རྒྱའི་གནའ་མིའི་བསླབ་བྱ་འགའ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 20 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» བསྒྱུར་རྩོམ། » རྒྱའི་གནའ་མིའི་བསླབ་བྱ་འགའ།
རྒྱའི་གནའ་མིའི་བསླབ་བྱ་འགའ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2017-12-09ལྟ་ཀློག (5021)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


 རྒྱའི་གནའ་མིའི་བསླབ་བྱ་འགའ།

古人留给我们的圣训

求人须求大丈夫 ,
济人须济急时无 。
渴时一滴如甘露 ,
醉后添杯不如无 。

གྲོགས་བཅོལ་འདོད་ན་ཕོ་རབ་ཉིད་ལ་ཆོལ།།

སྐྱོབ་པར་འདོད་ན་ཉམ་ཐག་བསྐྱབ་འོས་སྐྱོབས།།

སྐོམ་ཚེ་ཆུ་ཐིགས་ཙམ་ཡང་བདུད་རྩིར་སྣང་།།

ཆང་གིས་བཟི་རྗེས་བསྐུལ་ལས་མ་བསྐུལ་བཟང་།།

解释:
请求人帮助就去求真正的男子汉,救济别人就救济那些急需救济的人。口渴的时候一滴水也如同甘露一般甜美,喝醉酒后再添杯还不如不添。
ཚིག་དོན་དཀྲོལ་བ།
     ཚིགས་བཅད་གཉིས་པོ་འདིས། རང་ལ་གཞན་གྱི་རོགས་རམ་དང་གྲོགས་བྱེད་དགོས་པའི་བྱ་བ་རེ་བྱུང་སྟེ་དོན་དག་བཅོལ་དགོས་པ་བྱུང་ན། ཁ་དོན་ཚིག་ལ་གནས་པའི་སྐྱེས་ཕོ་རབ་རྣམས་ལ་ཆོལ་དང་བཟང་། རང་གིས་གཞན་སྐྱོབ་པའམ་རོགས་རམ་བྱེད་འདོད་ན། ངེས་པར་སྐྱོབ་དགོས་པའི་ཉམ་ཐག་བསྐྱབ་འོས་པ་རྣམས་སྐྱོབས་དང་བཟང་། རྒྱུ་མཚན་ནི། སྐོམ་པས་གདུང་བའི་དུས་སུ་ཆུ་ཐིགས་ཙམ་སྦྱིན་པ་བཏང་ན་ཡང་བདུད་རྩི་ཞིམ་པོ་ཞིག་བཏུང་དུ་བཅུག་པའི་སྣང་བ་སྐྱེས་ལ། ཆང་འཐུང་དྲག་པས་བཟི་སྟེ་ར་རོ་བར་གྱུར་བ་ན། ད་དུང་ཆང་ཕོར་གང་ཙམ་བཞེས་རོགས་ཞེས་བཙན་གྱིས་བསྐུལ་བ་ལས་མ་བསྐུལ་བ་བཟང་ངོ་ཞེས་རང་ཅག་ལ་བྱ་བ་ཅི་ཞིག་བསྒྲུབ་ཀྱང་གནས་ཚུལ་དང་བསྟུན་ནས་བསྒྲུབ་དགོས་ཞེས་གདམས་པ་ཡིན་ནོ།།
积金千两, 不如多买经书 。
人不通古今 ,马牛而襟裾 。

གསེར་སྲང་སྟོང་ཕྲག་གསོག་པ་ལས།།

དཔེ་ཆ་མང་ཙམ་ཉོས་ན་བཟང་།།

གནའ་དེང་གནས་ཚུལ་མི་ཤེས་ན།།

རྟ་གླང་གོས་ཀྱིས་གཡོགས་དང་མཚུངས།།

解释:
积蓄千两黄金,不如多买书籍。一个人不能博古通今,就如同牛马穿上衣服没有什么区别。
ཚིག་དོན་དཀྲོལ་བ།
    ཚིག་རྐང་སྔ་མ་གཉིས་ཀྱིས་ནི། གསེར་དངུལ་གཡུ་བྱུར་སོགས་རྒྱུ་ནོམ་པ་མང་དུ་གསོག་པ་ལས་ལེགས་ཉེས་སྟོན་པའི་དཔེ་ཆ་མང་ཙམ་ཉོས་དང་དེས་བཟང་ཞེས་གདམས་ནས། ཚིག་རྐང་ཕྱི་མ་གཉིས་ཀྱིས་དེའི་རྒྱུ་མཚན་བསྟན་ཏེ། གལ་ཏེ་གནའ་དེང་གི་ལོ་རྒྱུས་དང་བཟང་ངན་གྱི་དབྱེ་བ་གང་ཡང་མ་བསླབས་ཤིང་མི་ཤེས་ན། རྟ་དང་བ་ལང་ལ་སོགས་པ་མིའི་གྱོན་ཆས་སུ་གྱུར་བའི་གོས་ཀྱིས་བཏུམས་ནས་བཞག་པ་དང་ཁྱད་པར་ཆེན་པོ་མེད་ཅེས་བཤད་པས་སོ།།
磨刀恨不利, 刀利伤人指 。
求财恨不多, 财多害人子 。
知足常足, 终身不辱。
知止常止, 终身不耻 。

ཅི་ཙམ་བརྡར་ཡང་གྲི་འདི་མི་རྣོ་སྙམ།།

རྣོ་དབལ་ཆེ་ན་འཛུམ་མོ་སྣད་ཉེན་ཡོད།།

ཅི་ཙམ་བསགས་ཀྱང་ནོར་འདི་ཉུང་སོང་སྙམ།།

རྒྱུ་ནོར་མང་བོས་བུ་བརྒྱུད་བརླག་ཀྱང་སྲིད།།

རྟག་ཏུ་འདོད་ཆུང་ཆོག་ཤེས་པས།།

ཚེ་གང་བརྙས་བཅོས་མྱོང་མི་འགྱུར།།

རྟག་ཏུ་རང་ཚོད་རན་པར་ཟིན།།

ཚེ་གང་ངོ་ཚས་གཙེ་མི་འགྱུར།།

解释:
磨刀都嫌磨得不够锋利,但刀过于锋利则易伤人手指。追求钱财总嫌不够多,但钱财太多反而会害了自己的子女。明白知足常乐的道理就会经常感到满足,懂得任何事物都有止境就应适可而止,能做到这样一生都不会遭受耻辱。
ཚིག་དོན་དཀྲོལ་བ།
  ཚིགས་བཅད་གཉིས་པོ་འདིས། མི་ལ་ལས་གྲི་ཇི་ཙམ་བརྡར་ཡང་ད་དུང་རྣོ་དབལ་དེ་ཙམ་ཕྱིན་མི་འདུག་སྙམ་ནས་ཡིད་མ་ཚིམ་པར་ཡོད་ཀྱང་། གྲི་ཧ་ཅང་རྣོ་ཆེ་ན་རང་གི་ལག་པའི་མཛུབ་མོ་སྣད་པར་འགྱུར་བའི་ཉེན་ཁ་ཡོད། དེ་བཞིན་དུ་རང་ཅག་མི་ཕལ་མོ་ཆེས་ནོར་ཇི་ཙམ་གསགས་ཀྱང་ད་དུང་ནོར་ཉུང་ཆེ་སོང་སྙམ་དུ་བསམ་ཡོད་མོད། འོན་ཀྱང་ནོར་མང་དྲགས་ཤིང་བེད་སྤྱོད་ལེགས་པར་བྱེད་མ་ཤེས་ན་རང་གི་བུ་རབས་ཚ་བརྒྱུད་ལ་གནོད་ཅིང་དེ་དག་བརླག་པར་འགྱུར་བའང་སྲིད་ཅེས་བསླབ་བྱ་བྱས་ཤིང་།  རྟག་ཏུ་འདོད་ཆུང་ཆོག་ཤེས་དང་ཧམ་པ་ལ་ཚོད་ཟིན་ཅིང་། ནམ་ཡིན་ཡང་རང་ཚོད་རང་གིས་ཟིན་ན་བརྙས་བཅོས་དང་ངོ་ཚ་མང་བོ་ཞིག་གི་སྒོ་འགོག་ཐུབ་པོ་ཞེས་གདམས་པ་ཡིན་ནོ།།
  ཞེས་པ་ནི་བཛྲ་ཚུལ་ཁྲིམས་རྒྱ་མཚོས་རྒྱ་ཡིག་ནས་བསྒྱུར་བའོ།།
——班字尔慈智加措由汉译藏

སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 86xc བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23503420
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།