རྭ་རྒྱའི་མཐར་ཕྱིན་སློབ་མ་ཧོར་འཆི་མེད་ཀྱིས་ཚེ་འབར་ཨོང་བའི་མཐུན་གཉེར་ཁང་བཙུགས་པ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 23 རེས་གཟའ་མིག་དམར་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» བོད་ཡུལ་གསར་འགྱུར། »རྭ་རྒྱའི་མཐར་ཕྱིན་སློབ་མ་ཧོར་འཆི་མེད་ཀྱིས་ཚེ་འབར་ཨོང་བའི་མཐུ
རྭ་རྒྱའི་མཐར་ཕྱིན་སློབ་མ་ཧོར་འཆི་མེད་ཀྱིས་ཚེ་འབར་ཨོང་བའི་མཐུན་གཉེར་ཁང་བཙུགས་པ།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས 2017-11-20ལྟ་ཀློག (10211)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

 

གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སྐབས་བཅུ་དགུ་བའི་མཐར་ཕྱིན་སློབ་མ་ཧོར་འཆི་མེད་ཀྱིས་ཚེ་འབར་ཨོང་བའི་མཐུན་གཉེར་ཁང་བཙུགས་པ།

      ཚེ་འབར་མཐུན་གཉེར་ཁང་ནི་སྤྱི་ལོ༢༠༡༧ལོའི་སྤྱི་ཟླ༩བའི་ཚེས༧ཉིན་རྨ་ལྷོ་སོག་རིགས་རང་སྐྱོང་རྫོང་ནས་ཐོ་འགོད་ལེགས་འགྲུབ་བྱུང་ཞིང་མིང་ཁ་ཚང་ལ་༼རྨ་ལྷོ་སོག་རྫོང་ཚེ་འབར་རང་བྱུང་འབར་རྫས་ལས་སྣོན་ཚད་ཡོད་མཐུན་གཉེར་ཁང་།༽ཞེས་ཟེར་ཞིང་ཐོ་འགོད་མ་དངུལ་སྒོར༡༠༠༠༠༠༠ཁྲི༡༠༠)ཡིན་པ་དང་ཁྲིམས་ཀྱི་འགན་འཁུར་བ་ཧོར་འཆི་མེད་དམ་འཆི་མེད་ཚེ་རིང་དང་། འགན་འཛིན་པ་གཙོ་བོ་ཧོར·འཆི་མེད་ཚེ་རིང་།. འགན་འཛིན་པ་གཞོན་པ་ལུང་རྟོགས་བཅས་ཡིན།   ངེད་མཐུན་གཉེར་ཁང་གི་རྨང་གཞིའི་འཛུགས་སྐྲུན་ལ་ད་སྔ་དམངས་སྒོར་ཁྲི་50ལྷག་བཏང་ཡོད་པ་དང་། ལོ་རྗེས་མ་ནས་བཟུང་མ་དངུལ་མང་པོ་བཏང་ནས་རང་རེའི་འབྲོག་ཁུལ་གྱི་ཁུལ་དང་རྫོང་སོ་སོ་ནས་ཡན་ལག་ཁང་དང་ཕྱིར་འཚོང་ས་ཚུགས་མང་པོ་འཛུགས་རྩིས་ཡོད་པས་མོས་པ་ཡོད་མཁན་དག་གིས་དཔུང་བ་མཉམ་གཤིབ་ཀྱིས་མ་འོངས་པའི་ལམ་ཁ་འཚོལ་ཆོག   ལྷག་པར་དུ་ངེད་མཐུན་གཉེར་ཁང་གིས་ཚོང་རྟགས་འཐབ་ཇུས(品牌战略)་དང་ཁེ་ལས་རིག་གནས་འཐབ་ཇུས།(企业文化战略)  ཤེས་ལྡན་མི་སྣའི་འཐབ་ཇུས་(人才战略)སོགས་འཐབ་ཇུས་ཆེན་པོ་གསུམ་གཞི་སྙིང་དུ་བྱས་ཏེ་རང་རེའི་ལྕི་བའི་རིག་གནས་འདི་མུ་འཐུད་ནས་འཕེལ་རྒྱས་དང་ཐོན་སྐྱེད་དང་ཚོང་གཉེར་གཞི་རྒྱ་ཇེ་ཆེར་གཏོང་རྩིས་ཡོད།

      ཚེ་འབར་ཨོང་བ་ནི་ངེད་མཐུན་གཉེར་ཁང་གིས་ཆེས་ཐོག་མར་སྤྱི་ཚོགས་སུ་བཀྲམ་པའི་ཐོན་རྫས་ཤིག་ཡིན། དེ་ཡང་ང་ཚོས་བེད་མེད་ལུད་རྫས་དང་ཨོང་བ་གཉིས་གཙོ་བྱས་པའི་བོད་རང་གི་སྲོལ་རྒྱུན་གྱི་འབར་རྫས་དག་ལས་སྣོན་བྱས་ཏེ་འབར་ཡུན་སྔར་ལས་རིང་ཞིང་འབར་ཤུགས་སྔར་ལས་ཆེ་བའི་འབར་རྫས་ཤིག་ཏུ་བཏང་ཡོད།


འགན་འཛིན་པ་ཧོར་འཆི་མེད།


ཚེ་འབར་ཨོང་བ་ཐོན་སྐྱེད་བྱེད་བཞིན་པ།


ཚེ་འབར་ཨོང་བ།


རིན་གོང་བདེ་ཞིང་འབར་ཡུན་རིང་བའི་ཚེ་འབར་ཨོང་བ།


ཚེ་འབར་ཨོང་བའི་ཁྱད་ཆོས་ནི།

གཅིག     རྡོ་སོལ་ལྟར་དུག་རྫས་ཀྱི་བསླད་འདྲེས་མེད་པས་ཅི་ཙམ་བེད་སྤྱོད་བྱས་ཀྱང་མིའི་བདེ་ཐང་ལ་མི་གནོད་པའི་ཁྱད་ཆོས་ལྡན།

གཉིས།    རྡོ་སོལ་འབར་ཡུན་རིང་ཡང་རིན་གོང་བདེ་བའི་དཔལ་འབྱོར་འགྲོ་གྲོན་ཉུང་བའི་ཁྱད་ཆོས་ལྡན།

གསུམ།    ཐོན་རྫས་ལ་བསླད་བསྲེས་མེད་པས་མཁའ་དབུགས་དང་ཁོར་ཡུག་སྲུང་སྐྱོབ་ལ་ཕན་པ།

བཞི།      ང་ཚོའི་མཐོ་སྒང་དུ་ལོ་ངོ་སྟོང་ལྔའི་ཡན་ནས་ཨོང་བ་སྤྱོད་པའི་ལོ་རྒྱུས་ཡོད་པས་ཚེ་འབར་ཨོང་བ་སྤྱད་ན་རིག་གནས་རྒྱུད་འཛིན་གྱི་རིན་ཐང་ལྡན་པ། ལྔ།        ཐོན་རྫས་ཀྱི་རྒྱུ་ཆ་མཐའ་དག་འབྲོག་ཁུལ་ནས་བསྡུས་ཏེ་ཡོང་བས་རང་གཞན་འབྲོག་དམངས་ཀུན་གྱི་དཔལ་འབྱོར་ལ་ཕན་ཁེ་ཆེ་བས་མི་རིགས་རང་བཞིན་གྱི་ཁྱད་ཆོས་ལྡན་པ།

དྲུག        མདོར་དེད་ན་སྲོལ་རྒྱུན་གྱི་ཨོང་བ་གཞི་བྱས་ཏེ་ཐོན་སྐྱེད་བྱས་པས་བསླད་མེད་ཅིང་བདེ་ཐང་ཡིན་པར་མ་ཟད་དེང་རབས་ཚན་རིག་གི་ཐོན་སྐྱེད་ལག་རྩལ་ལ་བསྟེན་ནས་ཐོན་སྐྱེད་བྱས་པས་སྔོན་གྱི་ཨོང་བ་ལས་འབར་ཡུན་རིང་ཞིང་འབར་ཤུགས་ཆེ་བའི་ཁྱད་ཆོས་དང་ལྡན་པས་རྒྱ་ཆེའི་ཉོ་བདག་རྣམས་ཀྱིས་ཉོ་སྒྲུབ་དང་བཀོལ་སྤྱོད་བྱས་ན་དགེ་བ་བསམ་གྱིས་མི་ཁྱབ་བོ།། 

ས་གནས།  རྨ་ལྷོ་སོག་རིགས་རང་སྐྱོང་རྫོང་གེ་སར་ལམ།

 ཚོང་འབྲེལ་ཁ་པར།


13139133352

18397171922

གསར་འགོད་པ་རལ་གྲིས་མཁོ་སྤྲོད་བྱས།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 63u9 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23523013
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།