ་འགྲན་སྡུར་བྱས་པ།  གཉིས་ནི་མི་སྒེར་གྱི་རྟགས་གསལ་འགྲན་སྡུར་ཏེ།  འགྲན་ཞུགས་པས་ཡུལ་དངོས་ནས་རྒྱན་བླངས་ནས་འགྲན་ཞུགས་ཀྱི་གོ་རིམ་གཏན་འཁེལ་བྱས་པ་དང་།  གོ་རིམ་བཞིན་གཙོ་གཞི་གཙོར་བཟུང་ནས་རྟགས་གསལ་འགྲན་སྡུར་བྱས་པ།   དུས་ཚོད་གཅིག་དང་ཕྱེད་ཀ་ལྷག་གི་འགྲན་སྡུར་བརྒྱུད།


     ཐེངས་འདིའི་ཚད་མ་རིག་པའི་རྟགས་གསལ་འགྲན་སྡུར་ཁྲོད་ཐུན་མོང་གི་གཟེངས་རྟགས་ཨང་དང་པོ་དང་གཉིས་པ་ཚོ་ཚུང་དང་པོ་དང་གཉིས་པར་ཐོབ་ལ། མི་སྒེར་གྱི་གཟེངས་རྟགས་ཨང་དང་པོ་སློབ་གྲོགས་འབྲུག་ལྷ་རྩེ་བརྒྱད་ཀྱིས་བླངས་པ་དང་།  ཨང་གཉིས་པ་སློབ་གྲོགས་བཙུན་ཐར་ཚེ་རིང་དང་ཆོས་མཚོ་རྒྱལ་གཉིས་ཀྱིས་བླངས། ཨང་གསུམ་པ་སློབ་གྲོགས་འཇིགས་བྱེད་སྐྱབས་དང་འཇམ་དབྱངས་དོན་གྲུབ།  བསོད་ནམས་སྐྱིད་ཀྱིས་བླངས་པ།  རྟིང་སྐུལ་གྱི་གཟེངས་རྟགས་སློབ་གྲོགས་བུན་ཁྲང་རྡོ་རྗེ་དང་ཁྲོ་རྒྱལ། ཀླུ་མོ་མཚོ། ཟླ་བ་དོན་གྲུབ་བཅས་ཀྱིས་བླངས། དེ་ནས་དགེ་རྒན་ཆེན་མོ་ཆུ་སྐྱེས་དགེ་འདུན་བསམ་གཏན་ལགས་ཀྱིས་ཐེངས་འདིའི་ཚད་མ་རིག་པའི་འགྲན་སྡུར་གྱི་བྱེད་སྒོར་མཇུག་སྡོམ་གནང་བ་དང་། དེ་རྗེས་དཔྱད་འདེམས་དགེ་རྒན་རྣམ་པས་འགྲན་སྡུར་ཁྲོད་གཟེངས་རྟགས་ཐོབ་པའི་ཐུན་མོང་དང་མི་སྒེར་ལ་བྱ་དགའ་གནང་བ་དང་ཆབས་གཅིག་བྱེད་སྒོ་ཡོངས་སུ་མཇུག་བསྡུས།

      ཐེངས་འདིའི་ཚད་མ་རིག་པའི་འགྲན་སྡུར་གྱི་བྱེད་སྒོས། མི་འགྱངས་པར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་ནས་འཚོག་འཆར་ཡོད་པའི་རྒྱལ་ཡོངས་མི་རིགས་སློབ་ཆེན་གྱི་ཚད་མ་རིགས་པའི་རྟགས་གསལ་འགྲན་ཚོགས་སྐབས་གཉིས་པར་སྔོན་འགྲོའི་མཐུན་རྐྱེན་ལེགས་པོ་ཞིག་བསྐྲུན་ལ།   སློབ་མའི་རིག་པ་སྦྱོང་བརྡར་དང་།  མི་རིགས་རང་གི་ཐུན་མོང་མ་ཡིན་པའི་རིག་གནས་ཀྱི་ཁྱད་ཆོས་མ་ཉམས་གོང་སྤེལ་ལ་སྐུལ་འདེད་ཀྱི་ནུས་པ་ངེས་ཅན་ཐོན་ནོ།།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 1xp4 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
  ནུབ་བྱང་མི་རིགས་སློབ་ཆེན་གྱིས་ཚད་མ་རིག་པའི་རྟགས་གསལ་འགྲན་སྡུར་སྐབས་གཉིས་པ་སྤེལ་བ།   སྤེལ་མཁན།: མཚོ་སྔོན་པོ། སྤེལ་དུས:2017/12/2
རྟགས་གསལ་འགྲན་བསྡུར་སྤེལ་བའི་བྱེད་སྒོ་དངོས་ཀྱི་དོན་སྙིང་ཡང་ཐུན་མོང་མ་ཡིན་པའི་བོད་ཀྱི་ཚད་མ་རིག་པའི་ཤེས་རིགས་ངང་ངམ་ཤུགས་ཀྱིས་ཉམས་པ་སོར་ཆུད་མ་ཉམས་གོང་སྤེལ་གཏོང་བའི་ཐབས་ལམ་ཉག་གཅིག་ཏུ་ཟད་དེ།ད་རེས་ནུབ་བྱང་མི་རིགས་སློབ་ཆེན་གྱིས་ཚད་མ་རིག་པའི་སྲོལ་རྒྱུན་གྱི་རྩོད་རྒྱགས་སྤེལ་བར་དགའ་མགུ་ཡི་རང་ཞུ་བའི་མོས་པའི་ཉིན་ཟེར་ཡིད་ཀྱི་ཡོལ་གོར་འཛུམ་ཞིང་བསྟོད་པའི་གྲུ་ཆར་ཟིམ་ཟིམ་དུ་འབབ་པས་རྟེན་འབྲེལ་ལེགས་པའི་སྔ་བལྟས་མཆོག་གོ།
  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
23531583
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།