བོད་ཀྱི་པཎྜི་ཏའི་དཀར་ཆག (དྲུག་པ) ​ པཎ་ཆེན་མཆོག་ལྷ་བ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 3 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» མི་སྣ།» བོད་ཀྱི་གནའ་རབས་མི་སྣ། »བོད་ཀྱི་པཎྜི་ཏའི་དཀར་ཆག (དྲུག་པ) ​ པཎ་ཆེན་མཆོག་ལྷ་བ།
བོད་ཀྱི་པཎྜི་ཏའི་དཀར་ཆག (དྲུག་པ) ​ པཎ་ཆེན་མཆོག་ལྷ་བ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2022-11-22ལྟ་ཀློག (4050)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

པཎ་ཆེན་མཆོག་ལྷ་བ།

གྲུབ་མཐའ། དགེ་ལུགས་པ།

འཁྲུངས་འདས། མི་གསལ།

པཎ་ཆེན་མཆོག་ལྷ་བ་ནི། པཎ་ཆེན་བསོད་ནམས་གྲགས་པའི་ཆོས་འབྱུང་ཡིད་ཀྱི་མཛེས་རྒྱན་ལས། པཎ་ཆེན་མཆོག་ལྷ་བ་ནི་ཤངས་སུ་ས་བྱར་སྐུ་འཁྲུངས། མཁྱེན་རབ་པ་དཔོན་སློབ་གཉིས་དང་། རྗེ་དགེ་འདུན་གྲུབ་ཡབ་སྲས་བསྟེན་ནས་གསུང་རབ་ལ་སྦྱངས་པས་མཁས་པར་གྱུར། དང་པོར་དགེ་འཕེལ་དང་། དེ་ནས་རྭ་སྟོད་དུ་བཤད་པ་མཛད་པས། རབ་འབྱམས་པ་ལེགས་པ་བཟང་པོ་དང་ནམ་མཁའ་དཔལ་བཟང་གཉིས། རབ་འབྱམས་པ་སངས་རྒྱས་དང་ནམ་མཁའ་དཔལ་བཟང་གཉིས། སློབ་དཔོན་བསྟན་པའི་རྒྱལ་མཚན་དང་ལྷ་དབང་དཔལ་འབྱོར་གཉིས། དཀའ་བཅུ་པ་ཚུལ་རིན་དང་ལེགས་གྲུབ་གཉིས། དཀའ་བཅུ་པ་རྣམ་རྒྱལ་དང་སྦུ་ར་བ་གཉིས། དཀའ་བཅུ་པ་མཁྱེན་རབ་དང་བཀྲ་ཤིས་ཕུན་ཚོགས་གཉིས། མཁན་ཆེན་བཀྲ་ཤིས་ལེགས་པ་སོགས་དགེ་བཤེས་མང་དུ་ཐོན་པར་སྣང་། མཐར་གླིང་སྨད་ཆོས་རྗེར་ཕེབས་ཏེ། དགུང་ལོ་དོན་གཉིས་པ་ལྕགས་ཕོ་སྤྲེའུའི་ཚུལ་ཞུགས་ཟླ་བའི་ཚེས་བཅུ་གཉིས་ལ་སྐུ་གཤེགས།  ཞེས་གསུངས་སོ། ། 


གསལ་བཤད། བོད་ཀྱི་པཎྚི་ཏའི་དཀར་ཆག་རབ་གསལ་མེ་ལོང་ཞེས་བྱ་བ་འདི་ནི་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སྐབས་ཉེར་ལྔ་བའི་མཐར་ཕྱིན་བོད་ཡིག་ཆེས་མཐོའི་འཛིན་གྲྭས་འཚོལ་སྡུད་དང་ཕྱོགས་བསྒྲིགས་བྱས་པ་ཞིག་ཡིན་ཞིང་།   དེབ་འདིའི་རྩོམ་སྒྲིག་འགན་ཁུར་བ་གཤེན་མི་དང་། སྤྱང་ཡེ་ཤེས། བེ་རི་རྒྱལ་མཚན་བཅས་ཀྱིས་ཡིད་འཐད་བྱུང་ནས་མ་ཡིག་མཁོ་སྤྲོད་བྱས་པ་བཞིན་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དྲ་བར་མུ་འགོད་བྱས་པ་ཡིན། 



སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། jg8m བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23573137
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།