ཞི་ཅིན་ཕིང་དང་པའེ་ཏེང་གིས་པ་ལི་གླིང་ཕྲན་དུ་མཇལ་མོལ་གནང་བ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 3 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» རྒྱལ་ཕྱི་ནང་གསར་འགྱུར། »ཞི་ཅིན་ཕིང་དང་པའེ་ཏེང་གིས་པ་ལི་གླིང་ཕྲན་དུ་མཇལ་མོལ་གནང་བ།
ཞི་ཅིན་ཕིང་དང་པའེ་ཏེང་གིས་པ་ལི་གླིང་ཕྲན་དུ་མཇལ་མོལ་གནང་བ།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2022-11-15ལྟ་ཀློག (2672)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ཞི་ཅིན་ཕིང་དང་པའེ་ཏེང་གིས་པ་ལི་གླིང་ཕྲན་དུ་མཇལ་མོལ་གནང་བ།

  རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ས་གནས་དེ་གའི་དུས་ཚོད་སྤྱི་ཟླ་11པའི་ཚེས་14ཉིན་གྱི་ཕྱི་དྲོ་ཧིན་རྡུ་ཉི་ཞི་ཡའི་པ་ལི་གླིང་ཕྲན་དུ་ཨ་རིའི་ཙུང་ཐུང་པའེ་ཏེང་དང་མཇལ་མོལ་གནང་ཡོད་པ་རེད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཀྲུང་ཨའི་འབྲེལ་བའི་ཁྲོད་ཀྱི་འཐབ་ཇུས་རང་བཞིན་གྱི་གནད་དོན་དང་དེ་བཞིན་གོ་ལ་ཧྲིལ་པོ་དང་ས་ཁུལ་གྱི་གནད་དོན་གལ་ཆེན་ཐད་སྦ་གསང་མེད་པའི་ངང་དགོངས་ཚུལ་བརྗེ་རེས་གཏིང་ཟབ་གནང་བ་རེད།

ཞི་ཅིན་ཕིང་གིས། མིག་སྔར་ཀྲུང་ཨའི་འབྲེལ་བའི་ཐད་འཕྲད་པའི་གནས་བབ་དེ་རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་གྱི་མེད་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རེ་སྒུག་དང་ཡང་མཐུན་གྱི་མེད། ཀྲུང་གོ་དང་ཨ་རི་ཕྱོགས་གཉིས་པོས་ལོ་རྒྱུས་དང་། འཛམ་གླིང་། མི་དམངས་བཅས་ལ་འགན་འཁུར་བའི་རྣམ་འགྱུར་ཐོག་ནས་དུས་སྐབས་གསར་པར་རྒྱལ་ཁབ་གཉིས་པོས་ཡང་དག་པའི་མཉམ་གནས་ཀྱི་ལམ་བུ་འཚོལ་ཞིབ་བྱས་ཐོག རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་གཏོང་བའི་ཡང་དག་པའི་ཁ་ཕྱོགས་བཙལ་ནས་ཀྲུང་གོ་དང་ཨ་རིའི་འབྲེལ་བ་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་གཏོང་བའི་ལམ་བུའི་ཐོག་བསྐྱར་དུ་བསྐྱོད་རྒྱུར་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་གཉིས་ལ་བདེ་སྐྱིད་བསྐྲུན་པ་དང་འཛམ་གླིང་ལ་ཕན་པ་འདོགས་དགོས་ཞེས་གསུངས་པ་རེད།  ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པའི་གནས་ཚུལ་གཙོ་བོ་དང་གྲུབ་འབྲས་གལ་ཆེན་ངོ་སྤྲོད་གནང་ཞིང་། ཁོང་གིས། ཀྲུང་གོའི་ཏང་དང་སྲིད་གཞུང་གི་ཕྱི་ནང་སྲིད་ཇུས་ཡོངས་བསྒྲགས་ཁ་གསལ་དང་། འཐབ་ཇུས་ཀྱི་བསམ་འདུན་ཁ་གསལ་གཏིང་གསལ། ཚད་མཐོའི་རྒྱུན་མཐུད་རང་བཞིན་དང་བརྟན་པོའི་རང་བཞིན་མཐའ་འཁྱོངས་བྱེད་པ་བཅས་ཡིན། ང་ཚོས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་ཐོག་ནས་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་དང་། མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་ཡིད་སྨོན་བྱེད་པ་མུ་མཐུད་མངོན་འགྱུར་བྱ་རྒྱུ་དེ་གཞི་འཛིན་སར་བྱས་ཐོག བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་བསྒྱུར་བཅོས་སྒོ་འབྱེད་མུ་མཐུད་དུ་སྤེལ་ནས་སྒོ་འབྱེད་ཅན་གྱི་འཛམ་གླིང་དཔལ་འབྱོར་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་རྒྱུ་ཡིན། ཀྲུང་གོས་མུ་མཐུད་ནས་རང་བཙན་རང་བདག་གི་ཞི་བའི་ཕྱི་འབྲེལ་སྲིད་ཇུས་བློ་བརྟན་འགྱུར་མེད་ཀྱིས་ལག་ལེན་བསྟར་བ་དང་། ཐོག་མཐའ་བར་གསུམ་དུ་དོན་དག་དེ་རང་གི་བདེན་རྫུན་དྲང་འཁྱོག་ལ་གཞིགས་ནས་རང་ཉིད་ཀྱི་ལངས་ཕྱོགས་དང་རྣམ་འགྱུར་གཏན་འཁེལ་བྱེད་པ། གླེང་མོལ་གྲོས་མོལ་དར་སྤེལ་དང་རྩོད་གཞི་ཞི་བས་ཐག་གཅོད་བྱེད་པ། གོ་ལ་ཧྲིལ་པོའི་རོགས་ཟླའི་འབྲེལ་བ་ཟབ་ཏུ་དང་རྒྱ་ཆེར་གཏོང་བ། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ལྟེ་བ་བྱེད་པའི་རྒྱལ་སྤྱིའི་མ་ལག་དང་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱིས་རྨང་གཞི་བྱས་པའི་རྒྱལ་སྤྱིའི་སྒྲིག་ལམ་སྲུང་སྐྱོང་བཅས་བྱས་ནས། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན། ཀྲུང་གོས་ཞི་བདེ་འཕེལ་རྒྱས་དང་། སྒོ་དབྱེ་འཕེལ་རྒྱས། མཉམ་རྒྱལ་འཕེལ་རྒྱས་བཅས་མཐའ་འཁྱོངས་བྱས་ནས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ནང་ཞུགས་མཁན་དང་སྐུལ་འདེད་པ་བྱ་རྒྱུ་དང་། རྒྱལ་ཁབ་ཁག་དང་མཉམ་དུ་ཐུན་མོང་ཐོག་འཕེལ་རྒྱས་ཡོང་བ་བྱ་རྒྱུ་ཡིན་ཞེས་བསྟན་གནང་ཡོད།      ཞི་ཅིན་ཕིང་གིས། འཛམ་གླིང་འདི་ཉིད་ལོ་རྒྱུས་ཀྱི་ཁ་ཕྱོགས་འགྱུར་མཚམས་གལ་ཆེན་ཞིག་ཏུ་སླེབས་ཡོད་པས། རྒྱལ་ཁབ་ཁག་གིས་སྔར་བྱུང་མྱོང་མེད་པའི་འགྲན་སློང་ལ་ཁ་གཏད་གཅོག་དགོས་ལ་སྔར་བྱུང་མྱོང་མེད་པའི་གོ་སྐབས་ཀྱང་དམ་འཛིན་བྱེད་དགོས། ང་ཚོས་མཐོ་ཚད་འདིའི་ཐོག་ནས་ཀྲུང་གོ་དང་ཨ་རིའི་བར་གྱི་འབྲེལ་བར་ལྟ་སྟངས་འཛིན་པ་དང་ཐག་གཅོད་བྱ་དགོས། ཀྲུང་ཨའི་འབྲེལ་བ་ནི་ཁྱོད་ཕམ་ང་རྒྱལ་དང་ཁྱོད་དར་ང་རྒུད་ཀྱི་རྒྱལ་ཕམ་འགྲན་རྩོད་ཅིག་མིན་པར་ཀྲུང་ཨ་རྒྱལ་ཁབ་གཉིས་པོ་སོ་སོར་གྲུབ་འབྲས་ཐོབ་པ་བྱ་རྒྱུ་དང་ཕ་རོལ་པོ་ནི་གོ་སྐབས་ཤིག་ཡིན་པ་ལས་འགྲན་སློང་ཞིག་མིན་དགོས། ཡངས་ཤིང་རྒྱ་ཆེ་བའི་སའི་གོ་ལ་འདིའི་ཐོག་ཀྲུང་གོ་དང་ཨ་རི་གཉིས་ཀར་འཕེལ་རྒྱས་དང་ཐུན་མོང་དར་རྒྱས་ཡོང་ཆོག ཕྱོགས་གཉིས་པོས་ཕར་ཕྱོགས་ཀྱི་ཕྱི་ནང་སྲིད་ཇུས་དང་འཐབ་ཇུས་དགོངས་པར་ལྟ་སྟངས་ཡང་དག་འཛིན་ནས་སྐད་ཆ་ཤོད་རེས་བྱེད་པ་ལས་ཁ་གཏད་དུ་མི་ལངས་པ་དང་མཉམ་རྒྱལ་ཡོང་བ་བྱེད་པ་ལས་རྒྱལ་ཕམ་གྱི་འགྲན་རྩོད་བྱེད་མི་རུང་། ངས་སྐུ་ཞབས་ཙུང་ཐུང་གི་རེ་སྙེག་མི་བྱེད་པ་བཞི་དང་མི་བསམ་པ་གཅིག་སྐོར་གྱི་རྣམ་འགྱུར་ལ་མཐོང་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད། ཀྲུང་གོས་སྔར་ནས་ད་བར་ད་ཡོད་ཀྱི་རྒྱལ་སྤྱིའི་སྒྲིག་ལམ་ལ་འགྱུར་ལྡོག་གཏོང་ཐབས་མི་བྱེད་པ་དང་། ཨ་རིའི་ནང་སྲིད་ལ་ཐེ་ཇུས་བྱེད་མི་བསམ་པ་དང་ཨ་རིའི་ཚབ་བྱེད་བསམ་གྱི་མེད། ཕྱོགས་གཉིས་པོས་ཕན་ཚུན་བརྩི་འཇོག་དང་། ཞི་བདེ་མཉམ་གནས། མཉམ་ལས་མཉམ་རྒྱལ་བཅས་མཐའ་འཁྱོངས་བྱས་ནས་ཀྲུང་ཨའི་འབྲེལ་བ་ཡང་དག་པའི་ཕྱོགས་སུ་མདུན་སྐྱོད་བྱ་རྒྱུར་ཐུན་མོང་ཐོག་འགན་ལེན་བྱས་ཏེ། ཕྱོགས་འཛོལ་མེད་པ་དང་མྱུར་ཚད་འཚམས་པ། གདོང་ཐུག་དེ་བས་བྱེད་མི་རུང་། རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་དང་ཀྲུང་ཨའི་མཉམ་འབྲེལ་སྤྱི་བསྒྲགས་གསུམ་ལ་བརྩི་སྲུང་ཞུ་རྒྱུ་དེ་ནི་ཕྱོགས་གཉིས་པོས་འགལ་བ་དང་མི་མཐུན་པའི་ཆར་དོ་དམ་ཚོད་འཛིན་བྱེད་པ་དང་འགྲན་རྒོལ་གདོང་ཐུག་བཀག་འགོག་བྱེད་པའི་འགག་རྩ་ཡིན་ལ། ཀྲུང་ཨའི་འབྲེལ་བའི་འགོག་སྲུང་དང་བདེ་འཇགས་དྲ་བ་གལ་ཆེ་ཤོས་ཤིག་ཀྱང་རེད་ཅེས་བསྟན་གནང་ཡོད།   ཞི་ཅིན་ཕིང་གིས་ཐའེ་དབན་གྱི་གནད་དོན་འབྱུང་རྩ་དང་དེ་བཞིན་ཀྲུང་གོ་ཕྱོགས་ཀྱི་རྩ་དོན་ལངས་ཕྱོགས་བརྒྱུད་རིམ་ལྡན་པའི་ངང་རྒྱས་བཤད་གནང་ཡོད། ཞི་ཅིན་ཕིང་གིས། ཐའེ་དབན་གྱི་གནད་དོན་ནི་ཀྲུང་གོའི་ལྟེ་བའི་ཁེ་ཕན་ཁྲོད་ཀྱི་སྲོག་ཤིང་དང་། ཀྲུང་ཨའི་འབྲེལ་བའི་ཆབ་སྲིད་རྨང་གཞིའི་ནང་གི་རྨང་གཞི། ཀྲུང་ཨའི་འབྲེལ་བའི་ཐད་ཀྱི་བརྒལ་ཐབས་མེད་པའི་དམར་ཐིག་དང་པོ་བཅས་རེད། ཐའེ་ཝན་གྱི་གནད་དོན་ཐག་གཅོད་བྱ་རྒྱུ་ནི་ཀྲུང་གོ་བ་རང་ཉིད་ཀྱི་དོན་དག་ཡིན་པ་དང་ཀྲུང་གོའི་ནང་སྲིད་རེད། མེས་རྒྱལ་གཅིག་གྱུར་དང་མངའ་ཁོངས་ས་ཆ་ཆ་ཚང་སྲུང་སྐྱོང་བྱ་རྒྱུ་ནི་ཀྲུང་གོའི་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་བསམ་འདུན་ཡིན། མི་སུ་འདྲ་ཞིག་གིས་ཐའེ་ཝན་ཀྲུང་གོ་ནས་ཁ་བྲལ་དུ་གཏོང་སྙམ་པ་དེ་ནི་ཀྲུང་གོའི་མི་རིགས་ཀྱི་བདེན་དོན་དང་རྒྱབ་འགལ་དུ་སོང་བ་ཞིག་ཡིན་པས། ཀྲུང་གོའི་མི་དམངས་ཀྱིས་ཁས་ལེན་གཏན་ནས་བྱེད་མི་སྲིད། ང་ཚོས་ཐའེ་དབན་མཚོ་འགག་གི་ཞི་བདེ་བརྟན་ལྷིང་མཐོང་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་པ་དང་འབྲེལ་ཐོག་མཐའ་བར་གསུམ་དུ་དེའི་ཐད་འབད་བརྩོན་བྱེད་བཞིན་ཡོད་མོད། འོན་ཀྱངཐའེ་དབན་རང་བཙནདང་ཐའེ་དབན་མཚོ་འགག་ཞི་བདེ་བརྟན་ལྷིང་ཡོང་བ་བྱ་རྒྱུ་གཉིས་མེ་ཆུ་འཕྲད་པ་ལྟར་མཐུན་ཐབས་རྩ་བ་ནས་མེད། ཨ་རི་ཕྱོགས་ཀྱིས་གཏམ་སྤྱོད་གཅིག་མཐུན་ཡོང་བ་བྱས་ཏེ། ཀྲུང་གོ་གཅིག་གི་སྲིད་ཇུས་དང་ཀྲུང་ཨའི་མཉམ་འབྲེལ་སྤྱི་བསྒྲགས་གསུམ་ལ་བརྩི་སྲུང་བྱ་རྒྱུའི་རེ་བ་ཡོད། སྐུ་ཞབས་ཙུང་ཐུང་གིས་ཐའེ་ཝན་རང་བཙན་ལ་རྒྱབ་སྐྱོར་མི་བྱེད་པ་དང་ཐའེ་ཝན་དེ་ཀྲུང་གོར་འགྲན་རྩོད་བྱེད་པའི་བཟང་ཆའམ་ཡང་ན་ཀྲུང་གོ་བཀག་སྡོམ་བྱེད་པའི་ཡོ་བྱད་ཅིག་ཏུ་བརྩི་གི་མིན་ཞེས་ཐེངས་མང་གསུངས་མྱོང་། ཨ་རི་ཕྱོགས་ཀྱིས་སྐུ་ཞབས་ཙུང་ཐུང་གི་དམ་བཅའ་དོན་ཐོག་ཏུ་འཁྱོལ་བ་བྱ་རྒྱུའི་རེ་བ་ཡོད་ཅེས་ནན་སྟོན་གནང་ཡོད།     ཞི་ཅིན་ཕིང་གིས། རང་དབང་དང་། དམངས་གཙོ། འགྲོ་བ་མིའི་ཐོབ་ཐང་བཅས་ནི་མིའི་རིགས་ཀྱི་ཐུན་མོང་གི་དོན་གཉེར་ཡིན་ལ་ཀྲུང་གོ་གུང་ཁྲན་ཏང་གིས་སྔ་ཕྱི་བར་གསུམ་དུ་དོན་གཉེར་བྱེད་པ་ཞིག་ཀྱང་ཡིན། ཨ་རིར་ཨ་རིའི་རྣམ་པའི་དམངས་གཙོ་ཡོད་པ་དང་ཀྲུང་གོར་ཀྲུང་གོའི་རྣམ་པའི་དམངས་གཙོ་ཡོད་ཅིང་། ཚང་མ་རང་སོའི་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་གྱི་ཡོད། ཀྲུང་གོའི་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོས་ཀྲུང་གོའི་རྒྱལ་ཚུལ་དང་ལོ་རྒྱུས་རིག་གནས་ལ་གཞི་བཅོལ་ནས་མི་དམངས་ཀྱི་བསམ་འདུན་མཚོན་གྱི་ཡོད་པས། ང་ཚོར་དེ་མཚུངས་ཀྱི་སྤོབས་པ་སྐྱེ་གི་འདུག རྒྱལ་ཁབ་གང་ཞིག་གི་དམངས་གཙོའི་ལམ་ལུགས་ཀྱང་སྐྱོན་ཆ་ཅི་ཡང་མེད་པ་ཞིག་ཡིན་མི་སྲིད་པར་རྒྱུན་ཆད་མེད་པར་འཕེལ་རྒྱས་དང་འཐུས་ཚང་དུ་གཏོང་དགོས། ཕྱོགས་གཉིས་ཀའི་བར་ལ་བྱེ་བྲག་གི་མི་མཐུན་པའི་ཆ་ཡོད་རིགས་ལ་དཔྱད་བསྡུར་བྱེད་ཆོག་ཅིང་། སྔོན་འགྲོའི་ཆ་རྐྱེན་ནི་འདྲ་མཉམ་གྱིས་སྤེལ་རེས་བྱ་རྒྱུ་དེ་ཡིན། དམངས་གཙོའི་ཐོག་ནས་དབང་གྲགས་ལ་ཁ་གཏད་གཅོག་པ་ཞེས་པ་ནི་དེང་སྐབས་འཛམ་གླིང་གི་ཁྱད་ཆོས་མིན་ལ། དུས་རབས་གོང་དུ་འཕེལ་བའི་རླབས་རྒྱུན་དང་དེ་བས་མི་མཐུན་ཞེས་བསྟན་གནང་ཡོད།     ཞི་ཅིན་ཕིང་གིས། ཨ་རི་ནི་མ་རྩ་རིང་ལུགས་ཡིན་པ་དང་། ཀྲུང་གོ་ནི་སྤྱི་ཚོགས་རིང་ལུགས་ཡིན་པས། ཕྱོགས་གཉིས་པོས་བསྐྱོད་པའི་ལམ་བུ་མི་འདྲ་བ་རེད། མི་འདྲ་ས་དེ་རིགས་ནི་ད་ལྟ་གཞི་ནས་ཡོད་པ་ཞིག་མ་ཡིན་ལ་ཕྱིན་ཆད་ཀྱང་སྔར་མུས་སུ་གནས་སྲིད། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་ཀྲུང་གོའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་མི་དམངས་དུང་ཕྱུར་14ཡི་བརྩི་བཀུར་དང་རྒྱབ་སྐྱོར་ཐོབ་ཡོད་པ་དང་། དེ་ནི་ཀྲུང་གོའི་འཕེལ་རྒྱས་དང་བརྟན་ལྷིང་གི་རྩ་བའི་འགན་སྲུང་རེད། ཀྲུང་གོ་དང་ཨ་རི་གཉིས་མཉམ་གནས་བྱེད་པར་གལ་ཧ་ཅང་ཆེན་པོ་ཞིག་ནི་མི་འདྲ་བ་དེ་རིགས་ཁས་ལེན་དགོས་པ་དང་མི་འདྲ་བ་དེ་རིགས་ལ་བརྩི་འཇོག་བྱ་དགོས་པ་ལས། བཙན་ཤེད་ཀྱིས་གཅིག་གྱུར་ཡོང་བ་བྱེད་པ་དང་ཕ་རོལ་པོའི་ལམ་ལུགས་འགྱུར་རྩིས་དང་ཐ་ན་རྩ་སློག་གཏོང་རྩིས་བྱེད་པ་དེ་མིན། ཨ་རི་ཕྱོགས་ཀྱིས་འབྲེལ་ཡོད་ཁས་ལེན་དག་ཞིབ་ཕྲའི་བྱ་སྤྱོད་ཐོག་ནས་མངོན་པར་བྱེད་དགོས་པ་ལས། ཁ་ཞེ་མི་མཚུངས་པ་བྱ་རྒྱུ་མེད་ཅེས་བསྟན་གནང་ཡོད། ཞི་ཅིན་ཕིང་གིས། ཀྲུང་གོ་དང་ཨ་རི་ནི་ལོ་རྒྱུས་རིག་གནས་དང་། སྤྱི་ཚོགས་ལམ་ལུགས། འཕེལ་རྒྱས་ཀྱི་ལམ་བུ་བཅས་མི་འདྲ་བའི་རྒྱལ་ཁབ་ཆེན་པོ་གཉིས་རེད། སྔོན་ཆད་དང་ད་ལྟ་བར་ཧེ་བག་དང་མི་མཐུན་པའི་ཆ་ཡོད་ལ་སླད་ཕྱིན་ཡང་ཡོང་སྲིད་མོད། འོན་ཀྱང་དེ་ཉིད་ཀྲུང་གོ་དང་ཨ་རིའི་འབྲེལ་བ་འཕེལ་རྒྱས་འགྲོ་བའི་འགོག་རྐྱེན་དུ་འགྱུར་མི་རུང་། དུས་ནམ་ཞིག་ཡིན་ཡང་འཛམ་གླིང་ལ་འགྲན་རྩོད་ཡོད་མོད། འོན་ཀྱང་འགྲན་རྩོད་ནི་ཕན་ཚུན་དཔྱད་གཞིར་འཛིན་པ་དང་། ཕན་ཚུན་རྗེས་སྙེག་བྱེད་པ། ཐུན་མོང་ཐོག་ཡར་ཐོན་ཡོང་བ་བཅས་བྱ་དགོས་པ་ལས་ཁྱོད་ཕམ་ང་རྒྱལ་དང་ཁྱོད་ཤི་ང་གསོན་མ་ཡིན། ཀྲུང་གོར་འབད་བརྩོན་ལྷོད་མེད་བྱེད་པའི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་ཡོད་པས། བཙན་གནོན་དང་ཚོད་འཛིན་ཡོད་ཚད་ཀྱིས་ཀྲུང་གོའི་མི་དམངས་ཀྱི་འདུན་པ་དང་ངར་སེམས་འཕེལ་བར་བྱེད་པ་ལས་དེར་མགོ་བོ་སྒུར་དུ་བཅུག་མི་ཐུབ། ཉོ་ཚོང་དམག་འཐབ་དང་ཚན་རྩལ་དམག་འཐབ་རྒྱག་པ་དང་། མིས་རྐང་བཙུགས་ནསགྱང་བརྩིགས་མཁར་རྒྱགབྱེད་པ། འབྲེལ་ཐག་གཅོད་རྒྱུརསྐུལ་འདེད་ཤུགས་ཆེན་གཏོང་བ། ཁྲོམ་རའི་དཔལ་འབྱོར་གྱི་རྩ་དོན་དང་ཡོངས་སུ་རྒྱབ་འགལ་བྱེད་པ། རྒྱལ་སྤྱིའི་ཉོ་ཚོང་སྒྲིག་སྲོལ་ལ་གཏོར་བཤིག་གཏོང་བ་བཅས་བྱས་ན། རང་གཞན་གཉིས་ཀར་ཕན་ཐོགས་ཅི་ཡང་མེད། ང་ཚོས་དཔལ་འབྱོར་ཉོ་ཚོང་དང་ཚན་རྩལ་སྤེལ་རེས་བྱ་རྒྱུ་དེ་ཆབ་སྲིད་ཅན་དང་མཚོན་ཆ་ཅན་དུ་འགྱུར་བར་ངོ་རྒོལ་བྱེད་ཀྱི་ཡོད། མིག་སྔའི་དུས་བབ་འོག ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་ཐུན་མོང་གི་ཁེ་ཕན་ཉུང་དུ་ཕྱིན་མེད་པར་དེ་ལས་ལྡོག་སྟེ་མང་དུ་ཕྱིན་ཡོད། ཀྲུང་གོ་དང་ཨ་རི་གདོང་གཏུག་མི་བྱེད་པ་དང་ཁ་གཏད་དུ་མི་ལངས་པར་ཞི་བདེ་མཉམ་གནས་ཐུབ་པ་བྱ་རྒྱུ་ནི་རྒྱལ་ཁབ་གཉིས་པོའི་ཆེས་གཞི་རྩར་གྱུར་པའི་ཐུན་མོང་གི་ཁེ་ཕན་ཡིན། ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་མཉམ་འདྲེས་ཟབ་པ་དང་། འཕེལ་རྒྱས་ཀྱི་ལས་འགན་གསར་པ་འཕྲད་ཡོད་པས། ཕ་རོལ་པོའི་འཕེལ་རྒྱས་ཁྲོད་ནས་ཕན་པ་ཐོབ་པ་བྱེད་དགོས་པ་དེ་ཡང་ཐུན་མོང་གི་ཁེ་ཕན་ཞིག་རེད། གོ་ལ་ཧྲིལ་པོའི་དཔལ་འབྱོར་རིམས་ནད་རྗེས་ཀྱི་སླར་གསོ་དང་། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ། ས་ཁུལ་གྱི་གླེང་མང་བའི་གནད་དོན་ཐག་གཅོད་བྱེད་པ་བཅས་ཀྱང་ཀྲུང་ཨའི་མཐུན་སྦྱོར་མཉམ་ལས་དང་ཁ་འབྲལ་ཐབས་མེད་ཅིང་། དེ་ཡང་ཐུན་མོང་གི་ཁེ་ཕན་རེད། ཕྱོགས་གཉིས་པོས་ཕན་ཚུན་བརྩི་འཇོག་དང་། གཉིས་ཕན་གཉིས་ཁེ། ཁྱོན་ཡོངས་ལ་དམིགས་པ་བཅས་བྱས་ནས་ཕྱོགས་གཉིས་པོའི་མཉམ་ལས་ལ་ཁོར་ཡུག་བཟང་པོ་ཞིག་དང་འབྲེལ་བ་བརྟན་པོ་ཞིག་མཁོ་འདོན་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།     པའེ་ཏེང་གིས། ང་རང་དང་ཀྲུའུ་ཞི་ཞི་ཅིན་ཕིང་ངོ་ཤེས་ནས་ལོ་མང་སོང་རིང་རྒྱུན་གཏན་རང་བཞིན་གྱི་འབྲེལ་གཏུག་རྒྱུན་འཁྱོངས་བྱེད་ཀྱི་ཡོད་མོད། འོན་ཀྱང་གང་འདྲ་བྱས་ཀྱང་དེས་ངོ་ཐུག་ཐུག་འཕྲད་ཀྱི་ཚབ་བྱེད་ཐུབ་ཀྱི་མེད། ཁྱེད་ཀྱིས་ཡང་བསྐྱར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའི་འགན་བཞེས་པར་རྟེན་འབྲེལ་ཞུ་རྒྱུ་ཡིན། རྒྱལ་ཁབ་ཆེན་པོ་གཉིས་ཡིན་པའི་ཨ་ཀྲུང་གཉིས་ལ་དགེ་མཚན་ལྡན་པའི་འབྲེལ་བ་རྒྱུན་འཁྱོངས་བྱེད་པའི་འགན་འཁྲི་ཡོད། ཨ་རི་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་པོའི་གཙོ་བདག་དང་དེ་བཞིན་སྲིད་གཞུང་གི་རིམ་པ་ཁག་གི་འབྲེལ་གཏུག་ཐབས་ལམ་ཤར་བགྲོད་ཐུབ་རྒྱུར་གཞོལ་ནས་ཕྱོགས་གཉིས་པོའི་བར་གནས་པའི་ཕྱོགས་འགལ་གྱི་གནད་དོན་ཐད་ལྷག་བསམ་ཟོལ་མེད་ངང་སྐད་ཆ་ཤོད་རེས་བྱེད་པ་དང་། གནམ་གཤིས་འགྱུར་ལྡོག་དང་འབྲུ་རིགས་བདེ་འཇགས་སོགས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ཆེན་པོར་ཁ་གཏད་གཅོག་ཆེད་དགོས་ངེས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་འགག་རྩའི་ནུས་པ་འདོན་སྤེལ་བྱེད་ཀྱི་ཡོད། དེ་ནི་ཨ་ཀྲུང་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་ངོས་ནས་བརྗོད་ན་གལ་འགངས་ཤིན་ཏུ་ཆེ་བ་ཞིག་ཡིན་ལ་འཛམ་གླིང་ཧྲིལ་པོར་ཡང་གལ་འགངས་ཤིན་ཏུ་ཆེ་བ་ཞིག་རེད། བརྟན་ལྷིང་དང་འཕེལ་རྒྱས་ཀྱི་ཀྲུང་གོ་ནི་ཨ་རི་དང་འཛམ་གླིང་གི་ཁེ་ཕན་དང་འཚམ་གྱི་ཡོད། ཨ་རིས་ཀྲུང་གོའི་སྒྲིག་སྲོལ་ལ་བརྩི་འཇོག་བྱེད་པ་ལས་ཀྲུང་གོའི་སྒྲིག་སྲོལ་ལ་འགྱུར་བ་གཏོང་རྒྱུའི་བསམ་བློ་མེད་པ་དང་། འཇམ་འཐབ་གསར་པ་སློང་བའི་བསམ་བློ་མེད་པ། མནའ་གྲོགས་ཀྱི་འབྲེལ་བར་ཤུགས་སྣོན་བརྒྱབ་ནས་ཀྲུང་གོར་ངོ་རྒོལ་བྱ་རྒྱུའི་བསམ་བློ་མེད་པ། ཐའེ་ཝན་རང་བཙན་ལ་རྒྱབ་སྐྱོར་མི་བྱེད་པ། ཀྲུང་གོ་གཉིས་དང་ཀྲུང་གོ་གཅིག་དང་ཐའེ་ཝན་གཅིག་ཟེར་བ་ལ་ཡང་རྒྱབ་སྐྱོར་མི་བྱེད་པ། ཀྲུང་གོ་དང་གདོང་གཏུག་ཤོར་འདོད་མེད་པ་བཅས་བསྐྱར་བསྒྲགས་བྱེད་འདོད་ཡོད། ཨ་རི་ཕྱོགས་ལ་ཀྲུང་གོ་དངའབྲེལ་ཐག་གཅོད་པའིབསམ་བློ་མེད་པ་དང་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ལ་བཀག་འགོག་བྱེད་པའི་བསམ་བློ་མེད་ལ་ཀྲུང་གོར་བསྐོར་བཀག་བྱེད་པའི་བསམ་བློ་ཡང་མེད་ཅེས་གསུངས་པ་རེད།     པའེ་ཏེང་གིས། ཨ་ཀྲུང་འབྲེལ་བ་གོང་འཕེལ་ཇི་ལྟར་གཏོང་རྒྱུ་དེ་འབྱུང་འགྱུར་གྱི་འཛམ་གླིང་འཕེལ་ཕྱོགས་ཐད་གལ་འགངས་ཤིན་ཏུ་ཆེ་བ་ཞིག་རེད། ཨ་ཀྲུང་གིས་ཕྱོགས་འགལ་དོ་དམ་ཚོད་འཛིན་བྱས་ནས་གོ་ནོར་ཐེབས་པ་དང་བརྡར་ཤ་གཅོད་ནོར་ཤོར་བའམ་ཡང་ན་འགྲན་རྩོད་དྲག་པོ་བྱས་ཏེ་ཁ་གཏད་དུ་ལངས་པ་དང་ཐ་ན་གདོང་ཐུག་ཤོར་རྒྱུ་སྔོན་འགོག་བྱེད་པའི་ཐད་ཨ་ཀྲུང་ཕྱོགས་གཉིས་པོར་ཐུན་མོང་གི་འགན་འཁྲི་ཡོད་པ་འཛམ་གླིང་ལ་མངོན་དགོས། ཨ་རི་ཕྱོགས་ཀྱིས་ཨ་ཀྲུང་འབྲེལ་བར་མཛུབ་ཁྲིད་བྱེད་པའི་རྩ་དོན་གཏན་འཁེལ་བྱེད་དགོས་པ་དང་ཕྱོགས་གཉིས་པོའི་ཚོགས་པས་ད་ཡོད་ཀྱི་ཐུན་མོང་ངོས་འཛིན་གྱི་རྨང་གཞིའི་ཐོག་མུ་མཐུད་གྲོས་མོལ་བྱས་ནས་གང་སྔ་ངོས་འཛིན་གཅིག་མཐུན་ཡོང་བའི་བརྩོན་ལེན་བྱ་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད། ཨ་རི་སྲིད་གཞུང་གིས་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་བསྟར་བྱེད་པ་དང་། ཐའེ་ཝན་གྱི་གནད་དོན་དེ་ཡོ་བྱད་དུ་བརྩིས་ནས་ཀྲུང་གོ་བཀག་འགོག་གི་བྱ་ཐབས་འཚོལ་ཞིབ་མི་བྱེད་པར་ཐའེ་ཝན་མཚོ་འགག་ཞི་བདེ་བརྟན་ལྷིང་ཡོང་བ་མཐོང་འདོད་བྱེད་ཀྱི་ཡོད་ཅེས་གསུངས་འདུག

རྒྱལ་ཁབ་གཉིས་པོའི་གཙོ་བདག་ནས་ཕྱོགས་གཉིས་པོའི་ཕྱི་འབྲེལ་ཚོགས་པས་འཐབ་ཇུས་འབྲེལ་གཏུག་རྒྱུན་འཁྱོངས་བྱེད་པ་དང་རྒྱུན་ལྡན་རང་བཞིན་གྱི་གྲོས་མོལ་བྱ་རྒྱུའི་མོས་མཐུན་གནང་བ་དང་། རྒྱལ་ཁབ་གཉིས་པོའི་ནོར་སྲིད་དང་དངུལ་རྩའི་ཚོགས་པས་སྤྱི་ཁོག་དཔལ་འབྱོར་སྲིད་ཇུས་དང་དཔལ་འབྱོར་ཉོ་ཚོང་སོགས་ཀྱི་གནད་དོན་ཐད་སྐད་ཆ་ཤོད་རེས་དང་མཐུན་སྦྱོར་བྱ་རྒྱུའི་མོས་མཐུན་གནང་བ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་སྒྲོམ་གཞིའི་སྤྱི་ཆིངསཀྱི་ཆིངས་ཡིག་འཇོག་མཁན་ཕྱོགས་ཀྱི་ཚོགས་ཆེན་ཐེངས་ཉེར་བདུན་པ་ལེགས་འགྲུབ་ཡོང་རྒྱུར་ཐུན་མོང་ཐོག་སྐུལ་འདེད་ཧུར་ཐག་གཏོང་རྒྱུའི་མོས་མཐུན་གནང་བ། ཕྱོགས་གཉིས་པོའི་བར་རྒྱལ་ཁབ་གཉིས་པོའི་སྤྱི་པའི་འཕྲོད་བསྟེན་དང་། ཞིང་ལས་དང་འབྲུ་རིགས་བདེ་འཇགས་ཐད་སྐད་ཆ་ཤོད་རེས་དང་མཉམ་ལས་བྱ་རྒྱུའི་ཐད་ངོས་འཛིན་གཅིག་མཐུན་བྱུང་ཡོད། ཀྲུང་ཨའི་མཉམ་འབྲེལ་ལས་དོན་ཚོགས་ཆུང་ཡག་པོ་སྤྱད་དེ་ཞིབ་ཕྲའི་གནད་དོན་དེ་བས་མང་བ་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུའི་མོས་མཐུན་གནང་བ། ཀྲུང་ཨའི་བར་མི་ཆོས་རིག་གནས་ཀྱི་སྤེལ་རེས་བྱ་རྒྱུ་དེ་གལ་འགངས་ཧ་ཅང་ཆེན་པོ་ཡིན་པས། རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་ཁག་གི་མི་སྣའི་བར་འགྲོ་འོང་བྱེད་རྒྱ་ཆེ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་རྒྱུའི་མོས་མཐུན་གནང་ཡོད་པ་རེད།     རྒྱལ་ཁབ་གཉིས་པོའི་གཙོ་བདག་ནས་ད་དུང་ཡུག་རེན་གྱི་ཉམས་ཉེན་སོགས་ཀྱི་གནད་དོན་ཐད་དགོངས་འཆར་བརྗེ་རེས་གནང་ཡོད། ཞི་ཅིན་ཕིང་གིས། ཀྲུང་གོ་ཕྱོགས་ནས་མིག་སྔའི་ཡུག་རེན་གྱི་དུས་བབ་ལ་དོ་ཁུར་ཆེན་པོ་བྱེད་བཞིན་ཡོད། ཉམས་ཉེན་ཐོན་རྗེས། ང་རང་ནས་འོས་པ་བཞིབཏོན་པ་དང་། མི་རིང་བའི་གོང་ང་རང་ནས་སླར་ཡང་ཐུན་མོང་བཞིབཏོན་པ་ཡིན། ཡུག་རེན་གྱི་ཉམས་ཉེན་ལྟ་བུའི་གོ་ལ་ཧྲིལ་པོའི་རང་བཞིན་དང་མཉམ་འདུས་རང་བཞིན་གྱི་ཉམས་ཉེན་ལ་བསམ་གཞིགས་ནན་ཏན་བྱེད་རིན་ཡོད་པའི་དོན་ཚན་ཁ་ཤས་ཡོད་པ་སྟེ། གཅིག་ནི་གདོང་ཐུག་དང་དམག་འཁྲུག་ལ་རྒྱལ་ཁ་ཐོབ་མཁན་མེད་པ་དང་། གཉིས་ནི་རྙོག་འཛིང་ཆེ་བའི་གནད་དོན་ལ་སྟབས་བདེ་བའི་ཐག་གཅོད་བྱེད་ཐབས་མེད་པ། གསུམ་ནི་རྒྱལ་ཁབ་ཆེན་པོའི་བར་ངེས་པར་དུ་ཁ་གཏད་དུ་མི་ལངས་པ་བྱ་དགོས། ཀྲུང་གོ་ཕྱོགས་ནས་ཐོག་མཐའ་བར་གསུམ་དུ་ཞི་བདེའི་ཕྱོགས་སུ་ལངས་ནས་མུ་མཐུད་ཞི་བདེ་དང་གྲོས་མོལ་ལ་སྐུལ་མ་གཏོང་རྒྱུ་དང་། ཨུ་རུ་སུ་དང་ཡུག་རེན་ཕྱོགས་གཉིས་པོས་ཞི་བའི་གྲོས་མོལ་སླར་གསོ་བྱ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་མ་ཟད་རེ་སྒུག་བྱེད་བཞིན་ཡོད། དེ་དང་དུས་མཚུངས་ཨ་རི་དང་། བྱང་ཆིངས། ཡོ་རོབ་མནའ་འབྲེལ་བཅས་ཀྱིས་ཨུ་རུ་སུ་དང་ཁྱོན་ཡོངས་ནས་སྐད་ཆ་ཤོད་རེས་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་གསུངས་འདུག     རྒྱལ་ཁབ་གཉིས་པོའི་གཙོ་བདག་ནས་ད་ཐེངས་ཀྱི་ཐུག་འཕྲད་ནི་གཏིང་ཟབ་ལ་སྦ་གསང་མེད་པ་དང་དགེ་མཚན་ལྡན་པ་ཞིག་ཡིན་པས། རྒྱལ་ཁབ་གཉིས་པོའི་ལས་དོན་ཚོགས་པས་རྒྱལ་ཁབ་གཉིས་པོའི་གཙོ་བདག་དབར་བྱུང་བའི་ཐུན་མོང་ངོས་འཛིན་གལ་ཆེན་ལ་དུས་ཐོག་ཏུ་རྗེས་འདེད་དང་དེ་དག་དོན་འཁྱོལ་ཡོང་བ་བྱེད་པ་དང་། བྱ་སྤྱོད་ཏན་ཏིག་སྤེལ་ཏེ་ཀྲུང་ཨའི་འབྲེལ་བ་བརྟན་པོའི་ངང་གོང་འཕེལ་འགྲོ་བའི་ལམ་བུའི་ཐོག་བསྐྱར་ལོག་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས་པའི་ངོས་འཛིན་གནང་ཡོད། རྒྱལ་ཁབ་གཉིས་པོའི་གཙོ་བདག་ནས་རྒྱུན་གཏན་རང་བཞིན་གྱི་འབྲེལ་བ་མུ་མཐུད་རྒྱུན་འཁྱོངས་བྱ་རྒྱུའི་མོས་མཐུན་གནང་ཡོད་པ་རེད།     ཏིང་ཤུའེ་ཞང་དང་། ཝང་དབྱི། ཧོ་ལི་ཧྥེང་སོགས་མཇལ་འཕྲད་ནང་ཞུགས་ཡོད་པ་རེད།

ཡོང་ཁུངས།  ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། 


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 0wo3 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23573026
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།