རྭ་རྒྱ་ནས་ཤེས་རིག་གླིང་གི་དཔར་ཁང་དངོས་སུ་དབུ་འབྱེད་མཛད་སྒོ་བསྡུས།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 18 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» སློབ་གླིང་གསར་འགྱུར། »རྭ་རྒྱ་ནས་ཤེས་རིག་གླིང་གི་དཔར་ཁང་དངོས་སུ་དབུ་འབྱེད་མཛད་སྒོ་བ
རྭ་རྒྱ་ནས་ཤེས་རིག་གླིང་གི་དཔར་ཁང་དངོས་སུ་དབུ་འབྱེད་མཛད་སྒོ་བསྡུས།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས 2017-11-16ལྟ་ཀློག (7460)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


རྭ་རྒྱ་གྲོང་རྡལ་གྱི་གངས་ལྗོངས་ཚོང་རའི་ཐོག་ཁང་།

      ༢༠༡༧ལོའི་སྤྱི་ཟླ་༡༡པའི་ཚེས་༡༦ཉིན་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ཐོན་མིའི་སློབ་ཚོགས་ཀྱིས་རྭ་རྒྱ་རྒྱུད་འགོ་གྲོང་རྡལ་དུ་འཇིགས་མེད་རྒྱལ་མཚན་སློབ་གསོའི་བློ་འདྲི་ཚད་ཡོད་མཐུན་གཉེར་ཁང་གི་ལས་སྒྲུབ་ཀྱི་ལྟེ་གནས་ཤེས་རིག་གླིང་གི་དཔར་ཁང་ཞེས་པ་དངོས་སུ་དབུ་འབྱེད་མཛད་སྒོ་ཕྱེས་ཤིང་།

     སློབ་དཔོན་འཇིགས་མེད་རྒྱལ་མཚན་དང་སློབ་དཔོན་ལྡོང་ཡོན་ཏན་རྒྱ་མཚོ་རྣམ་གཉིས་གཙོ་བྱས་པའི་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དགེ་རྒན་དང་ལས་བཟོ་བ་ཡོངས་མཛད་སྒོའི་སྟེང་དུ་ཕེབས་ནས་བཀྲ་ཤིས་པའི་སྨོན་ཚིག་དང་འབྲེལ་ནས་དངོས་སུ་དཔར་ཁང་དབུ་འབྱེད་གནང་བར་མ་ཟད།   དཔར་ཁང་ལ་རབ་གནས་མཛད་པ་སོགས་ཀྱི་བཀའ་དྲིན་བསྐྱངས།

    ང་ཚོའི་དཔར་ཁང་འདི་ས་གནས་མང་ཚོགས་ཀྱི་དཔལ་འབྱོར་དཀའ་ཁག་དང་དགོས་མཁོ་ལ་ཁ་གཏད་ནས་བཙུགས་པ་ཡིན་པས་ཞབས་ཞུའི་རྣམ་འགྱུར་བཟང་བ་དང་།  དཔར་ལས་ཀྱི་རིགས་གང་ཡིན་ཡང་རིན་གོང་ཧ་ཅང་བདེ་བར་མ་ཟད།  ཁ་པར་གྱི་མཁོ་ཆས་དང་སློབ་ཆས།  ཉེར་མཁོའི་ཅ་ལག་སོགས་ཚོང་རྫས་ཀྱི་རིགས་གང་ཡིན་ཡང་རིན་གོང་ཆེས་དམའ་མོའི་ངང་ཕྱིར་འཚོང་བྱེད་བཞིན་ཡོད།

ང་ཚོའི་ཞབས་ཞུའི་ལས་རིགས་ཀྱི་རྣམ་གྲངས་ནི་གཤམ་གསལ་ལྟར་ཡིན། 

དང་བོ།   སྒོ་བྱང་།  འཕྲེད་དར།   རྒྱབ་ལྗོངས།   བརྡ་ཁྱབ་ཀྱི་རིགས་ཆེ་ཆུང་གང་ཡིན་ཡང་སྒྲིག་ཆས་ཆ་ཚང་ཡིན་པས་དུས་ལྟར་དཔར་ཐུབ།


གཉིས་པ།   སྐེ་འདོགས།  ཡིག་ཚགས།  བྱ་དགའི་དཔང་ཡིག་དང་རྟགས་མའི་རིགས་སྣ་ཚོགས་རང་གི་འདོད་མོས་བཞིན་འཆར་འགོད་བྱས་ནས་དཔར་ཆོག

གསུམ་པ།  ཐང་ག     ཚོང་རྟགས།   རྒྱབ་ཤོག   མིང་བྱང་སྣ་ཚོགས་སོགས་ཇུས་འགོད་བྱས་ཆོག

བཞི་བ།   ཡིག་གཏགས།  བསྐྱར་དཔར།  དཔེ་དེབ་ཀྱི་རིགས་སྒྲིག་བཟོ་བྱ་ཐུབ།

ལྔ་བ། ད་དུང་ང་ཚོའི་དཔར་ཁང་ནང་དུ་ཐོན་མིའི་ཤེས་རིག་ཁ་པར་གྱི་རིགས་སྣ་ཚོགས་ཆེད་འཚོང་བྱེད་བཞིན་ཡོད་ཅིང་།  ཁ་པར་ཉོ་མཁན་གྱི་འཛད་སྤྱོད་པར་འཆར་ངོས་སྲུང་ཤེལ་ནམ་ཡིན་ཡང་རིན་མེད་དུ་སྦྱོར་བ་དང་། གླུ་དང་མཉེན་ཆས་སོགས་ནམ་ཡིན་ཡང་རིན་མེད་དུ་ནང་འཇུག་བྱེད་བཞིན་ཡོད་པར་མ་ཟད།  ཁ་པར་ཁེ་སྤོགས་ཀྱི་བརྒྱ་ཆའི་༥དགེ་ལས་ཀྱི་ཕྱོགས་སུ་གཏོང་བཞིན་ཡོད།   ཁ་པར་ནང་དུ་བོད་ཡིག་མེད་པ་རྣམས་ལ་སུ་ཡིན་ཡང་དུས་རྒྱུན་རིན་མེད་དུ་བོད་ཡིག་ནང་འཇུག་བྱེད་བཞིན་ཡོད།


དགེ་རྒན་འཇིགས་མེད་རྒྱལ་མཚན་དང་དགེ་རྒན་ལྡོང་ཡོན་ཏན་རྒྱ་མཚོ་གཉིས་ཀྱིས་དཔར་ཁང་གི་ཞལ་ཁེབས་ཕྱེས་པ།


མཐུན་གཉེར་ཁང་གི་ཞལ་ཁེབས་ཕྱེ་བཞིན་པ།


དཔར་ཁང་དུ་ལས་ཀ་སྒྲུབ་བཞིན་པའི་ཡུལ་དངོས།


ཐོན་མིའི་ཤེས་རིག་ཁ་པར་ཆེད་ཚོང་བྱེད་བཞིན་པ།


ནང་གི་སྒྲིག་ཆས།


ནང་གི་སྒྲིག་ཆས།

དཔེ་དེབ་སྒྲིག་བཟོའི་མཁོ་ཆས།

དཔར་ཁང་ནང་གི་སྒྲིག་ཆས།

སློབ་གྲོགས་དམ་ཆོས་ཕུན་ཚོགས་དང་སྐུ་ཞབས་བློ་བཟང་གཉིས་ཀྱིས་དཔར་ཁང་ནང་མཐུན་སྦྱོར་བླ་མེད་གནང་བར་བཀའ་དྲིན་དྲན་རྟེན་ཕུལ།


ས་གནས།

རྭ་རྒྱ་རྒྱུད་འགོ་གྲོང་རྡལ་གངས་ལྗོངས་ཚོང་ར་ཆེན་མོའི་གཅིག་ཐོག་སྒོ་རྟགས་ཨང༡༠༥ཡིན།

འབྲེལ་གཏུག་ཨང་གྲངས།


17609751119

18997458178

18097399998

18946885460

18197123666


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 4 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། pmes བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
  རྭ་རྒྱ་ནས་ཤེས་རིག་གླིང་གི་དཔར་ཁང་དངོས་སུ་དབུ་འབྱེད་མཛད་སྒོ་བསྡུས།   སྤེལ་མཁན།: ངག་བཟང་། སྤེལ་དུས:2017/11/1
དཔེ་ཡག་པོ་རེད།
  རྭ་རྒྱ་ནས་ཤེས་རིག་གླིང་གི་དཔར་ཁང་དངོས་སུ་དབུ་འབྱེད་མཛད་སྒོ་བསྡུས།   སྤེལ་མཁན།: ན་བུན། སྤེལ་དུས:2017/11/1
ཚོང་བ་འཇིགས་མེད་རྒྱལ་མཚན་སྐུ་ཚེ་བརྟན།
  རྭ་རྒྱ་ནས་ཤེས་རིག་གླིང་གི་དཔར་ཁང་དངོས་སུ་དབུ་འབྱེད་མཛད་སྒོ་བསྡུས།   སྤེལ་མཁན།: རྩེ་རི་ཚེ་དབང་རྒྱལ་པོ། སྤེལ་དུས:2017/11/1
སྐབས་སུ་བབ་ཕའི་གཏམ་དང་དུས་སུ་སྨིན་པའི་ཆར་བཞིན་འགྱུར་བར་སྨོན།ཁ་དྲོ་བཀྲ་ཤིས།
  རྭ་རྒྱ་ནས་ཤེས་རིག་གླིང་གི་དཔར་ཁང་དངོས་སུ་དབུ་འབྱེད་མཛད་སྒོ་བསྡུས།   སྤེལ་མཁན།: ཁྱ་དགེ་འཇིགས་མེད། སྤེལ་དུས:2017/11/1
གངས་ལྗོངས་རིག་གནས་ཀྱི་རེ་བའི་ཞིང་ས་གཤིན་པོ། བྱ་བཞག་ཐམས་ཅད་དབྱར་མཚོ་བཞིན་རྒྱས་པ་མཐོང་ན་བོད་ཀྱི་རིག་གནས་ལ་ཟུར་གཅིག་ནས་རེ་བ་ཡོད་པའི་རྟགས་སུ་མཐོང་།དུས་རབས་ཀྱི་དེད་དཔོན་ཆེན་མོ། རྒན་འཇིགས་མེད་རྒྱལ་ལགས། ཐུགས་རྗེ་ཆེ། མི་རིགས་འདིའི་ཆེད་དུ་ཕུལ་བ་མང་དྲག་སོང་།
  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
23495498
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།