མགོ་ལོག་ཁུལ་རྨ་ཆེན་རྫོང་མི་རིགས་སློབ་འབྲིང་དང་བོའི་བོད་ཡིག་བློ་རྒྱུགས་འགྲན་སྡུར་སྤེལ་བ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 20 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» བོད་ཡུལ་གསར་འགྱུར། »མགོ་ལོག་ཁུལ་རྨ་ཆེན་རྫོང་མི་རིགས་སློབ་འབྲིང་དང་བོའི་བོད་ཡིག་བ
མགོ་ལོག་ཁུལ་རྨ་ཆེན་རྫོང་མི་རིགས་སློབ་འབྲིང་དང་བོའི་བོད་ཡིག་བློ་རྒྱུགས་འགྲན་སྡུར་སྤེལ་བ།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2017-12-08ལྟ་ཀློག (6045)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

མགོ་ལོག་ཁུལ་རྨ་ཆེན་རྫོང་མི་རིགས་སློབ་འབྲིང་དང་བོའི་བོད་ཡིག་བློ་རྒྱུགས་འགྲན་སྡུར་སྤེལ་བ།

  ༢༠༡༧ལོའི་ཟླ༡༢ཚེས༨ཉིན་མགོ་ལོག་ཁུལ་རྨ་ཆེན་རྫོང་མི་རིགས་སློབ་འབྲིང་དང་བོ་རུ་བོད་ཡིག་བློ་རྒྱུགས་འགྲན་བསྡུར་གྱི་བྱ་འགུལ་སྤེལ་བ།

   དེང་སྐབས་མི་ཤེས་པ་མང་བོས་དེང་རབས་སློབ་ཁྲིད་ཁོ་ན་གཙུག་ཏུ་བཟུང་ནས་གནའ་བོའི་ཁྲིད་ཐབས་ལེགས་པ་མང་བོ་འཕོངས་ཕྱིས་ཀྱི་རྡོ་བཞིན་འདོར་བར་བྱེད་པ་ནི་མ་ཤེས་པ་སྟེ། སྤྱིར་དེང་རབས་སློབ་ཁྲིད་ཀྱང་དགོས་མོད། བོད་ཀྱི་སྐད་ཡིག་དང་གཞུང་ལུགས་སློབ་ཁྲིད་བྱེད་པ་ལ་དེང་རབས་སློབ་ཁྲིད་ཁོ་ནས་གཏན་ནས་བྱེད་ཐབས་མེད།  ལྷག་པར་བོད་ཀྱི་རིག་གཞུང་སློབ་གཉེར་བ་ཞིག་ལ་མཚོན་ན་བློ་འཛིན་རྒྱུ་ནི་ཧ་ཅང་གལ་ཆེ་བ་ཡིན། དཔེར་ན་རྗེ་ཙོང་ཁ་བས་གཞུང་ཆེན་བཅུ་བདུན་བློ་ཐོག་ནས་དཔེ་ཁྲིད་གནང་བ་དང་ཉིན་རེར་ཤོག་བུ་མདའ་ཚད་མ་བཅུ་བདུན་རེ་བློར་འཛིན་གནང་བ།  མཁས་པ་རེ་ཟུང་དང་ལྷན་དུ་ཉི་རྩེ་ས་ལ་མ་བརྒྱབ་པར་ཤོག་བུ་མདའ་ཚད་མ་མང་བོ་བློ་ལ་འཛིན་རེས་ཀྱི་འགྲན་སྡུར་བྱས་མྱོང་བ་སོགས་རྣམ་ཐར་ཁག་ཏུ་གསལ་བ་འདིས་ཀྱང་ང་ཚོར་སློབ་གསོ་གལ་ཆེན་ཞིག་བཏང་ཡོད།  མཁས་གྲུབ་དགེ་ལེགས་དཔལ་བཟང་དང་གཡག་སྡེ་པཎ་ཆེན་གཉིས་ཀྱིས་བཀའ་འགྱུར་བློ་ལ་འཛིན་རེས་ཀྱི་འགྲན་སྡུར་སྤེལ་བའི་ཚུལ་དང་།
    ཨ་རིག་དགེ་བཤེས་ཆེན་མོས་ང་ལ་སྤྲུལ་སྐུ་མེད། གལ་སྲིད་སྤྲུལ་སྐུ་དགོས་ན་ལམ་རིམ་སྔགས་རིམ་གཉིས་ཁྱི་གཏུམ་པོས་དེད་ཀྱང་ཁ་ནས་མི་ཆད་པ་ཞིག་ཡོད་ན་དེ་ངའི་སྤྲུལ་སྐུ་ཡིན་ཞེས་གསུངས་པ་སོགས་ལ་དཔག་ན་བློ་འཛིན་གྱི་གལ་ཆེན་རང་བཞིན་ང་ཚོས་ངེས་པར་ཤེས་དགོས།   རྡོ་སྦིས་དགེ་བཤེས་ཤེས་རབ་རྒྱ་མཚོས་ཉིན་རེར་ཤོག་བུ་སྣ་རིང་བཅོ་ལྔ་ལྷག་རེ་ཆག་མེད་དུ་ཐུགས་ལ་འཛིན་པར་མཛད་པ་སོགས་ནི་ཚོད་མེད་དུ་རིག་པ་ངོམ་པར་བྱས་པ་མ་ཡིན་པར་བོད་ཀྱི་རིག་གཞུང་གི་གལ་གནད་ཅིག་བློ་འཛིན་མ་བྱས་ན་མི་ཡོང་བས་ཡིན།

གུང་ཐང་བསྟན་པའི་སྒྲོན་མེས། 
དོན་གྱི་རྒན་པོ་ཚིག་གི་མཁར་བ་ལ།།
བརྟེན་ཕྱིར་གཞུང་ཚིག་བློ་འཛིན་མི་བྱེད་པར།།
དཔེ་ཀློག་ཙམ་དང་ངག་སྒྲོས་ཐན་ཐུན་གྱིས།།
ཉིན་རེ་འགྲོ་ཐབས་དེས་ཀྱང་མི་ཕན་པས།།
དཔེ་འཛིན་སྐྱོར་སྦྱངས་ཡུན་དུ་གྱིས་ཤིག་ཨང་།། ཞེས་དང་།
   ཀུན་མཁྱེན་འཇིགས་མེད་དབང་བོས། དཔེ་འཛིན་མི་བྱེད་དཔེ་ཀློག་ཙམ་ལ་རེ།།  ཞེས་སོགས་ལུང་རྡོ་རྗེ་ཚིག་དུ་མས་དཔེ་ཆར་ལྟ་ན་དཔེ་ཆ་བློ་ལ་འཛིན་དགོས་པར་བཤད་པ་འདི་ནི་ད་ལྟའི་འུ་ཅག་ནང་བཞིན་དཔེ་ཆ་ལག་མཐིལ་ཙམ་ལ་མ་བལྟས་པར་སྡོམ་ཚིག་འཇོག་པར་དགའ་བ་དང་གཏན་ནས་མི་མཚུངས་བར། མི་ཚེ་གང་བོ་ཐོས་བསམ་ལ་བསྟིམས་པའི་ཉམས་མྱོང་གི་སྤྱི་སྡོམ་ཡིན་པ་ཤེས་པར་གྱིས།
  འདི་ལྟ་བུའི་གལ་ཆེན་རང་བཞིན་ཤེས་ནས་རྨ་ཆེན་རྫོང་སློབ་འབྲིང་དང་བོའི་དགེ་རྒན་དག་གིས་སློབ་བུ་དག་གི་བློ་འཛིན་གྱི་ནུས་པ་གཙིགས་སུ་བཟུང་ནས་བསྐྱངས་པས་ད་ལོའི་བློ་རྒྱུགས་ཀྱི་གྲུབ་འབྲས་དགའ་ཚད་བླངས་འདུག་པ་ནི་བསྔགས་པར་འོས།
  ད་ལོའི་སྐབས་བཅུ་བའི་བློ་རྒྱུགས་འགྲན་བསྡུར་ལ་དམའ་འབྲིང་དང་སློབ་ཆུང་ཕྱེས་པ་དང་། དམའ་འབྲིང་རིམ་པར་ཕུལ་བྱུང་དང་རྒྱུན་ལྡན་གྱི་རིགས་གཉིས་སུ་བགར་ཏེ་བློ་རྒྱུགས་ཕུལ་བའི་མཐར།  དགུ་གཅིག་འཛིན་གྲྭའི་གསེར་སྐྱབས་ཀྱིས་ཤོ་ལོ་ཀ་ལྔ་བརྒྱ་དང་ལྔ་བློ་རྒྱུགས་སུ་ཕུལ་བས་ཨང་དང་བོ་དང་།  དགུ་གཅིག་བཀྲ་ཤིས་རྡོ་རྗེས་ཤོ་ལོ་ཀ་སུམ་བརྒྱ་རེ་ལྔ་བཟུང་བས་ཨང་གཉིས་པ། དགུ་གཅིག་སྤེན་པ་བཀྲ་ཤིས་ཀྱིས་ཤོ་ལོ་ཀ་སུམ་བརྒྱ་ང་ལྔ་ཕུལ་བས་གསུམ་པ་བཅས་བླངས་པ་དང་། 
རྒྱུན་ལྡན་གྱི་ཨང་དང་བོ། བརྒྱད་གཉིས་ཀྱི་གསང་བདག་སྐྱིད། ཨང་གཉིས་པ་དགུ་གཅིག་གི་སྐར་མ་སྐྱིད་དང་བརྒྱད་གཉིས་ཀྱི་འཆི་མེད་མཚོ།  ཨང་གསུམ་པ་བརྒྱད་གཅིག་བསྟན་མཚོ་ལྷ་མོ། བརྒྱད་བཞིའི་གཡང་འཛོམས་སྐྱིད། དགུ་གཅིག་ཡ་དར་སྐྱིད།   རྟིང་སྐུལ་བྱ་དགའ་ཐོབ་མཁན་ནི་བརྒྱད་གཉིས་ཀྱི་ཟླ་བ་བཟང་མོ།  བརྒྱད་བཞིའི་ལྷ་མོ་མཚོ། བརྒྱད་བཞིའི་ཨ་སྐྱིད་བཅས་དང་།
  སློབ་ཆུང་རིམ་པར་ལྔ་བ་དྲུག་པ་གཉིས་ཕྱོགས་གཅིག་དང་། གསུམ་པ་བཞི་བ་གཉིས་ཕྱོགས་གཅིག་ཏུ་བྱས་ནས་བློ་རྒྱུགས་བླངས་པས། དྲུག་གཉིས་རྡོ་རྗེ་མཚོ་སྐྱིད་ཀྱིས་ཤོ་ཀོ་ཀ་ཉིས་བརྒྱ་བཞི་བཅུ་དང་ཚེག་ལྔ་ཕུལ་བས་ཨང་དང་བོ་དང་། དྲུག་གཉིས་ཐོས་རེས་ཉིས་བརྒྱ་སོ་གཉིས་ཕུལ་བས་གཉིས་པ། དྲུག་གཅིག་པ་སངས་སྒྲོལ་མས་ཤོ་ལོ་ཀ་བརྒྱ་དང་དགུ་བཅུ་ཕུལ་བས་གཉིས་པ།  དྲུག་གཅིག་ཕག་མོ་གཡུ་སྒྲོན་དང་ཚེ་རིང་ལྷ་མོ། ཕུར་བ་མཚོ། དྲུག་གཉིས་རྒྱལ་རིག  དྲུག་གཅིག་བསོད་ནམས་འབུམ་སྐྱིད་སོགས་ལ་ཨང་གསུམ་པའི་བྱ་དགའ་བསྩལ། དྲུག་གཉིས་ཚེ་རིང་དོན་གྲུབ། ཕག་མོ་གཡུ་སྒྲོན་ཆེ། པདྨ་ལྷ་མོ། ཀླུ་སྒྲོན། དབྱངས་ཅན་སྒྲོལ་མ། དབྱངས་ཅན་ལྷ་མོ། དྲུག་གཅིག་ལྷ་ལྕམ་འཚོ། ཌཱ་ཀི་ལྷ་མོ། བཅས་ལ་རྟིང་སྐུལ་བྱ་དགའ་ཐོབ།

   ལོ་རིམ་གསུམ་པ་དང་བཞི་བའི་སྐོར་ལ། ཨང་དང་བོ་བཞི་གཅིག་བཀྲ་ཤིས་ཆོས་མཚོ། ཨང་གཉིས་པ་བཞི་གཅིག་བསོད་ནམས་སྟོབས། ཨང་གསུམ་པ་བཞི་གཅིག་དཔལ་འཛོམ་ལྷ་མོ། རྟིང་སྐུལ་བྱ་དགའ་ཐོབ་མཁན་བཞི་གཅིག་གཡང་སྒྲོན་ལྷ་མོ་བཅས་ལ་ཐོབ་བོ།།

   སློབ་བུ་དག་ལ་བྱ་དགའ་ཐོབ་པ་ནི་སློབ་མ་དག་གིས་འབད་བརྩོན་ལ་བལྟོས་པ་ཞིག་ཀྱང་ཡིན་མོད། དགེ་རྒན་དག་གིས་ལངས་སྔ་དགོང་འཕྱི་བྱས་པའི་གྲུབ་འབྲས་ཁོ་ན་ཡིན་སྟབས་དགེ་རྒན་སྒྲོལ་མ་མཚོ་དང་གསང་བ། རིག་པའི་ཡེ་ཤེས། མགོན་པོ་སྐྱབས། ཀརྨ་སྐྱབས་གཙང་རབ་བརྟན་བཅས་ལ་ཡང་གཟེངས་བསྟོད་བྱ་དགའ་བསྩལ།  མཇུག་མཐར་སློབ་གཙོ་རྒྱལ་ཕྲུག་ལགས་དང་གཙང་རབ་བརྟན་གྱི་གཏམ་བཤད་ཁྲོད་བཀྲ་ཤིས་པའི་ངང་མཇུག་རྫོགས།

བོད་ཡིག་བློ་རྒྱུགས་འགྲན་སྡུར་གྱི་བྱ་འགུལ་དངོས་སུ་སྤེལ་བ།

ཕུལ་བྱུང་སློབ་མར་བྱ་དགའ་གནང་བ།

སློབ་ཆུང་སློབ་མར་བྱ་དགའ་གནང་བ།

རྟིང་སྐུལ་བྱ་དགའ་ཐོབ་པའི་སློབ་མའི་མཉམ་པར།

བློར་འཛིན་སྣེ་ཁྲིད་དགེ་རྒན་རྣམ་པའི་མཉམ་པར།

བྱ་དགའ་ཐོབ་པའི་སློབ་མའི་མཉམ་པར།

གསར་འགྱུར་འབྲི་མཁན་ཚ་ནག་ཀུན་བཟང་།  གསར་འགྱུར་མཁོ་སྤྲོད་པ་སྦྲ་ནག་པ•མགོན་པོ་སྐྱབས།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 8jcq བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
  མགོ་ལོག་ཁུལ་རྨ་ཆེན་རྫོང་མི་རིགས་སློབ་འབྲིང་དང་བོའི་བོད་ཡིག་བློ་རྒྱུགས་འགྲན་སྡུར་སྤེལ་བ།   སྤེལ་མཁན།: གཏེར་རྡོ སྤེལ་དུས:2017/12/9
ངོ་མ་བཟང་གི འདི་འདྲའི་དོན་སྙིང་ལྡན་པའི་བྱ་འགུལ་མོད་པོ་ཞིག་སྤེལ་བར་འཚལ།
  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
23502686
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།