ཏང་གི་ཚོགས་ཆེན་ཉི་ཤུ་བའི་དགོངས་དོན་བསྡུས་འགྲེལ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 25 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» རྒྱལ་ཕྱི་ནང་གསར་འགྱུར། »ཏང་གི་ཚོགས་ཆེན་ཉི་ཤུ་བའི་དགོངས་དོན་བསྡུས་འགྲེལ།
ཏང་གི་ཚོགས་ཆེན་ཉི་ཤུ་བའི་དགོངས་དོན་བསྡུས་འགྲེལ།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2022-11-23ལྟ་ཀློག (1948)རྩོམ་ཁུངས: མཚོ་སྔོན་བོད་སྐད་དྲྭ་ཚིགས།པར་འདེབ།

ཏང་གི་ཚོགས་ཆེན་ཉི་ཤུ་བའི་དགོངས་དོན་བསྡུས་འགྲེལ།

 

མཚོ་སྔོན་ཞིང་ཆེན་ཏང་ཨུ་སློབ་གྲྭའི་དགེ་རྒན་ཆེན་མོ་བསོད་ནམས་དབང་རྒྱལ། 

༼༡༽

ཏང་གི་ཚོགས་ཆེན་ཉི་ཤུ་བའི་དགོངས་དོན་སྒྲོག་འགྲེལ་བྱེད་དུས་མཉམ་འཇོག་བྱ་དགོས་པ་གཉིས།

 

གཅིག་ནི་ཚོགས་ཆེན་ཉི་ཤུ་བ་སྒྲོག་འགྲེལ་བྱ་དུས་ཚོགས་ཆེན་བཅུ་དགུ་བ་དང་བྲལ་ནས་ཚོགས་ཆེན་ཉི་ཤུ་བའི་སྙན་ཞུ་རྐྱང་རྐྱང་གླེང་བ་དེ་ནི་སྒྲོག་འགྲེལ་འཐུས་ཚང་ཅན་ཞིག་མིན་ཏེ། ཚོགས་ཆེན་ཉི་ཤུ་བའི་ཁ་ཕྱོགས་མང་ཤས་ནི་ཚོགས་ཆེན་བཅུ་དགུ་བའི་སྐབས་སུ་གཏན་འཁེལ་བྱས་ཚར་བ་ཞིག་ཡིན་པས། དེ་གཉིས་ཕན་ཚུན་གཅིག་ལ་གཅིག་བརྟེན་གྱི་འབྲེལ་བ་ཞིག་རེད། ཚོགས་ཆེན་བཅུ་དགུ་བའི་སྙན་ཞུ་དང་དགོངས་དོན་ལ་རྒྱུས་ལོན་མེད་པར་ཚོགས་ཆེན་ཉི་ཤུ་བ་གླེང་རྒྱུ་ནི་ཧ་ཅང་དཀའ་བའི་གནས་ཤིག་རེད། དེའི་རྒྱུ་མཚན་ནི་ཚོགས་ཆེན་ཉི་ཤུ་བའི་ལོ་རྒྱུས་འགན་འཁྲི་དང་། དུས་རབས་ཀྱི་གནས་བབ་ཞིབ་འཇུག མ་འོངས་བའི་ཁ་ཕྱོགས་སོགས་ཀྱི་ཁུངས་འདེད་ས་དང་གཞི་འཛིན་ས་ནི་ཚོགས་ཆེན་བཅུ་དགུ་བ་ཡིན། ཚོགས་ཆེན་ཉི་ཤུ་བའི་སྙན་ཞུ་ནི་བརྟན་བརླིང་རང་བཞིན་ཞིག་ཡིན་ཏེ། ལོ་རྒྱུས་དཀྱོགས་མཚམས་དང་། འཕེལ་རྒྱས། སྤྱི་ཚོགས་བདེ་འཇགས། དཔལ་འབྱོར་ཕྱོགས་སུ་སྔོན་མར་མེད་པའི་སྐད་ཆ་མང་པོ་བཤད་མེད། ཡང་འགའ་ཤས་ཀྱིས་ཚོགས་ཆེན་ཉི་ཤུ་བའི་སྙན་ཞུ་ནི་ཚོགས་ཆེན་བཅུ་དགུ་བ་དང་བསྡུར་ན་སྙན་ཞུ་འབུལ་བའི་དུས་ཡུན་ཐུང་བས། ཐེངས་འདིའི་སྙན་ཞུ་ནི་ཡིག་གྲངས་ཉུང་ཉུང་དང་ནང་དོན་ཉུང་ཉུང་ཞིག་རེད་བསམ་པའི་གོ་ལོག་ཐེབས་ཀྱིན་ཡོད། ཐེངས་འདིའི་ཚོགས་ཆེན་ཉི་ཤུ་བའི་སྙན་ཞུར་ཁྱད་ཆོས་ཞིག་ཡོད་པ་ནི། སྙན་ཞུའི་རྣམ་པ་གཉིས་ཡོད་དེ་རྣམ་པ་གཅིག་ནི་དྲ་ཐོག་ཏུ་ཁྱབ་པའི་སྐར་མ་བརྒྱ་དང་བཅུའི་རིང་གི་སྙན་ཞུའི་ནང་དོན་དེ་ཡིན་ལ། དེ་ལ་ཕལ་ཆེར་ཡིག་གྲངས་ཁྲི་གཅིག་དང་སྟོང་བཞི་ལྷག་ལས་མེད། རྣམ་པ་གཞན་ཞིག་ཡོད་པ་ནི་འཐུས་མིའི་ལག་ཏུ་ཐོན་པའི་ཡིག་གྲངས་ཁྲི་གསུམ་དང་སྟོང་གཉིས་དང་།  ཤོག་གྲངས་བདུན་བཅུ་དོན་གཉིས་ཅན་གྱི་སྙན་ཞུ་དེ་ཡིན། དེ་བས། ཏང་གི་ཚོགས་ཆེན་ཉི་ཤུ་བའི་དགོངས་དོན་སྒྲོག་འགྲེལ་བྱེད་དུས་གཅིག་ནས་ཚོགས་ཆེན་བཅུ་དགུ་བ་དང་ཁ་འབྲལ་མི་རུང་བ་དང་། གཉིས་ནས་ཡིག་གྲངས་ཁྲི་གསུམ་དང་སྟོང་གཉིས་ཀྱི་སྙན་ཞུ་འཐུས་ཚང་ཅན་སྒྲོག་འགྲེལ་བྱ་རྒྱུ་དེ་གལ་ཆེན་པོ་རེད་དོ།།

 

༼༢༽

ཚོགས་ཆེན་ཉི་ཤུ་བའི་བརྗོད་དོན་གཙོ་བོ།

ཚོགས་ཆེན་ཉི་ཤུ་བའི་བརྗོད་དོན་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེའི་དར་ཆ་མཐོན་པོར་བསྒྲེངས་བ་དང་། དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་རྒྱུན་འཁྱོངས། ཀྲུང་གོ་གུང་ཁྲན་ཏང་བཙུགས་པའི་སྙིང་སྟོབས་རྒྱུན་འཛིན། རང་རྟོན་རང་བརྩོན། བདེན་སྲུང་གསར་གཏོད། ངར་སེམས་ཆེར་བསྐྱེད། དཔའ་བསྐྱེད་མདུན་བསྐྱོད། རང་སྟོབས་རང་འཕེལ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་བསྐྲུན། ཕྱོགས་ཡོངས་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་མངོན་འགྱུར་ཡོང་བར་མཐུན་སྒྲིལ་དམ་ཟབ་དང་འབད་པ་ལྷོད་མེད་བྱ་དགོས་པ་དེ་རེད་དོ།།


༼༣༽

ཚོགས་ཆེན་ཉི་ཤུ་བའི་སྙན་ཞུ་ལས་གསར་དུ་བཏོན་པའི་ནང་དོན་གཉིས།

རྒྱལ་ཡོངས་ཀྱི་ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་བློ་མཐུན་རྣམས་ལ་དམིགས་ནས་བསམ་པའི་འཁྲིད་སྟོན་ཟེར་བ་བཏོན་ཡོད། དེ་ལས་དང་པོར་༼ངེས་པར་དུ་གསུམ༽ཞེས་པ་གསར་ཏུ་བཏོན་ཏེ། གཅིག་ནི་ཚོགས་ཆེན་བཅུ་དགུ་བའི་བརྗོད་སྙིང་སྟེ་ངེས་པར་དུ་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་བ། གཉིས་ནི་ངེས་པར་དུ་ཁེངས་སྐྱུང་གཟབ་ནན་དང་། དཀའ་ཁག་བསུ་དགོས་པ། གསུམ་ནི་ངེས་པར་དུ་འཐབ་རྩོད་བྱེད་ཕོད་པ། འཐབ་རྩོད་བྱེད་མཁས་པ་བཅས་ཡིན། འཐབ་རྩོད་བྱེད་པ་ནི་སུའི་ཆེད་དུ་འཐབ་རྩོད་བྱེད་པ་དང་། སུ་ལ་བརྟེན་ནས་འཐབ་རྩོད་བྱེད་པ། ཅི་ལྟར་འཐབ་རྩོད་བྱེད་པ་སོགས་ལ་ངོས་འཛིན་གསལ་བོ་ཡོད་དགོས། དེ་ནི་མི་དམངས་ཀྱི་ཆེད་དང་། མི་དམངས་ལ་བརྟེན་པ། ཐབས་དང་རིག་པས་འཐབ་རྩོད་བྱེད་དགོས་པ་ཤེས་དགོས་སོ། གཞན་དུ་༼ཟིང་འཇགས་དར་རྒུད་ཀྱི་ལོ་རྒྱུས་རེས་འཁོར་ཡུན་ཚད་ཀྱི་དྲིས་ལན་གཉིས་པ་རྙེད་ཡོད༽ཅེས་བཏོན་ཡོད་དེ། དྲིས་ལན་དང་པོ་ནི་བློ་མཐུན་མའོ་ཙེ་ཏུང་གིས་ཡན་ཨན་ནས་༼མི་དམངས་གིས་སྲིད་དབང་ལ་ལྟ་རྟོག་བྱེད་རྒྱུ༽ཡིན་ཞེས་བཏོན། དྲིས་ལན་གཉིས་པ་ནི་ཐེངས་འདིའི་ཚོགས་འདུར་དངོས་སུ་བཏོན་ཏེ། དེ་ནི་༼རང་ངོས་གསར་བརྗེ༽ཞེས་པ་དེ་ཡིན། ད་དུང་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་། འབྲུ་རིགས། ནུས་ཁུངས། ཐོན་ལས་མུ་ཕྲེང། འདུ་ཤེས་འཛིན་སྟངས་སོགས་ཀྱི་ཐད་ནས་གནད་དོན་གང་མང་བཏོན་ཡོད་དོ།།

 

༼༤༽

ཚོགས་ཆེན་ཉི་ཤུ་བའི་སྙན་ཞུ་ལས་རྒྱལ་ཁབ་བདེ་འཇགས་དང་འབྲེལ་བའི་ཕྱོགས་བཞི།

གཅིག་ནས་རྒྱལ་ཁབ་བདེ་འཇགས་མ་ལག་འཐུས་ཚང་དུ་གཏོང་དགོས། རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་སྐྱོང་མ་ལག འཐབ་ཇུས་མ་ལག སྲིད་ཇུས་མ་ལག ཉེན་སྲུང་སྔོན་བརྡའི་མ་ལག་སོགས་འཐུས་ཚང་དུ་གཏོང་དགོས། གཉིས་ནས་རྒྱལ་ཁབ་བདེ་འཇགས་སྲུང་སྐྱོབ་བྱེད་པའི་ནུས་པ་མཐོར་འདེགས་གཏོང་དགོས། སྲིད་དབང་བདེ་འཇགས། ལམ་ལུགས་བདེ་འཇགས། འདུ་ཤེས་འཛིན་སྟངས་ཀྱི་བདེ་འཇགས་སོགས་ལ་སྲུང་སྐྱོབ་བྱ་དགོས། གསུམ་ནས་སྤྱི་བའི་བདེ་འཇགས་བཅོས་སྐྱོང་ཆུ་ཚད་མཐོར་འདེགས་གཏོང་དགོས། སྔོན་འགོག་གཙོར་འཛིན་གྱིས་སྤྱི་བའི་བདེ་འཇགས་འཐུས་ཚང་དུ་གཏོང་དགོས། བཞི་ནི་སྤྱི་ཚོགས་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་དགོས། མཉམ་བསྐྲུན་མཉམ་སྐྱོང་མཉམ་སྤྱོད་ཀྱི་སྤྱི་ཚོགས་བཅོས་སྐྱོང་ལམ་ལུགས་འཐུས་ཚང་དུ་བཏང་ནས་མི་རེ་རེས་འགན་འཁུར་ལ། མི་རེ་རེས་འགན་བརྩི་བའི་སྤྱི་ཚོགས་བཅོས་སྐྱོང་མ་ལག་འཛུགས་དགོས་སོ།།

 

༼༥༽

ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་ཅི་འདྲ་ཞིག་ཡིན་པ་དང་། དེར་ངོས་འཛིན་ཅི་ལྟར་བྱེད་པའི་སྐོར།

ཀྲུང་གོ་གུང་ཁྲན་ཏང་གི་རྩ་བའི་འགན་འཁྲིའི་ནང་དུ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ཟེར་བ་ཞིག་ཡོད་ལ། སྔོན་ཆད་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་ཞེས་ཟེར། སྤྱིར་ཚོགས་ཆེན་ཉི་ཤུ་བའི་སྙན་ཞུ་དེ་དུམ་བུ་གསུམ་དང་འགྲེལ་བཤད་བཅོ་ལྔ་ལས་གྲུབ་ལ། བསྡོམས་པའི་ཡིག་གྲངས་ཁྲི་གསུམ་ལྷག་ཡོད། དེའི་ནང་དུ་བཤད་ཚུལ་གསར་བ་དང་བསམ་བློ་གསར་བ་མང་པོ་ཡོད་མོད། དེའི་ཁྲོད་ཀུན་གྱིས་དོ་སྣང་ཆེན་པོ་བྱ་བཞིན་པ་ནི་མ་འོངས་པའི་འཕེལ་རྒྱས་དང་འབྲེལ་བའི་གནད་འགག་གི་ཐ་སྙད་དེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ཟེར་བ་དེ་ཡིན་ལ། དེ་སྔོན་མཐོང་མ་མྱོང་ཞེས་བཤད་ཀྱིན་འདུག་མོད། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་བརྒྱ་ལོན་པའི་ཚོགས་ཆེན་སྟེང་དུ་ཞི་ཅིན་ཕིན་གྱིས་ང་ཚོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཕེལ་རྒྱས་ལམ་ཁར་ཤུགས་སྣོན་རྒྱག་དགོས་ཞེས་གསུངས་ཡོད་པ་དེ་ནས་ཐ་སྙད་དེ་ཐོག་མར་བྱུང་བ་ཡིན། ཏང་གི་ཚོགས་ཆེན་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་སྟེང་དུ་ང་ཚོས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་འཁྲིད་བྱེད་རྒྱུ་མངོན་འགྱུར་བྱེད་པའི་ལམ་བུ་གསར་བ་ཞིག་རྙེད་ཡོད་ཅེས་ཡང་བསྐྱར་གསལ་བསྒྲགས་བྱས། དེ་བས་ཐ་སྙད་འདི་ཚོགས་ཆེན་ཉི་ཤུ་བར་གསར་དུ་ཐོན་པ་ཞིག་མིན།  ང་ཚོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་དགོས་ན་ཀྲུང་གོའི་འཕེལ་རྒྱས་ཀྱི་གནས་བབ་དང་བསྟུན་པ། མི་དམངས་མང་ཚོགས་ཀྱི་འདོད་བློ་དང་བསྟུན་པ། རང་བདག་རང་སྐྱོང་ཐུབ་པའི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཕེལ་རྒྱས་ལ་བརྩོན་དགོས་ཞེས་གསུངས་ཡོད།

ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་ཁུངས་མེད་གློ་བུར་དུ་བྱུང་བ་ཞིག་མ་ཡིན་པར། དེར་བརྒྱུད་རིམ་དང་གཞུང་ལུགས་ངེས་ཅན་ཞིག་གི་འདེགས་སྐྱོར་ཡོད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དེར་རིམ་པ་གཉིས་སུ་དབྱེ་ནས་ངོས་འཛིན་བྱས་ན་འགྲེལ་བཤད་རྒྱག་སླ་སྟེ། གཅིག་ནི་མིའི་རིགས་ཀྱི་སྤྱི་ཚོགས་ལ་མཚོན་ན། དེང་རབས་ཅན་ནི་རྒྱལ་ཁབ་སོ་སོའི་འཚོ་གནས་དང་འབྲེལ་བའི་མ་འོངས་བའི་འཕེལ་རྒྱས་ཀྱི་ལྡོག་མེད་གདམ་གསེས་ཤིག་ཡིན་པས། དེ་ནི་ཡོངས་ཁྱབ་རང་བཞིན་དང་ཆོས་ཉིད་རང་བཞིན་གྱི་ཐ་སྙད་ཅིག་ཡིན་ལ། མ་རྩ་དང་དབང་ཆས་གྲུབ་པའི་ཐ་སྙད་ཅིག་ཀྱང་ཡིན། ད་དུང་རྒྱལ་སྤྱིའི་གར་སྟེགས་ནས་འབྲེལ་བ་དམ་ཟབ་དང་གོ་གནས་སྲ་བརྟན་དུ་འགྲོ་བའི་ཁ་ཕྱོགས་ཡང་ཡིན། གཉིས་སུ་ཀྲུང་གོའི་ལུགས་ཞེས་པ་སྟེ། སྤྱི་ཚོགས་འཕེལ་རྒྱས་ལ་མཚོན་ན་མིའི་རིགས་ཀྱི་འཕེལ་རྒྱས་ཀྱི་གནས་བབ་དང་བསྟུན་དགོས་པ་ནང་བཞིན། རྒྱལ་ཁབ་གང་དང་གང་ལ་མཚོན་ན་ཡང་རང་རྒྱལ་གྱི་འཕེལ་རྒྱས་གནས་བབ་ལ་བསྟུན་མཁས་དང་། རྒྱལ་ཁབ་གཞན་གྱི་སྔོན་ཐོན་ཉམས་མྱོང་བསྡུ་ལེན། དེང་རབས་ཅན་གྱི་གཞུང་ལུགས་ལ་སློབ་སྦྱོང་བྱས་ཏེ་ཀྲུང་གོ་རང་གི་རིག་གནས་དང་འཕེལ་རྒྱས་ཀྱི་གནས་བབ་དང་མཐུན་པའི་དེང་རབས་ཅན་གྱི་ལམ་བུ་ཞིག་འཚོལ་སྙེག་བྱ་དགོས་པ་ཡིན་ནོ།།

 

༼༦༽

ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་པའི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་ནི་རྒྱལ་སྤྱིའི་དེང་རབས་ཅན་དང་ཀྲུང་གོའི་འཕེལ་རྒྱས་ལ་བསྟུན་པའི་ཁྱད་ཆོས་ལྔ་ལྡན་གྱི་དེང་རབས་ཅན་ཞིག་ཡིན་པ་ཅི་ལྟར་འགྲེལ།

གཅིག་ནི་མི་འབོར་གྱི་གཞི་ཁྱོན་ཧ་ཅང་ཆེ་བའི་དེང་རབས་ཅན་ཡིན། ཀྲུང་གོའི་མི་གྲངས་ཀྱིས་འཛམ་གླིང་སྤྱིའི་མི་འབོར་གྱི་21%ཡས་མས་ཟིན་ཡོད་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་འཛམ་གླིང་སྤྱིའི་དེང་རབས་ཅན་གྱི་ལས་དབང་ལ་ཤན་ཤུགས་ཆེན་པོ་ཐེབས་ཐུབ་པས། དེ་ལ་མི་འབོར་གྱི་གཞི་ཁྱོན་ཧ་ཅང་ཆེ་བའི་དེང་རབས་ཅན་ཟེར། གཉིས་ནི་རྒྱལ་ཡོངས་ཀྱི་མི་དམངས་མང་ཚོགས་མཉམ་དུ་ཕྱུག་པོར་བསྐྱོད་པའི་དེང་རབས་ཅན། མཉམ་དུ་ཕྱུག་པོར་ཆགས་རྒྱུ་ནི་ཏིང་ཞའོ་ཕིང་གིས་ཆེས་ཐོག་མར་བཏོན་པ་ཡིན་ལ། དེ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྩ་བའི་ཁྱད་ཆོས་ཡིན་ལ་ལོ་རྒྱུས་ཀྱི་རྒྱུན་རིང་པོ་ཡོད། སྤྱི་ཚོགས་ཀྱི་དྲང་བདེན་ལ་ཤུགས་སྣོན་སྒོས་སྤྱི་ཚོགས་མཐའ་གཉིས་སུ་ལྷུང་བར་བཀག་འགོག་ནུས་ལྡན་བྱས་ཏེ། མཉམ་དུ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྩོན་རྒྱུ་ཞེས་སྙན་ཞུའི་ཁྲོད་བཀོད་ཡོད། གསུམ་ནི་དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་ཕན་ཚུན་མཐུན་སྦྱོར་བྱེད་པའི་དེང་རབས་ཅན། སྤྱི་ཚོགས་རིང་ལུགས་ནི་དངོས་པོའི་དཔལ་ཡོན་ལ་བརྩི་མཐོང་དང་བསམ་པའི་དཔལ་ཡོན་སྣང་མེད་དུ་འཇོག་པ་ཞིག་མ་ཡིན་པར། སློབ་གསོ་དང་འཚོ་བའི་ཆ་རྐྱེན་སོགས་ཕྱོགས་གང་ཐད་ནས་ལེགས་བསྒྱུར་དང་དངོས་པོའི་འཚོ་བ་ཕུན་སུམ་ཚོགས་པོར་བཟོས་ཏེ་སྤྱི་ཚོགས་ཡོངས་ཀྱི་འཕེལ་རྒྱས་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ཡིན། བཞི་ནི་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་བྱེད་པའི་དེང་རབས་ཅན། མི་དང་རང་བྱུང་ཁམས་ནི་ཚེ་སྲོག་གཅིག་མཐུན་གྱི་ཕུང་བོ་ཡིན་ལ། རང་བྱུང་ཁམས་ལ་བརྩི་བཀུར་དང་སྲུང་སྐྱོབ་སྒོས་དེ་གཉིས་བར་གྱི་འབྲེལ་བ་ལེགས་པོར་ཆགས་རྒྱུ་ནི་སྤྱི་ཚོགས་འཕེལ་རྒྱས་ཀྱི་རྟེན་གཞི་ཡིན་ལ། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ལ་ཤུགས་སྣོན་ཡང་རྒྱག་དགོས། ལྔ་ནི་ཞི་བདེ་གོང་འཕེལ་གྱི་བགྲོད་ལམ་དུ་བསྐྱོད་པའི་དེང་རབས་ཅན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་ནམ་ཡང་ལོ་རྒྱུས་བདེན་དོན་དང་རིག་གནས་ཤེས་དཔལ་གྱི་ཕྱོགས་ནས་ལངས་སྲིད་པའི་བཙན་འཛུལ་དང་འཐབ་འཛིང་མ་ཡིན་པའི་དེང་རབས་ཅན་ཞིག་ཡིན་ནོ།།

 

༼༧༽

བོད་འབྲེལ་ས་ཁུལ་ལམ་རོང་འབྲོག་མང་ཚོགས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལམ་ཁར་ཅི་ལྟར་ཁ་ཕྱོགས་དགོས་པའི་སྐོར།

གཅིག་ནས་མི་གྲངས་གནད་དོན་ལ་དོ་སྣང་བྱེད་དགོས་ཏེ། མི་གྲངས་རྒན་རྒོན་ཅན་ཏུ་འགྱུར་བའམ་གྲོང་ཚོ་ཁོག་སྟོང་ཅན་ཏུ་གྱུར་ནས་ལས་གཏོད་ལ་ཤུགས་རྐྱེན་ཐེབས་ཀྱིན་ཡོད་པ་དེར་མཐོང་ཆེན་བྱས་ཏེ་ཕ་ཡུལ་འཛུགས་བསྐྲུན་ལ་འབད་འབུངས་བྱེད་དགོས། གཉིས་སུ་ཐུན་མོང་ཕྱུག་འགྱུར་ཡོང་བར་བྱེད་དགོས། ཁེ་ལས་པ་དང་། སློབ་ཆེན་པ། དགོན་པའི་ཐོན་ལས་ནང་དུ་མང་ཚོགས་ཟབ་ཞུགས་བྱས་ཏེ་བསམ་པའི་འདུ་ཤེས་མཐོར་འདེགས་གཏོང་བ། ཤེས་ལྡན་པ་གསོ་སྐྱོང་བྱེད་པའི་ཐད་ལ་ཤུགས་སྣོན་བྱེད་རྒྱུ་དེ་གལ་ཆེན་པོ་རེད། གསུམ་ནས་དྲ་རྒྱའི་ལེགས་ཆ་བེད་སྤྱོད་གང་ལེགས་བྱས་ཏེ་རང་སའི་ཐོན་ཁུངས་ཕྱི་ཕྱོགས་སུ་འོས་སྦྱོར་བྱེད་དགོས། བཞི་ནས་མི་དང་རང་བྱུང་ཁམས་བར་གྱི་འབྲེལ་བ་སྙོམ་སྒྲིག་བྱས་ཏེ། ཐོན་ཁུངས་སྲུང་སྐྱོབ་བྱེད་པའི་ཞོར་དུ་བེད་སྤྱོད་གང་ལེགས་བྱེད་དགོས། ལྷག་པར་ཏུ་གད་སྙིགས་བདག་དམ་ལ་ཤུགས་སྣོན་ཆེན་པོ་བྱེད་པ་དང་། མི་སོ་སོའི་ནང་སེམས་ཀྱི་ཀུན་སློང་གཙང་མ་བྱེད་དགོས། ལྔ་ནས་སྡེ་བའི་འགོ་ཁྲིད་དང་མང་ཚོགས་ཀྱིས་ཕན་ཚུན་བསམ་ཤེས་ངང་སྲིད་ཇུས་བཟང་བོའི་གོ་སྐབས་མ་འཆོར་བར་བྱེད་རྒྱུ་དེ་དག་ལྔ་བོ་ནི་ཤིན་ཏུ་གལ་ཆེན་རེད་དོ།།

ཡོངས་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།

ཡིག་འགོད་པ། ཕུགས་སྟོན་བློ་འདྲི།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 52t8 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23527330
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།