གངས་ལྗོངས་གཅེས་ནོར་མཐུན་གཉེར་ཁང་གིས་༢༠༡༧ལོའི་སྤྱི་སྡོམ་གྱི་ཚོགས་ཆེན་བསྡུས།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 16 རེས་གཟའ་མིག་དམར་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» གངས་ལྗོངས་གཅེས་ནོར། »གངས་ལྗོངས་གཅེས་ནོར་མཐུན་གཉེར་ཁང་གིས་༢༠༡༧ལོའི་སྤྱི་སྡོམ་གྱི་ཚ
གངས་ལྗོངས་གཅེས་ནོར་མཐུན་གཉེར་ཁང་གིས་༢༠༡༧ལོའི་སྤྱི་སྡོམ་གྱི་ཚོགས་ཆེན་བསྡུས།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས 2017-11-19ལྟ་ཀློག (5628)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


     ཁ་སང་སྟེ་༢༠༡༧ལོའི་སྤྱི་ཟླ་༡༡ཚེས་༡༨ཉིན་གྱི་སྔ་དྲོའི་ཆུ་ཚོད་བཅུ་ནས་འགོ་བརྩམས་ཏེ་མགོ་ལོག་ཁུལ་གངས་ལྗོངས་གཅེས་ནོར་འགན་འཁྲི་ཚད་ཡོད་མཐུན་གཉེར་ཁང་གིས་༢༠༡༧ལོའི་གནད་འཁེལ་དབུལ་སྐྱོར་གྱི་བྱ་བ་དང་འོ་མའི་མཉམ་སྒྲུབ་ཚོང་སྡེའི་བྱ་བ་སྤྱི་སྡོམ་གྱི་ཚོགས་ཆེན་བསྡུས།

སློབ་དཔོན་འཇིགས་མེད་རྒྱལ་མཚན་གྱིས་གསུང་བཤད་གནང་བཞིན་པ།

ཕུལ་བྱུང་འོ་བསྡུ་ས་ཚིགས་དང་ཕུལ་བྱུང་མི་སྣ་ལ་གཟེགས་རྟགས་ཕུལ།

ཚོགས་ཞུགས་པའི་ཡུལ་དངོས།

       ཚོགས་ཞུགས་མི་སྣ་ནི་སློབ་དཔོན་འཇིགས་མེད་རྒྱལ་མཚན་དང་ས་གནས་སྲིད་གཞུང་ཚབ་བྱེད་པ་བསོད་ནམས་དོན་གྲུབ།  ཞིང་ཕྱུགས་ལས་ཅུའུ་ཡི་འགོ་གཙོ་ཚེ་རིང་དོན་གྲུབ། ཧི་ནན་འཕྲུལ་ཆས་བཟོ་གྲྭ་ལེ་ཨོ་དཔུང་ཚོགས་ཀྱི་འགོ་བ་ཆེས་ཁང་།  མགོ་ལོག་ཁུལ་ཕྱུགས་ལས་ཅུའུ།  རྨ་ཆེན་རྫོང་ཕྱུགས་ལས་ཅུའུ།  རྨ་ཆེན་རྫོང་དབུལ་སྐྱོར་ལས་ཁུངས།  མགོ་ལོག་ཁུལ་བཟོ་ཚོང་མཐུན་ཚོགས། དངུལ་ཁང་དོ་དམ་ཁང་།  ཞིང་ལས་དངུལ་ཁང་གི་འགོ་བ།  སྦྲགས་སྲིད་དངུལ་ཁང་གི་འགོ་བ།

མཉམ་སྒྲུབ་ཚོང་སྡེ་ཉེར་གསུམ་བཅས་མགོ་ལོག་ཁུལ་གྱི་རྫོང་སོ་སོའི་གྲོང་རྡལ་དང་ཡུལ་ཚོ་སོ་སོའི་འགོ་ཁྲིད་སོགས་མི་སྣ་བརྒྱད་ཅུ་ལྷག་ཚོགས་འདུ་ལ་ཞུགས།


     རང་མཐུན་གཉེར་ཁང་གི་འགོ་བ་ཚེ་ཐར་འབུམ་གྱིས་ད་ལོའི་འོ་མའི་བྱ་བ་སྤྱི་སྡོམ་དང་སང་ལོའི་འོ་མའི་བྱ་བའི་འཆར་གཞི་ཐད་ཀྱི་ཡར་ཞུ་བྱས་ཤིང་འགོ་བ་ཆེས་ཁང་གིས་འཕྲུལ་ཆས་འཛུགས་སྐྲུན་ཕྱོགས་ཀྱི་མཛུབ་སྟོན་བྱས་པ་དང་འགོ་བ་བསོད་ནམས་དོན་གྲུབ་དང་འགོ་གཙོ་ཚེ་རིང་དོན་གྲུབ་ལགས་ཀྱིས་མཐུན་གཉེར་ཁང་གི་བྱ་བར་བསྟོད་བསྔགས་དང་ཁེ་ལས་ཀྱི་ཕྱོགས་ལ་མཛུབ་སྟོན་བླ་མེད་མཛད།  འགོ་བ་ལས་ཡན་ལེན་གྱིས་དབུལ་སྐྱོར་བྱ་བའི་སྣེ་ཁྲིད་ཀྱི་གཏམ་གླེང་བྱས་ཤིང་གསེར་ལུང་འོ་བསྡུ་ས་ཚིགས་ཀྱི་ཚེ་འབུམ་གྱིས་འོ་མའི་བྱ་བའི་ཐད་ཀྱི་ལྟ་ཚུལ་བཤད།

      དུས་མཚུངས་སུ་འོ་བསྡུ་ས་ཚིགས་མི་སྣར་འོ་རིན་སྤྲད་པ་དང་ཕུལ་བྱུང་འོ་བསྡུ་ས་ཚིགས་དང་ཕུལ་བྱུང་མི་སྣ་ཡོངས་ལ་གཟེགས་རྟགས་བྱིན་ཏེ་ས་གནས་སྲིད་གཞུང་དང་འབྲེལ་ཡོད་ཀུན་གྱིས་དགའ་བསུ་ཆེན་པོ་ཐོབ་ཡུལ་དུ་གྱུར།

      གཞན་ཡང་སློབ་དཔོན་འཇིགས་མེད་རྒྱལ་མཚན་མཆོག་གིས་གངས་ལྗོངས་གཅེས་ནོར་མཐུན་གཉེར་ཁང་གི་ལོ་ངོ་བཅུ་བདུན་རིང་གི་དཀའ་སྡུག་གི་ལོ་རྒྱུས་དང་འབྲེལ་ཏེ་གསུང་བཤད་ཡིད་འཁུལ་བ་གནངས།

        ཕྱི་དྲོ་ཆུ་ཚོད་གཉིས་དང་ཕྱེད་ཀ་ཡས་མས་སུ་ཡང་བསྐྱར་རྨ་རྒྱལ་བོད་ཟས་གསོལ་ཚིགས་གླིང་དུ་འཚོགས་ཏེ་མཉམ་སྒྲུབ་ཚོང་སྡེ་སོ་སོའི་མི་སྣས་རང་གི་ཁེ་ལས་ཀྱི་ཉམས་མྱོང་དང་འོ་མའི་བྱ་བའི་ཕྱོགས་མི་འདྲ་བ་སོ་སོའི་ཕྱོགས་ནས་ལྟ་ཚུལ་བརྗོད་པ་དང་སློབ་དཔོན་འཇིགས་མེད་རྒྱལ་མཚན་གྱིས་འོ་མའི་གཙང་སྦྲ་ལ་དོ་སྣང་ཡག་པོ་བྱས་ན་ཕན་ཁེ་གང་དག་ཡོད་ཚུལ་དང་མཉམ་སྒྲུབ་ཚོང་སྡེ་གཉེར་ན་སྟོབས་ཤུགས་དང་མཐུན་སྒྲིལ་དགོས་ཚུལ་གྱི་བཀའ་གསུང་གལ་ཆེན་གནང་། གངས་ལྗོངས་གཅེས་ནོར་མཐུན་གཉེར་ཁང་གི་པདྨ་མཁའ་འགྲོས་ང་ཚོ་ལ་སྐྱེས་བུ་དམ་པའི་སྣེ་ཁྲིད་དང་རྒྱབ་སྐྱོར་ཡོད་པས་བརྟན་བརླིང་གིས་མདུན་དུ་བསྐྱོད་ཆོག་ཅེས་སྤོབས་པ་ཆེན་པོས་ཁ་གཡང་སྒྲོག་གིན་སྔ་ཕྱི་གཉིས་ཀྱི་ཚོགས་འདུ་དགའ་མགུ་ཡིས་ཁེངས་ཏེ་བཀྲ་ཤིས་པའི་ངང་མཇུག་བསྡུས།


ཚོགས་འདུའི་ཡུལ་དངོས་ཀྱི་འོ་མའི་ཐོན་རྫས་འགྲེམ་སྟོན།


གསར་འགྱུར་མཁོ་སྤྲོད་པ་གཡོན་གཞིས་ཁྲོ་རྒྱལ།

སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 2yr5 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
  གངས་ལྗོངས་གཅེས་ནོར་མཐུན་གཉེར་ཁང་གིས་༢༠༡༧ལོའི་སྤྱི་སྡོམ་གྱི་ཚོགས་ཆེན་བསྡུས།   སྤེལ་མཁན།: དར། སྤེལ་དུས:2017/11/1
འོ་མའི་ཐོན་རྫས་ཀྱི་འཕྲིན་ལས་དར་དགོས།
  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
23480557
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།