བོད་ཀྱི་པཎྜི་ཏའི་དཀར་ཆག (ལྔ་བ) ​ ས་བཟང་མ་ཏི་པཎ་ཆེན།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 3 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» མི་སྣ།» བོད་ཀྱི་གནའ་རབས་མི་སྣ། »བོད་ཀྱི་པཎྜི་ཏའི་དཀར་ཆག (ལྔ་བ) ​ ས་བཟང་མ་ཏི་པཎ་ཆེན།
བོད་ཀྱི་པཎྜི་ཏའི་དཀར་ཆག (ལྔ་བ) ​ ས་བཟང་མ་ཏི་པཎ་ཆེན།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2022-10-19ལྟ་ཀློག (3956)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ས་བཟང་མ་ཏི་པཎ་ཆེན།

གྲུབ་མཐའ། ཇོ་ནང་པ།

འཁྲུངས་འདས། ༡༢༩༤-༡༣༧༦

  ས་བཟང་མ་ཏི་པཎ་ཆེན་མཆོག་ནི། རབ་བྱུང་ལྔ་བའི་ཤིང་ཕོ་རྟའི་སྤྱི་ལོ་(༡༢༩༤)ལོར་སྟོད་མངའ་རིས་ཡུལ་དུ་ཡབ་བསོད་ནམས་དཔལ་གྱི་སྲས་སུ་སྐུ་འཁྲུངས།  ཇོ་ནང་ཀུན་མཁྱེན་ཡབ་སྲས་བཅུ་བཞིའི་ནང་ཚན་བྱམས་པའི་སྤྲུལ་བ་ཡིན་ལ། བཙས་མ་ཐག་གོམ་གསུམ་བཞེས་ནས་བྱམས་པའི་སྤྲུལ་པའི་འགྲོ་དོན་མཛད་ཚུལ་གྱི་ཚིགས་བཅད་གསུངས།  དགུང་ལོ་བཞི་ནས་བྱམས་པའི་ཆོས་ལྔ་ཁ་ཏོན་མཛད། དགུང་ལོ་བཅོ་ལྔའི་སྐོར་ནས་མཁས་པའི་གྲགས་པ་ཆེན་པོ་ཐོབ་ཅིང་དབང་ལུང་མན་ངག་མང་པོ་གསན། ལོ་ཉེར་ལྔར་ཞྭ་ལུར་བྱོན་ནས་མཁན་ཆེན་དྲུང་ནས་བསྙེན་རྫོགས་མཛད། དེར་དབྱར་ཆོས་མཁའ་འགྲོ་རྒྱ་མཚོའི་རྒྱུད་གསུངས་པའི་ཆོས་གྲྭར་ཀུན་མཁྱེན་ཆེན་པོའི་རྣམ་ཐར་གསན་པས་དད་པས་དབང་མེད་དུ་ཇོ་ནང་ལ་བྱོན་ཏེ་ཆོས་རྗེ་ཉིད་ལ་མངའ་བའི་ཆོས་ཡོངས་རྫོགས་ཞུས་ཏེ་ཀུན་ལ་མཁས་པའི་ཐུགས་སྲས་མཆོག་ཏུ་གྱུར།  

   སྤྱི་ལོ་(༡༣༣༤)ལོར་དོལ་པོ་བའི་བཀའ་བཞིན་ལོ་ཙྰ་བ་བློ་གྲོས་དཔལ་དང་ལྷན་དུ་རྒྱུད་འགྲེལ་དང་རྒྱུད་འགྲེལ་དྲི་མེད་འོད་ཟེར་བྱ་བ་ཞུ་དག་མཛད། སྤྱི་ལོ་(༡༣༣༧)ལོར་བླ་མ་ཟླ་བ་རྒྱལ་མཚན་པས་ཕུལ་བ་བཞིན་ས་བཟང་དགའ་ལྡན་དགོན་ཞལ་འཛིན་མཛད་ཅིང་། སྣར་ཐང་དང་། ཞྭ་ལུ། རྭ་ལུང་། ས་སྐྱ། གསང་ཕུ་སོགས་དབུས་གཙང་དགོན་སྡེའི་གྲྭ་བཙུན་མང་དུ་འདུས། སྤྱི་ལོ་(༡༣༧༥)ལོར་རྗེ་ཙོང་ཁ་པར་འཇམ་དབྱངས་དང་ཀྱེ་རྡོར་སོགས་ཀྱི་ཆོས་སྐོར་གསུངས། གསུང་རྩོམ་སྐོར་ལའང་། སྒྲ་ཊིཀྐ་སྤྱོད་འགྲེལ། བླང་དོར་རབ་གསལ། རྩིས་ཐིག་སོགས་མང་དུ་མཛད། ཞལ་སློབ་ལའང་།  རེད་མདའ་བ་གཞོན་ནུ་བློ་གྲོས་སོགས་མང་དུ་བསྐྱངས།  དགུང་ལོ་གྱ་གསུམ་པ་རབ་བྱུང་དྲུག་པའི་མེ་འབྲུག་ཕྱི་ལོ་(༡༣༧༦)ལོའི་ཐ་སྐར་ཟླ་བའི་ཚེས་བཅོ་ལྔར་སྐུ་གཤེགས། 


གསལ་བཤད། 

བོད་ཀྱི་པཎྚི་ཏའི་དཀར་ཆག་རབ་གསལ་མེ་ལོང་ཞེས་བྱ་བ་འདི་ནི་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སྐབས་ཉེར་ལྔ་བའི་མཐར་ཕྱིན་བོད་ཡིག་ཆེས་མཐོའི་འཛིན་གྲྭས་འཚོལ་སྡུད་དང་ཕྱོགས་བསྒྲིགས་བྱས་པ་ཞིག་ཡིན་ཞིང་།   དེབ་འདིའི་རྩོམ་སྒྲིག་འགན་ཁུར་བ་གཤེན་མི་དང་། སྤྱང་ཡེ་ཤེས། བེ་རི་རྒྱལ་མཚན་བཅས་ཀྱིས་ཡིད་འཐད་བྱུང་ནས་མ་ཡིག་མཁོ་སྤྲོད་བྱས་པ་བཞིན་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དྲ་བར་མུ་འགོད་བྱས་པ་ཡིན། 



སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 63u9 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23572347
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།