སྤྲུལ་སྐུ་བཀྲ་ཤིས་མགོན་པོ་མཆོག་གིས་སློབ་གསོའི་བྱ་བར་རོགས་དངུལ་གནང་བ།
༢༠༡༧ ལོའི་སྤྱི་ཟླ་༡༢ པའི་ཚེས་༡༨ཉིན་ཁམས་སྡེ་དགེ་རྫ་ས་སྐྱ་དགོན་གྱི་བསྟན་བདག་སྤྲུལ་སྐུ་བཀྲ་ཤིས་མགོན་པོ་མཆོག་ངེད་སློབ་གླིང་དུ་ཕེངས་ཤིང་། ཁོང་གིས་ངེད་སློབ་གླིང་གི་སློབ་གསོའི་བྱ་བར་རོགས་དངུལ་དམངས་སྒོར་ཁྲི་བཅུ་ཕུལ་ཞིང་སློབ་གླིང་གི་ཕྱོགས་སོ་སོར་ལྟར་སྐོར་བྱས།
དགོང་མོར་ཁོང་ཡང་སློབ་གླིང་གི་༢༠༡༧ལོའི་གསེར་སྨྱུག་རྟགས་མའི་རྩོམ་རིག་འགྲན་སྤེལ་བའི་བྱ་འགུལ་སྟེང་ཕེབས་ཤིང་།
སློབ་དཔོན་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་གིས་མཆོག་སྤྲུལ་ཁོང་ཉིད་མཚམས་སྦྱོར་དང་འབྲེལ་ནས་བཀའ་དྲིན་ཞུ་རྟེན་ཕུལ་ཞིང་དགེ་སློབ་སྟོང་གིས་ཁོང་གི་ལྷག་བསམ་ལ་དགའ་གུས་ཡི་རང་གི་ཐལ་མོ་བར་མེད་བསྒྲགས་ཤིང་བཀའ་དྲིན་ཞུས།
སློབ་དཔོན་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་གིས་སྤྲུལ་སྐུ་ཉིད་མཚམས་སྦྱོར་དང་འབྲེལ་བཀའ་དྲིན་ཞུ་ཡིག་ཕུལ་བ།
མཆོག་སྤྲུལ་ཉིད་ཀྱིས་སློབ་གསོའི་རོགས་དངུལ་གྱི་སྒོར་རང་སློབ་གྲྭའི་སློབ་གཙོ་གཅོད་པ་ཚེ་རིང་ལ་ཕུལ་བ།
གསར་འགྱུར་མཁོ་སྤྲོད་པ། གསར་འགོད་པ། རྐང་ཚ་འཕྲིན་ལས།
|