ཞི་ཅིན་ཕིང་རྩེ་ཚོགས་ཐེངས17པ་སོགས་ལ་ཞུགས་པར་གྲུབ་འབྲས་གལ་ཆེན་ཐོབ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 26 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» རྒྱལ་ཕྱི་ནང་གསར་འགྱུར། »ཞི་ཅིན་ཕིང་རྩེ་ཚོགས་ཐེངས17པ་སོགས་ལ་ཞུགས་པར་གྲུབ་འབྲས་གལ་ཆེན་
ཞི་ཅིན་ཕིང་རྩེ་ཚོགས་ཐེངས17པ་སོགས་ལ་ཞུགས་པར་གྲུབ་འབྲས་གལ་ཆེན་ཐོབ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2022-11-24ལྟ་ཀློག (2133)རྩོམ་ཁུངས: ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།པར་འདེབ།

ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་མགོ་ཁྲིད་པའི་རྩེ་ཚོགས་ཐེངས་བཅུ་བདུན་པ་དང་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མགོ་ཁྲིད་པའི་དངོས་གཞི་མིན་པའི་གྲོས་ཚོགས་ཐེངས་ཉེར་དགུ་པར་ཞུགས་ནས་ཐའེ་གོར་འཚམས་འདྲི་མཛད་པར་གྲུབ་འབྲས་གལ་ཆེན་ཐོབ།

2022ལོའི་ཟླ11པའི་ཚེས14ནས་ཚེས19ཉིན་བར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཧིན་རྡུ་ཉི་ཞི་ཡའི་པཱ་ལིས་གླིང་ཕྲན་དུ། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་མགོ་ཁྲིད་པའི་རྩེ་ཚོགས་ཐེངས་བཅུ་བདུན་པར་ཞུགས་པ་དང་། ཐའེ་གོའི་རྒྱལ་ས་མན་ཀུའུ་ནས་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མགོ་ཁྲིད་པའི་དངོས་གཞི་མིན་པའི་གྲོས་ཚོགས་ཐེངས་ཉེར་དགུ་པར་ཞུགས་པར་མ་ཟད། ཐའེ་གོར་རྒྱལ་དོན་འཚམས་འདྲི་མཛད་པ་རེད། རྒྱལ་དོན་འཚམས་འདྲི་མཇུག་རྫོགས་པའི་སྐབས་སུ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་ཨུ་ཡོན་ཝང་དབྱི་ཡིས་ཁོ་ཚོ་དང་མཉམ་དུ་བསྐྱོད་པའི་གསར་འགོད་པར་ད་ཐེངས་ཀྱི་འཚམས་འདྲིའི་གནས་ཚུལ་ངོ་སྤྲོད་བྱས།

ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་ངང་བསྡུས་རྗེས། ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་གྱི་སྐྱོད་ལམ་གསར་པའི་སྟེང་དངོས་སུ་ཞུགས་པའི་སྐབས་འདིར།  ཀྲུའུ་ཞི་ཞི་ཅིན་ཕིང་འཛམ་གླིང་ཡོངས་ཀྱིས་དོ་སྣང་བྱེད་ཀྱིན་པའི་ཨེ་ཤ་ཡའི་ཤར་ལྷོའི་རྒྱུད་དུ་ཆས་མགོ་བརྩམས། ཁྱོན་བསྡོམས་ཉིན་དྲུག་དང་མཚན་མོ་ལྔའི་རིང་ལ། ཀྲུའུ་ཞི་ཞི་ཅིན་ཕིང་བྱེད་སྒོ་ཐེངས30ལྷག་ལ་ཞུགས་ནས། ཕྱོགས་མང་ཕྱི་འབྲེལ་ལ་ཇུས་འགོད་བྱས་པར་མ་ཟད། ཕྱོགས་གཉིས་ཀའི་འབྲེལ་བར་ཁྲིད་སྟོན་གང་ལེགས་བྱས་པ་དང་། རྒྱལ་ཁབ་ཆེན་པོའི་བར་གྱི་མཉམ་འགུལ་ཇེ་དྲག་ཏུ་བཏང་ལ། འཛམ་གླིང་ལྷོ་རྒྱུད་རྒྱལ་ཁབ་བར་གྱི་མཉམ་ལས་གཏིང་ཟབ་ཏུ་བཏང་བ་དང་། ཀྲུང་གོའི་བཅོས་སྐྱོང་ལ་འགྲེལ་བཤད་བརྒྱབ་ཡོད་ལ། འཛམ་གླིང་གི་དྲི་བ་ལའང་ལན་བཏབ་ཡོད་པར་མ་ཟད། གྲོས་གཞི་ཆེན་པོའི་འདོད་ཚུལ་བཏོན་ཡོད་ཅིང་། དངོས་གཉེར་གྱི་བྱེད་ཐབས་ཀྱང་ཁྱབ་བསྒྲགས་བྱས་པར་བརྟེན། ནང་དོན་ཕུན་སུམ་ཚོགས་ལ་ཤུགས་རྐྱེན་ཟབ་མོ་ཐེབས་ཡོད།
ཀྲུའུ་ཞི་ཞི་ཅིན་ཕིང་གིས་ད་ཐེངས་འཚམས་འདྲི་མཛད་པ་དེ་ནི་རྒྱལ་ནང་དང་རྒྱལ་སྤྱིའི་ཁྱོན་ཡོངས་གཉིས་ལ་སྤྱི་འདོམས་བྱེད་པའི་ཕྱི་འབྲེལ་གྱི་བསམ་སྦྱོར་གལ་ཆེན་ཞིག་ཡིན་ལ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཁྱད་པར་དུ་ཕྱི་འབྲེལ་དགོངས་པ་བདེ་བླག་ངང་ལག་ལེན་བྱས་པ་ཞིག་ཡིན་པ་དེའི་ངོས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་ཆེན་མོའི་ཕྱི་འབྲེལ་གྱི་རིན་ཐང་ལྟ་བ་དང་དམིགས་བསལ་ཁྱད་ཆོས་གཅིག་སྡུད་སྒོས་མཚོན་ཡོད། ད་ཐེངས་འཚམས་འདྲི་བྱས་པ་བརྒྱུད་གཞི་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་ཉིད་ཏང་ཆེན་མོ་དང་རྒྱལ་ཁབ་ཆེན་པོའི་གཙོ་འཛིན་ཞིག་ཡིན་པའི་ངོས་ཀྱི་ཕུལ་དུ་བྱུང་བའི་ཉམས་འགྱུར་དང་གནམ་འོག་གི་སྐྱིད་སྡུག་ཐུགས་ལ་ཉར་བའི་བརྩེ་སེམས་ཚོར་བར་བྱས་པ་ལས་གཞན། ཀྲུང་གོ་ནི་བློ་གཏད་ཆོག་པ་དང་གཅེས་སུ་འོས་པ། བརྩི་བཀུར་ཞུ་འོས་པ་ཞིག་ཡིན་པ་ཡང་བསྐྱར་བདེན་དཔང་བྱས།
ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐེངས་འདིའི་འཚམས་འདྲིའི་རིང་ལ། ཕྱོགས་མང་གྲོས་ཚོགས་ཀྱི་སྟེང་ནས་གསུང་བཤད་གལ་ཆེན་གནང་བ་དང་། རྒྱལ་ཁབ་སོ་སོའི་མགོ་ཁྲིད་པའི་བར་གྲོས་མོལ་གནང་བ་སོགས་ལ་བརྟེན་ནས། ཀྲུང་གོ་དང་འཛམ་གླིང་གི་མཉམ་ལས་གཉིས་ཕན་གྱི་གཏམ་རྒྱུད་བཤད་པ་དང་། ཀྲུང་གོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་སྒོ་འབྱེད་ཀྱི་མདུན་ལམ་ཡངས་པོ་མཆོག་ཏུ་འཛིན་པའི་བསམ་བློ་བསྟན་ལ། ཀྲུང་གོས་སྔར་སྲོལ་ནང་བཞིན་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཕྱི་ཕྱོགས་སྒོ་འབྱེད་མཉམ་ལས་གཏིང་ཟབ་ཏུ་གཏོང་བའི་བརྡ་ཆེན་པོ་བརྒྱུད་སྤྲོད་བཅས་བྱས།
ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་ཀྱིས་ཕྱོགས་སོ་སོས་ཀྲུང་གོ་གུང་ཁྲན་ཏང་གི་སྲིད་འཛིན་ཐབས་ཇུས་དང་ཀྲུང་གོའི་བགྲོད་ལམ་འདུ་ཤེས་ལ་ངོས་འཛིན་གཅིག་མཐུན་བྱེད་ཤུགས་ཆེ་རུ་བཏང་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་དང་མཇལ་འཕྲད་གནང་བའི་ཕྱི་རྒྱལ་གྱི་མགོ་ཁྲིད་པ་ཚང་མས་ཀྲུང་གུང་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་ངང་བསྡུས་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བསྟུད་མུར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའི་འགན་བཞེས་པར་རྟེན་འབྲེལ་ཞུས་པར་མ་ཟད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག་ཏུ། ཀྲུང་གོས་མ་འོངས་པར་མུ་མཐུད་དུ་དར་རྒྱས་བརྟན་ལྷིང་རྒྱུན་འཁྱོངས་བྱས་ནས་འཛམ་གླིང་ལ་བྱས་རྗེས་སྔར་ལས་ཆེན་པོ་འབུལ་ཐུབ་ངེས་ཡིན་པ་དང་། ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་ཉམས་མྱོང་བརྗེ་རེས་ལ་ཤུགས་སྣོན་པ་དང་། གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་འཛམ་གླིང་གི་ཞི་བདེ་འཕེལ་རྒྱས་དང་འཛམ་གླིང་གི་དཔལ་འབྱོར་དར་རྒྱས་ཡོང་རྒྱུར་མཉམ་དུ་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན།

ལོ་ཙཱ་བ། བན་དེ་སྐྱབས།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 41s7 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23533492
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།