རྗེ་བཙུན་འཇིགས་མེད་དཔལ་ལྡན་རྒྱ་མཚོའི་ཞལ་གདམས་བདུད་རྩི་རྒྱ་མཚོའི་ཐིགས་པ་ཞེས་བྱ་བ་བཞུགས་སོ། །
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 27 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» སློབ་གསོ།» དགོན་སྡེའི་སློབ་གསོ། »རྗེ་བཙུན་འཇིགས་མེད་དཔལ་ལྡན་རྒྱ་མཚོའི་ཞལ་གདམས་བདུད་རྩི་རྒྱ་མཚ
རྗེ་བཙུན་འཇིགས་མེད་དཔལ་ལྡན་རྒྱ་མཚོའི་ཞལ་གདམས་བདུད་རྩི་རྒྱ་མཚོའི་ཐིགས་པ་ཞེས་བྱ་བ་བཞུགས་སོ། །
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2022-11-06ལྟ་ཀློག (3470)རྩོམ་ཁུངས: རྩོམ་ཁུངས་འདེམ་བྱང་།པར་འདེབ།

༄༅། ། རྗེ་བཙུན་འཇིགས་མེད་དཔལ་ལྡན་རྒྱ་མཚོའི་ཞལ་གདམས་བདུད་རྩི་རྒྱ་མཚོའི་ཐིགས་པ་ཞེས་བྱ་བ་བཞུགས་སོ། །

སྦྱིན་བདག་གི་སྐོར།

 

   རྒྱ་སྦྱིན་བདག་བཙལ་ན་གྲུབ་རྟགས་སྟོན་དགོས། རྒྱ་མིས་སྐྱེ་བ་ཕྱི་མ་གང་དུ་སྐྱེ་རྒྱུ་རེད། ང་དོན་ཞིག་ཡོད་པས་འགྲུབ་རྒྱུ་ཨེ་རེད་ཅེས་གསལ་བོར་མི་བཤད། སྔ་མར་ཅི་བྱས་ད་ལྟའི་ལུས་ལ་ལྟོས། །ཕྱི་མར་གར་སྐྱེས་རང་གི་སེམས་ལ་དྲིས། །ཞེས་གསུངས་པ་ལྟར་སྐྱེ་བ་གང་དུ་སྐྱེ་མིན་དེ་རང་ལ་ཐུག་ཡོད།

    དེང་སང་གྲྭ་བ་ཚོས་སྦྱིན་བདག་བུད་མེད་དང་འགྲོགས་ནས་ཟ་ཁང་སོགས་སུ་སོང་ནས་ཁ་བརྡ་སོགས་སྣ་ཚོགས་བྱེད། རིམ་བཞིན་བུད་མེད་ལ་འདྲིས་ནས་དམ་ཚིག་ཉམས་པའི་རྒྱུར་བྱེད། དེ་མིན་ཡང་བུད་མེད་དང་འདུག་འགྲེང་གི་ལྟུང་བ་རྒྱུན་དུ་འབྱུང་།

རྒྱུ་ནོར་གྱི་སྐོར།

    སྔོན་སྐྱེས་བུ་དམ་པ་དག་གིས་དངུལ་སྒོར་སྤྱོད་ཁང་ལ་འཇོག རང་ཅག་གིས་སྔས་མགོར་བཞག་ནས་ཟྭ་རྒྱག

བསོད་ནམས་ཟེར་བའི་འདུ་འཛི་དེ་ཡང་ཆོས་ཀྱི་བར་ཆད་ཡིན་པས་སྤོངས། །ཞེས་གསུངས་པ་ལྟར་བསོད་ནམས་ཡིན་ཟེར་ཚད་ལག་ཏུ་མི་ལེན། མཉམ་མེད་ཇོ་བོ་ཆེན་པོ་གང་དུ་འདུ་འཛི་ཡོད་ན་འབྲོ་བར་བྱེད། རང་ཅག་གང་ན་འདུ་འཛི་ཡོད་པ་དེ་ལ་རྒྱུགས། རང་ཅག་བསོད་ནམས་དང་འདུ་འཛི་སོགས་ཕྱིན་ཅི་ལོག་ལ་དགའ་བ་འདི་ཆོས་ཀྱི་བར་ཆད་ཡིན།

 

བྱེ་བྲག་སྨྲ་བས་འཕགས་པའི་རིགས་བཞི་འཇོག་པ་དབུ་མ་བས་འགོག་པ་ཡིན་མོད། རང་ཅག་རྣམས་ལ་དེ་རྒྱུད་ལ་སྐྱེས་པ་ཤིན་ཏུ་གལ་ཆེ་བ་ཡིན།

 

    དུང་ཙེ་མང་ན་སྲལ་རྒྱོ་རེད། ཁང་བ་བཟང་ན་སྲལ་རྒྱོ་རེད། རྒྱས་རྒྱས་མང་ན་སྲལ་རྒྱོ་རེད། དེ་དག་གིས་བཀའ་གདམས་པའི་དགེ་བའི་བཤེས་གཉེན་རྣམས་ལ་དགག་པ་བྱེད་པ་རེད། ས་ཁང་རེ་ཡོད་ན་དེས་བཟང་མོད། ད་དེས་མི་ཆོག་གི

 

    དེང་སང་རྒྱའི་མགྲོན་པོ་ལ་རེ་བཞིན་ཡོད་དེ། མགྲོན་པོ་མེད་ན་ད་ལོ་མགྲོན་པོ་མེད་པས་ཡོང་སྒོ་ཉུང་རྒྱུ་རེད་ཅེས་སེམས་ཁྲལ་བྱེད་མོད། ཡོང་སྒོ་ཉུང་ན་ཉུང་སྐྱོན་མེད། རྒྱའི་མགྲོན་པོ་ལ་རེ་སྟེ། དེ་དག་གི་སྒོར་མོ་མཁོ་མོད་མི་མི་མཁོ། དེ་འདྲ་བྱེད་མི་རུང་།

 

    སྔོན་ཤོག་བུ་ཉོས་ནས་སོང་ནས་དཔར་དགོས། ཤིང་དཔར་གྱི་གླ་དོང་ཙེ་འགའ་སྟེར་དགོས། པོད་གཅིག་དཔར་ན་ཇ་ལྡུག་དགོས། ད་ལྟ་རང་གིས་དཔར་ནས་བཙོང་སྟེ་མགོ་ནས་ལེན་པ་ཡིན།

 

    ད་ལྟ་རང་ཅག་གིས་འདུ་ཁང་བཙོང་། སྐུ་འདྲ་བཙོང་། གསུང་བཙོང་བ་སོགས་གང་ཡིན་ཡིན་བཙོང་མོད་འདང་བརྒྱག་རྒྱུ་ཤིན་ཏུ་མང་།

 

ཅ་ལག་མང་བོ་མེད་ན་ལེགས། ཅ་ལག་མང་ན་སྡོད་མི་ཚུགས། དགེ་བཤེས་གླང་རི་ཐང་བས་རང་གི་ཅ་ནེའི་ནང་དུ་མཆོད་པ་བཤམས་པ་ཡིན།

སྔོན་ཆད་དགེ་བཤེས་ཡིན་ན་སྐུ་གཤེགས་དུས་རྒྱུ་ནོར་མང་བོ་ཡོད་ན་ངོ་ཚ་ཡིན། ད་ལྟ་དགེ་བཤེས་དག་སྐུ་གཤེགས་དུས་རྒྱུ་ནོར་མེད་ཅིང་ཚོགས་སུ་འགྱེད་རྒྱ་ཆེན་པོ་མ་འགྱེད་ན་ངོ་ཚ་ཡིན་པས་ཕྱིན་ཅི་ལོག་ཏུ་སོང་། སྔོན་ཆད་ཀྱི་དགེ་བཤེས་དག་ལ་ཅི་ཡང་མེད་མོད་ད་ལྟའི་དགེ་བཤེས་དག་ལ་རླངས་འཁོར་སོགས་མི་འཛོམས་པ་མེད།

 

    དེང་སང་དོང་ཙེ་མང་བོ་སྟེར་མཁན་ལ་ངར་བ་ཞིག་རེད་ཟེར། འདོད་ཡོན་རྒྱས་ན་བཟང་ན་ཐང་མོད། དེ་ལས་འདུལ་བའི་ཕྱག་ལེན་གསུང་མཁན་ཞིག་ཡིན་ན་ལེགས། སྐུ་ཡོན་ཅན་ལ་ཕྱག་འཚལ་དགོས་པ་ལས། ཨ་ལགས་ཚོ་ལ་ཕྱག་འཚལ་དོན་མེད་དེ། ཧོར་ཚང་དགེ་བཤེས་ཀྱིས་མགོ་སྐམ་པོ་དང་ལག་པ་རློན་པ་གཉིས་ཐུག་པ་ལ་དགོས་པ་མེད་གསུངས་པ་བཞིན་ནོ། །


    ད་ལྟ་དགོན་པ་འདིའི་གཞོན་པ་དག་གིས་སྒོར་མོ་གསོག་གིན་མེད་པ་འདྲ་སྟེ། དེ་ནི་ཤིན་ཏུ་ལེགས། ཡིན་ཡང་ལོ་ཡར་སོན་ན་གསོག་ན་ཐང་།

    དགེ་བཤེས་ཡིན་ཟེར་བ་དག་ཀྱང་རྒྱ་ནག་ལ་སོང་ནས་རྒྱུ་ནོར་གསོག་པ་ཡིད་ཆད་སྤྱད་ཡིན། རྒྱ་གར་ན་ལྷ་རམས་པ་འགའ་རེས་སྐྱ་སར་བབས་ནས་རྒྱུ་ནོར་གསོག་པ་ཡོད་དེ་ཡིད་ཕམ་མོ། །

    ཨ་ཁུ་ཚོས་སྤྲང་བོས་ཟ་ཟ་བྱས་ན་ལེགས་ཏེ། ཆོས་ཕུགས་སྤྲང་ལ་གཏོད་པ་ཞེས་གསུངས་པ་བཞིན་ཨ་ཁུ་ཚོ་སྤྲང་བོ་ཡིན་ན་ལེགས། །


རྩོམ་ཁུངས།  ཤེས་རབ་གཡང་དཔེ་མཛོད་ཁང་གི་འཕྲིན་སྟེགས།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། fc5i བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23547422
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།