ཞེན་ཆགས་ཀྱི་རྨི་ལམ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 4 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» བཅད་རྩོམ། » ཞེན་ཆགས་ཀྱི་རྨི་ལམ།
ཞེན་ཆགས་ཀྱི་རྨི་ལམ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2022-10-20ལྟ་ཀློག (4455)རྩོམ་ཁུངས: ངེད་དྲ་བ།


དབུ་འཇིགས་མེད་ནིམདོ་སྨད་ཡུལ་གྱི་བོང་སྟག་སྡེ་བའི་ཁོངས་མི་ཡིན། སློབ་སྦྱོང་གི་ཞར་ཞོར་དུ་སྙན་ངག་ཐན་ཐུན་རེ་བྲིས་པ་ཡིན། སྔ་ཕྱིར《ཁ་བཏགས་དཀར་པོ་དུས་དེབ། 》《གངས་དཀར་པོ་རྩོམ་རིག་སྒྱུ་རྩལ།》《ཁྲུང་ཁྲུང་དཀར་པོ་ལོ་དེབ།》 《གུར་ཀུམ་གསར་བའི་ཆུན་པོའི་དུས་དེབ།》《དཔལ་འཛོམས་ལོ་དེབ།》《ཅོ་ནེ་བའི་ལོ་དེབ།》《ཞག་སྒྲོན་དུས་དེབ།》《སྐྱ་རེངས་ལོ་དེབ》《ཚོ་ལྷོ་བོད་ཡིག་ཚགས་པར།》《ཁྲིམས་ལུགས་བོད་ཡིག་ཚགས་པར།》《ཀན་ལྷོའི་བོད་ཡིག་ཚགས་པར།》《ཁམས་པའི་བོད་ཡིག་ཚགས་པར།》《རྔ་བའི་བོད་ཡིག་ཚགས་པར།》《གཞིས་ཀ་རྩེ་ཉིན་རེའི་ཚགས་པར།》《མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ།》《མཚོ་སྔོན་པོ་བོད་ཡིག་དྲ་བ།》《བཙན་པོའི་མགར་གྱི་དྲ་བ།》《ཁམས་པའི་གསར་འགྱུར་དྲ་བ།》《མདོ་ལྷོ་དྲ་བ།》བོད་ཁུལ་གྱི་དུས་དེབ་དང་ལོ་དེབ་ཚགས་པར་སོགས་སྟེང་དུ་མང་དུ་སྤེལ་མྱོང་ཡོད་དོ།


ཞེན་ཆགས་ཀྱི་རྨི་ལམ།
དབུ་འཇིགས་མེད།  མཚོ་ལྷོ། 

དྭངས་གསལ་གཉུག་མ་ཡི་སྣང་བ།།
འགོག་མེད་རང་བྱུང་གི་འོད་ཟེེར།།
ཚོར་བ་མཐའ་མེད་ཞིག་ཁྱེར་ནས།།
ཚིག་ཚོཊ་མགུར་མ་ཞིག་བསྐྲུན་པ།།

གང་སྣང་ཚོར་བ་ཡིས་བསྡུས་ཀྱང་།།
གཟུགས་མེད་སྣང་བ་ཡི་མཛེས་སྡུག།
གཉུག་སེམས་མེ་ལོང་གི་སྒྲོམ་ཆུང་།།
སྙན་ངག་ཚིག་འགྱུར་གྱི་གཡང་རྟེན།།

སེམས་པའི་དཀྱིལ་འཁོར་གྱི་ཉི་འོད།།
དབྱངས་ཅན་ལྷ་མོ་ཡི་འཛུམ་དཀར།།
ཞེན་ཆགས་བརྒྱ་སྟོང་གི་བརྩེཊ་རིམ།།
བརྗོད་འདས་གཟུཊ་མེད་དུ་གྱུར་བ།།

སྒྲིབ་མེད་སེམས་ཉིད་ཀྱི་འོད་གསལ།།
རྫོགས་མེད་སྙན་ངག་གི་བཞུར་རྒྱུན།།
དྭངས་གསལ་ཚོར་བ་ཡི་འཇའ་ཚོན།།
རྟོག་བཏཊ་ཚིག་མགུར་གྱི་དབུ་རྒྱན།།

ནམ་མཁའི་དཀྱིལ་འཁོར་གྱི་ཟླ་འོད།།
དྲན་འཛིན་གུར་ཁྱིམ་དུ་འཕྲོས་བྱུང་།།
མཛེས་དཀར་ཟླ་གཟུགས་ཀྱི་གཞི་ལ།།
ཞེན་ཆགས་རྨི་ལམ་ཞིག་བསྲེས་བྱུང་།།

འོད་གསལ་སེམས་ཉིད་ཀྱི་གཉུག་མ།།
ཞེན་ཆགས་རྨི་ལམ་གྱིས་བསྒྱུར་ནས།།
དྲན་སྣང་མཐའ་མེད་ཀྱི་བཞུར་རྒྱུན།།
འཁོར་འདས་སྣང་སེམས་དུ་བསྲེས་པ།།

ཞི་དབྱིངས་རག་མེད་ཀྱི་ཚོར་གཤིས།།
གཟུགས་མེད་སྣང་བ་ཡིས་བསྡུས་པ།།
སྐྱིད་སྡུག་འདྲེས་མ་ཡི་དབྱངས་རྟས།།
འཁོར་བའི་ཉིན་སྲིབ་དེ་བསྒྱུར་བྱུང་།།

༢༠༢༢.༨.༦ཉིན་བརྩམས།

སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། a7yd བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23575357
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།