རྭ་རྒྱའི་མཐར་ཕྱིན་སློབ་མ་འོས་སྦྱོར། (བཅུ་བ) ཀརྨ་ལམ་བཟང་།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 26 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» མཐར་ཕྱིན་འོས་སྦྱོར། »རྭ་རྒྱའི་མཐར་ཕྱིན་སློབ་མ་འོས་སྦྱོར། (བཅུ་བ) ཀརྨ་ལམ་བཟང་།
རྭ་རྒྱའི་མཐར་ཕྱིན་སློབ་མ་འོས་སྦྱོར། (བཅུ་བ) ཀརྨ་ལམ་བཟང་།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2022-10-18ལྟ་ཀློག (7179)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

རྭ་རྒྱའི་མཐར་ཕྱིན་སློབ་མ་འོས་སྦྱོར། 

    དགེ་རྒན་ཀརྨ་ལམ་བཟང་ལགས་ནི་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་མཐར་ཕྱིན་སྐབས་གཉིས་པ་སྟེ། བོད་ལུགས་གསོ་རིག་ཆེད་སྦྱོང་འཛིན་གྲྭ་ཐོག་མའི་མཐར་ཕྱིན་སློབ་མ་ཡིན། ཁོང་ནི་རིམ་པར་མཚོ་ལྷོ་ཁུལ་འཕྲོད་བསྟེན་སློབ་གྲྭའི་བོད་སྨན་ཆེད་ལས་འཛིན་གྲྭ་དང་། མཚོ་སྔོན་ཞིང་ཆེན་བོད་ལུགས་གསོ་རིག་སློབ་གླིང་སོགས་སུ་སློབ་སྦྱོང་གནང་སྟེ་སློབ་མཐར་ཕྱིན་ཅིང་།   གསུམ་བཟང་སློབ་མའི་བྱ་དགའ་ཡང་ཐེངས་མང་ཐོབ་མྱོང་། སློབ་ཞོར་དུ་རྨ་ལྷོ་རྫོང་སོག་བོད་སྨན་ཁང་སོགས་གཞུང་སྒྲུབ་སྨན་ཁང་ཁ་ཤས་སུ་ལག་ལེན་ཉམས་མྱོང་གི་ཕྱོགས་ལ་དངོས་སྦྱོང་བྱས་ཤིང་། སྤྱི་ལོ་༢༠༠༥ ལོ་ནས་བཟུང་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དུ་བོད་ལུགས་གསོ་བ་རིག་པ་དང་བརྡ་སྤྲོད་སུམ་རྟགས་སོགས་སློབ་ཁྲིད་དགེ་རྒན་དང་། སློབ་གླིང་གི་སྨན་པའི་འགན་ཁུར་ནས་བོད་ཕྱི་ཟུང་འབྲེལ་གྱི་སྨན་བཅོས་བྱ་བ་མི་ལོ་བཅུ་ཕྲག་ལྷག་ལ་བསྒྲུབས། 

     ལས་ཞོར་དུ་མདོ་དབུས་ཁམས་གསུམ་གྱི་གསོ་རིག་མཁས་དབང་མང་བོའི་མདུན་དུ་གསོ་དཔྱད་ཀྱི་གཞུང་དང་རྒྱུད་འགྲེལ། ལག་ལེན་ཉམས་མྱོང་།  དབང་ལུང་མན་ངག་བཅས་མང་དུ་ཐོབ་པ་དང་། མཚན་ལྡན་གྱི་དགེ་བའི་བཤེས་གཉེན་དུ་མ་བསྟེན་ནས་སྒྲ་དང་རྩིས། ལམ་རིམ་བློ་སྦྱོང་གི་སྐོར་སོགས་གཞུང་ཁ་ཤས་ལ་སློབ་གཉེར་བྱས། 

   ཁོང་གིས་སློབ་གླིང་གི་གསོ་རིག་ཆེད་སྦྱོང་འཛིན་གྲྭའི་སློབ་མ་རྣམས་ཀྱིས་བོད་སྨན་ལག་ལེན་སློབ་སྦྱོང་བྱེད་པར་ཆེད་དུ་དམིགས་ནས། ༢༠༡༧ ལོར་སྤུན་གྲོགས་འཇིགས་མེད་རྡོ་རྗེ་ཡི་རོགས་འདེགས་འོག་དམེ་ཚང་སྡེ་བར་མ་དངུལ་དམངས་སྒོར་ཁྲི་༡༦༠ལྷག་བསླངས་ཏེ། བོད་ཕྱི་ཟུང་འབྲེལ་གྱི་སྨན་ཁང་སྟེ་འཇིགས་མེད་སྨན་རྩིས་འགྲོ་ཕན་གླིང་ཞེས་པ་སློབ་གླིང་ནས་གསར་དུ་བཙུགས་པ་ནས་བཟུང་།  བོད་སྨན་ཆེད་སྦྱོང་སློབ་མ་ཚོས་ནད་ཐོག་ལག་ལེན་དང་། སྨན་སྦྱོར་ལག་ལེན་ལ་སྔ་ན་མེད་པའི་སློབ་སྦྱོང་བྱེད་ཐུབ་པའི་གོ་སྐབས་བསྐྲུན་ཡོད།  

 ད་ལྟ་ཁོང་གིས་སློབ་གླིང་གི་དགེ་རྒན་དང་། སྨན་རྩིས་ཁང་གི་ལས་འགན་གཙོ་བོར་ཁུར་ནས་རྒྱ་ཆེའི་མང་ཚོགས་ནད་པ་རྣམས་ལ་ནད་བརྟག་སྨན་བཅོས་ཀྱི་བྱ་བ་བྱེད་བཞིན་ཡོད་ཅིང་། སྔ་ཕྱིར་ཕུལ་བྱུང་དགེ་རྒན་གྱི་བྱ་དགའ་དང་། འཇིགས་མེད་ཀུན་སྤྱོད་བྱ་དགའ། ཕུལ་བྱུང་སྨན་པའི་བྱ་དགའ་སོགས་ཐོབ་མྱོང་།  

གསལ་བཤད།  

    གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དྲ་བར་ཆེད་དུ་སློབ་གླིང་འདིའི་ཕུལ་བྱུང་མཐར་ཕྱིན་སློབ་མ་རྣམས་འོས་སྦྱོར་བྱེད་ཀྱིན་ཡོད་པས། མཐར་ཕྱིན་འཛིན་གྲྭ་སོ་སོའི་སྤྱི་ཚོགས་སྟེང་གཟེངས་ཐོན་གྱི་མཐར་ཕྱིན་སློབ་མ་དག་སློབ་ཚོགས་གཞུང་ལས་ཁང་དུ་འོས་སྦྱོར་གནང་རོགས་ཞུ།  

སློབ་ཚོགས་གཞུང་ལས་ཁང་གི་ཁ་པར་ཨང་གྲངས།   

15283703999 

15109745084


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 3 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 2yr5 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
  རྭ་རྒྱའི་མཐར་ཕྱིན་སློབ་མ་འོས་སྦྱོར། (བཅུ་བ) ཀརྨ་ལམ་བཟང་།   སྤེལ་མཁན།: གངས་འོད། སྤེལ་དུས:2022/10/1
ཕྲན་གྱི་འཛིན་བདག་ཁོང་གི་རླབས་ཆེན་བྱ་བའི་བརྒྱུད་རིམ་དང་སེམས་ཅན་ནད་པའི་སྡུག་བསྔལ་སེལ་བྱེད་ཉིན་བྱེད་ལྟ་བུའི་སྐུ་དྲིན་ནམ་ཡང་བརྗེད་མི་སྲིད།
  རྭ་རྒྱའི་མཐར་ཕྱིན་སློབ་མ་འོས་སྦྱོར། (བཅུ་བ) ཀརྨ་ལམ་བཟང་།   སྤེལ་མཁན།: འཇམ་དབྱངས་ཡོན་ཏན སྤེལ་དུས:2022/10/1
ངན་སྐར་ཟེར་ས་འདི་མཛུབ་མོས་མནོན་ནོར་ཤོར་དུས་ཕར་བསུབ་རྒྱུ་མི་འདུག་པས་ཇི་ལྟར་བྱ།
  རྭ་རྒྱའི་མཐར་ཕྱིན་སློབ་མ་འོས་སྦྱོར། (བཅུ་བ) ཀརྨ་ལམ་བཟང་།   སྤེལ་མཁན།: སྲས་མཆོག སྤེལ་དུས:2022/10/1
ཁོང་ནི་སྤྱོད་ཡོན་གཉིས་འཛོམས་ཀྱི་དོན་དམ་པའི་ར་རྒྱའི་མཐར་ཕྱིན་སློབ་མའི་མིག་དཔེ་ལྟ་བུ་ཞིག་ཡིན། སྐུ་ཚེ་བརྟན།
  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
23531609
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།