སློབ་གླིང་གསར་འགྱུར། དགེ་རྒན་འཇིགས་མེད་རྒྱལ་མཚན་གྱིས་གསུང་བཤད་གནང་།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 4 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» སློབ་གླིང་གསར་འགྱུར། »སློབ་གླིང་གསར་འགྱུར། དགེ་རྒན་འཇིགས་མེད་རྒྱལ་མཚན་གྱིས་གསུང་བ
སློབ་གླིང་གསར་འགྱུར། དགེ་རྒན་འཇིགས་མེད་རྒྱལ་མཚན་གྱིས་གསུང་བཤད་གནང་།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2022-11-06ལྟ་ཀློག (3400)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

སློབ་གླིང་གསར་འགྱུར། 

 ངེད་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གིས་ལོ་རེའི་འཆར་ཅན་ལྟར་ད་ལོའི་སློབ་མ་གསར་བ་དངོས་སུ་བསྡུས་ཤིང་སློབ་འགོ་ཚུགས་པའི་ཚོགས་འདུ་དེ་རིང་དྲ་ལམ་ནས་བསྡུས་པ་རེད། དེ་ཡང་རིམས་ནད་ཀྱི་དབང་གིས་ད་ལོར་གསར་ཞུགས་སློབ་མ་རྣམས་དངོས་སུ་སློབ་གླིང་དུ་འདུས་ནས་རྒྱུགས་ལ་ཞུགས་པ་མ་ཡིན་པར།ལོ་གཅིག་གི་རིང་ལ་མིང་ཐོ་བཀོད་པའི་གོ་རིམ་ལྟར་དྲ་ལམ་ནས་འབྲེལ་བ་བྱས་ཤིང་།རེ་རེ་བཞིན་ཕྱོགས་ཀུན་ནས་རྒྱུས་ལོན་བྱས་རྗེས་གཏན་འཁེལ་བྱས་པ་ཡིན་ལ།ད་ལོར་ཁྱོན་སློབ་མ་༢༢༤སློབ་གྲྭར་བླངས། 

  གསར་ཞུགས་སློབ་མ་རྣམས་དྲ་ལམ་ནས་འཛིན་གྲྭ་བཀར་བར་མ་ཟད་རང་རང་གི་འཛིན་གྲྭའི་འཛིན་བདག་དགེ་རྒན་གྱིས་བཀོད་སྒྲིག་བྱས་པ་ལྟར་དྲ་ལམ་གྱི་སློབ་ཁྲིད་ལ་དུས་ལྟར་ཞུགས་ཤིང་།དོ་ནུབ་སློབ་གླིང་གི་དབུ་འཛིན་རྒན་པ་སློབ་དཔོན་འཇིགས་མེད་རྒྱལ་མཚན་མཆོག་གིས་དྲ་ལམ་ནས་གསར་ཞུགས་སློབ་མ་ཡོངས་ལ་གསུང་བཤད་གནང་། 

  ཁོང་གིས་ཐོག་མར་ད་ལོའི་སློབ་མ་བསྡུ་ལུགས་དང་དེའི་རྒྱུ་མཚན།དེ་བཞིན་གསར་ཞུགས་སློབ་མ་ཞིག་ལ་མཚོན་ན་ཐོག་མར་ཀུན་སྤྱོད་བཅོས་སྒྱུར་དང་།བསམ་བློ་བཅོས་སྒྱུར་བཏང་སྟེ་མི་གཞི་ཀུན་སྤྱོད་ལེགས་པའི་རྨང་གཞིའི་སྟེང་སློབ་གླིང་རང་གི་སྦྱང་བྱ་མཐའ་དག་ལ་འབད་བརྩོན་བྱ་དགོས་ཚུལ།སློབ་གླིང་འདིར་བོད་རང་གི་སྲོལ་རྒྱུན་རིག་གནས་གཞིར་བཞག་གིས་དེང་རབས་ཀྱི་ཤེས་ཡོན་གང་འཚམ་སློབ་དགོས་ཚུལ་དང་།གཙོ་བོ་བོད་རང་གི་རིག་གནས་ཆེ་བ་དག་འཐུས་ཚང་བ་ཞིག་དཀའ་ཡང་རིག་གནས་ཆུང་བ་ལྔ་སྒྲ་རྩིས་དང་བཅས་པ་མཐར་ཆགས་སུ་སློབ་ཐུབ་པའི་འཆར་གཞི་བཟོས་ཏེ་ལག་བསྟར་གྱིས་ཁྲིད་བཞིན་ཡོད་པས།འདི་དག་ཞིབ་ཏུ་བསླབ་ན་བོད་ཡིག་གི་ཕྱོགས་ནས་ཆུ་ཚད་མཐོན་པོར་བསླེེབ་ཐུབ་པ།དེ་ནས་སློབ་མཐར་ཕྱིན་སྐབས་ཀྱང་རྒྱལ་ཁབ་ཀྱི་ལག་རྟགས་ཚད་ལྡན་བླངས་ཏེ་མུ་མཐུད་དུ་སློབ་གྲྭ་ཆེན་མོ་དང་།ཞིབ་འཇུག་སོགས་སྔར་ཡང་འདོན་མཁན་མང་ལ་གསར་ཞུགས་རྣམས་ཀྱང་ལམ་ཁ་དེ་བཞིན་འགྲོ་ཆོགདེས་ན་ཐོག་མར་སློབ་གླིང་འདི་ལ་ཞུགས་པའི་དམིགས་ཡུལ་དང་།འདི་ནས་སློབ་སྦྱོང་ཅི་ལྟར་བྱ་རྒྱུ་ཡིན་པ།མ་འོངས་པ་ན་ཅི་ལྟ་བུ་ཞིག་ཏུ་འགྱུར་བར་འབད་འདོད་པ་སོགས་དམ་བཅའི་ཡི་གེ་རེ་ངེས་པར་འབྲི་དགོས་ལ།རྗེས་སོར་རང་ཉིད་རང་གི་དམ་བཅའི་སྟེང་དུ་གནས་ཡོད་མེད་སོགས་ལ་བརྟག་དགོས་ཚུལ།ལྷག་ཏུ་རིམས་ནད་སོགས་ཛ་དྲག་ཆེ་བའི་དུས་འདིར་སྲིད་གཞུང་དང་སློབ་གསོའི་ལས་ཁུངས་ཀྱི་བཀོད་སྒྲིག་ལྟར་འགྲོ་ལུགས་ཆ་ཚང་བ་བསྒྲུབ་རྒྱུ་དང་།རང་ཉིད་ཀྱི་བདེ་ཐང་ལ་གཟབ་རྒྱུ་གལ་ཆེ་ཚུལ་སོགས་དུས་ཡུན་ཆུ་ཚོད་གཅིག་གི་རིང་ལ་གསུང་བཤད་ཟབ་ཅིང་རྒྱས་པར་གནང་། 

གསར་འགོད་པ། གྱི་ལིང་འཇིགས་མེད། 


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། ywo3 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23577517
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།