མཚོ་སྔོན་འཐུས་ཚབ་ཚོཊ་པས་ཚོཊ་ཆེན་གྱི་སྙན་ཞུ་ལ་སློབ་སྦྱོང་བྱས།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 3 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» རྒྱལ་ཕྱི་ནང་གསར་འགྱུར། »མཚོ་སྔོན་འཐུས་ཚབ་ཚོཊ་པས་ཚོཊ་ཆེན་གྱི་སྙན་ཞུ་ལ་སློབ་སྦྱོང་བྱས།
མཚོ་སྔོན་འཐུས་ཚབ་ཚོཊ་པས་ཚོཊ་ཆེན་གྱི་སྙན་ཞུ་ལ་སློབ་སྦྱོང་བྱས།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2022-10-17ལྟ་ཀློག (2322)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

མཚོ་སྔོན་འཐུས་ཚབ་ཚོགས་པས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུ་ལ་སློབ་སྦྱོང་དང་གྲོས་སྡུར་བྱས།

ཟླ་བཅུ་པའི་ཚེས་བཅུ་དྲུག་ཉིན་གྱི་ཕྱི་དྲོར། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པར་ཞུགས་པའི་མཚོ་སྔོན་འཐུས་ཚབ་ཚོགས་པས་ཚང་འཛོམས་གྲོས་ཚོགས་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་སྟེང་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུ་རྩོམ་འབྲི་བྱེད་པའི་བྱ་བའི་སྐོར་གྱི་གསལ་བཤད་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། ཚོགས་ཆེན་གྱི་སྙན་ཞུ་སློབ་སྦྱོང་དང་གྲོས་སྡུར་ནན་མོ་བྱས། འཐུས་མི་ཚོས་མཐའ་གཅིག་ཏུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ནས་ཕུལ་བའི་སྙན་ཞུ་ལ་ཧ་ཅང་འཐད་པ་ཡིན་པ་དང་མཐའ་གཅིག་ཏུ་བརྩི་སྲུང་བྱེད་རྒྱུ་ཡིན་ལ། གཏན་ཕབ་གཉིས་ཀྱི་ཐག་ཆོད་རང་བཞིན་གྱི་དོན་སྙིང་ལ་རྒྱུས་ལོན་སྔར་ལས་གསལ་བོ་བྱེད་པ་དང་། བསམ་བློ་དང་འགུལ་སྐྱོད་གཉིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སྟེང་གཅིག་གྱུར་བྱེད་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེང་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ཁྱོན་ཡོངས་ནས་མངོན་འགྱུར་བྱེད་པའི་ཐད་མཐུན་སྒྲིག་འབད་འཐབ་བྱེད་རྒྱུ་ཡིན་པའི་ཚུལ་བསྟན།

འཐུས་མི་ཞིན་ཁྲང་ཞིང་གིས་བཤད་རྒྱུར། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུ་ལ་ཉན་ན། མི་སེམས་འགུལ་བ་དང་སྟོབས་ཤུགས་ཀྱི་ཁེངས་ཡོད་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལྟ་བུའི་རླབས་ཆེ་བའི་གཙོ་འཛིན་ཞིག་ཡོད་པ་ང་ཚོའི་གཟི་བརྗིད་ཡིན་པ་དང་། རླབས་ཆེན་གྱི་དུས་རབས་འདིར་ང་རྒྱལ་སྐྱེས་ཡོང་ལ། དུས་རབས་གསར་བའི་ལོ་བཅུའི་རླབས་ཆེན་འཕོ་འགྱུར་ཐད་ང་རྒྱལ་སྐྱེས་ཡོང་བ་དང་། ང་ཚོས་གཉེར་བཞིན་པའི་རླབས་ཆེན་ལས་དོན་ཐད་ང་རྒྱལ་སྐྱེས་ཡོང་ཞིང་། ང་ཚོའི་ལོ་བརྒྱའི་ཏང་ཆེན་གྱི་དར་རྒྱས་འགྲོ་བཞིན་པའི་རྣམ་པར་ང་རྒྱལ་སྐྱེས་ཡོང་།

འཐུས་མི་ཞིན་ཁྲང་ཞིང་གིས་བཤད་རྒྱུར། སྙན་ཞུའི་ལངས་ཕྱོགས་བརྟན་པ་དང་དྲང་འཛིན་གསར་གཏོད་བྱེད་པ། མཐོང་རྒྱ་ཆེ་བ་དང་གོ་དོན་གཏིང་ཟབ་ལ། འཆར་གཞི་བཀོད་པ་དང་ཁ་ཕྱོགས་གསལ་བོ་བསྟན་ཡོད། སྙན་ཞུའི་འགོ་མཇུག་བར་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་བདེན་ལུགས་ཀྱི་གཟི་འོད་ཀྱིས་ཁྱབ་ཡོད་པ་དང་། འགོ་མཇུག་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐབས་མཁས་ཇུས་མཆོག་དང་མཐོང་རྒྱ་ཆེན་པོ། བརྩེ་སེམས་ཟབ་མོ། ལོ་རྒྱུས་ཀྱི་ཁག་ཁུར་བཅས་མངོན་པར་བྱས་ཡོད་ལ། དེ་ནི་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་རིག་སྟོབས་གཅིག་ཏུ་བསྡུ་བ་དང་མི་དམངས་ཀྱི་འདོད་བློ་མཚོན་པ། ཏང་དང་རྒྱལ་ཁབ་འཕེལ་རྒྱས་ཐད་མཛུབ་ཁྲིད་བྱེད་པའི་རྩ་འཛིན་རང་བཞིན་གྱི་ཡིག་ཚགས་ཡིན་པས། རྒྱལ་སྤྱིའི་སྤྱི་ཚོགས་ལ་ཤན་ཤུགས་ཆེན་པོ་ཐེབས་ངེས་པ་དང་། ཏང་ཡོངས་དང་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་ངར་སེམས་ཆེར་སྐྱེད་དང་དཔའ་སྐྱེད་མདུན་སྐྱོད་བྱེད་པར་སྣེ་ཁྲིད་བྱས་ཏེ། དུས་རབས་་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལ་སྔར་ལས་མཚར་སྡུག་ལྡན་པའི་ལེའུ་འབྲི་ངེས།

འཐུས་མི་ཞིན་ཁྲང་ཞིང་གིས་བཤད་རྒྱུར། འདས་སོང་ལ་ཕྱིར་དྲན་བྱས་ན། གཏན་ཕབ་གཉིས་ནི་ལོ་བཅུའི་འོད་སྟོང་འབར་བའི་གྲུབ་འབྲས་ཀྱི་ཐག་གཅོད་རང་བཞིན་གྱི་རྒྱུ་རྐྱེན་གཙོ་བོ་ཡིན། མ་འོངས་པར་རྒྱང་ལྟ་བྱས་ན། གཏན་ཕབ་གཉིས་ནི་ང་ཚོ་ཏང་གིས་རང་འགུལ་དང་དགེ་མཚན། མ་འོངས་བརྩོན་ལེན་བྱེད་པའི་རྩ་བའི་འགན་སྲུང་དང་། ཉེན་ཁ་དང་འགྲན་རྩོད་ཡོད་ཚད་ལས་རྒྱལ་བ་དང་། རྒྱལ་ཁ་ནས་རྒྱལ་ཁ་གསར་བ་རུ་བསྐྱོད་པའི་ཐབས་མཆོག་ཡིན། དུས་རབས་གསར་བའི་སྐྱོད་ལམ་གསར་བའི་སྟེང་། ང་ཚོས་ངེས་པར་དུ་གཏན་ཕབ་གཉིས་བརྩི་སྲུང་བྱེད་པ་དང་། སྲུང་སྐྱོང་གཉིས་ལག་བསྟར་བྱེད་པའི་ཆབ་སྲིད་ཀྱི་རང་རྟོགས་ལ་བརྟེན་ནས། ངེས་པར་གསུམ་ཡིད་ལ་དམ་འཛིན་བྱེད་པ་དང་། བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་བགྲོད་ལམ་དུ་བསྐྱོད་པ། ཁ་ཕྱོགས་ལ་གདེང་ཚོད་ཡོད་པར་བྱེད་པ་དང་དམིགས་འབེན་གཏན་ཁེལ་གསལ་བོ་བྱེད་པ། གནས་ཚུལ་ཧྲིལ་བོ་ཁོང་དུ་ཆུད་པར་བྱེད་པ། དཀའ་སྤྱད་དངོས་གཉེར་བྱེད་པ། སེམས་ཤུགས་ཡོད་ཚད་བཏོན་ནས་སྙན་ཞུའི་དགོངས་པ་གལ་ཆེན་དང་ལྟ་ཚུལ་གལ་ཆེན། འཐབ་ཇུས་གལ་ཆེན། བྱེད་ཐབས་གལ་ཆེན་མཚོ་སྔོན་ནས་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་པར་སྐུལ་འདེད་གཏོང་བ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་མཚོ་སྔོན་དུ་ཁྱོན་ཡོངས་ནས་ལག་བསྟར་བྱེད་པར་སྐུལ་འདེད་བཏང་སྟེ། གྲུབ་འབྲས་གཡུར་དུ་ཟ་བ་ལེན་ཐུབ་པར་བྱེད་དགོས།

འཐུས་མི་ཝུའུ་ཞའོ་ཅུན་གྱིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕུལ་བའི་སྙན་ཞུ་ལ་ཉན་ན། སྟོབས་ཤུགས་ལྡན་པ་དང་བརྩོན་སེམས་སྐྱེད་ལ། མི་ལ་སྐུལ་སློང་ཐེབས་པར་བྱེད་པ་དང་། སྙན་ཞུའི་ཆུ་ཚད་མཐོ་ཞིང་ནང་དོན་གཏིང་ཟབ་པ་དང་། མཐོང་རྒྱ་ཡངས་ཤིང་རྔམ་བརྗིད་ལྡན་ལ། དུས་རབས་ལ་རྒྱུས་ལོན་ཟབ་མོ་བྱས་ཤིང་མ་འོངས་ཁྱབ་བསྒྲགས་བྱས་པ་དང་། དེར་ཆབ་སྲིད་ཀྱི་ཡིད་འགུག་ནུས་པ་དང་བསམ་བློའི་གཡོ་འགུལ་ནུས་པ། གཞུང་ལུགས་ཀྱི་རྟོལ་ཤུགས། ལག་ལེན་གྱི་འགུག་ཤུགས་ཆེན་པོ་ལྡན་ལ། དེ་ནི་སྲོག་ཤིང་གི་སྟོབས་ཤུགས་མངོན་པར་བྱས་པའི་རླབས་ཆེན་ཆབ་སྲིད་རྩ་གནད་དང་། དྲང་འཛིན་གསར་གཏོད་ཀྱི་རླབས་ཆེན་གཞུང་ལུགས་རྩ་གནད། དར་ཆ་བསྒྲེང་ནས་ཁ་ཕྱོགས་གཏན་ཁེལ་བྱེད་པའི་རླབས་ཆེན་འཐབ་ཇུས་ཀྱི་རྩ་གནད། ངར་སེམས་ཆེར་སྐྱེད་ཀྱི་རླབས་ཆེན་འགུལ་སྐྱོད་ཀྱི་རྩ་གནད། རང་ངོས་གསར་བསྒྱུར་གྱི་རླབས་ཆེན་ཏང་འཛུགས་ཀྱི་རྩ་གནད་བཅས་ཡིན།

འཐུས་མི་ཝུའུ་ཞའོ་ཅུན་གྱིས་བཤད་རྒྱུར། མཚོ་སྔོན་ལ་མཚོན་ནས་བཤད་ན། དུས་རབས་གསར་བའི་ལོ་བཅུ་བོ་དེ་ཆེས་སྤྱིར་བཏང་མིན་པའི་ལོ་བཅུ་ཡིན་ལ། དེར་རྡོ་རིང་རང་བཞིན་གྱི་དོན་སྙིང་ལྡན། ཞིང་ཆེན་གོང་འོག་ཡོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངག་བཅོས་ཡིད་ལ་དམ་པོར་བཟུང་བ་དང་། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར་བྱས་པ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་བྱས་པ།ཐོན་ལས་གནས་བཞི་འཛུགས་སྐྲུན་བྱས་པ། དམངས་ཚིས་བདེ་སྐྱིད་ཇེ་དྲག་ཏུ་གཏོང་བ་བཅས་བྱས་པས། མཚོ་སྔོན་གྱི་རི་བོ་སྔར་ལས་ལྗང་ཞིང་ཆུ་སྔར་ལས་དྭངས་ལ། གནམ་སྔར་ལས་སྔོ་བ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུ་སྔར་ལས་ཇེ་ཡངས་སུ་སོང་ལ། རིགས་སོ་སོའི་མང་ཚོགས་ཀྱི་འཚོ་བའི་རྒྱུ་སྤུས་སྔར་ལས་བཟང་བ་དང་སྔར་ལས་བདེ་སྐྱིད་ལྡན་པར་གྱུར། དུས་རབས་གསར་བར་འབད་འཐབ་ཀྱིས་བསྐྱོད་ན། ཆེས་རྩ་བ་ནི་སྔར་ལས་རང་རྟོགས་སྒོས་གཏན་ཕབ་གཉིས་བརྩི་སྲུང་བྱེད་པ་དང་། སྲུང་སྐྱོབ་གཉིས་ལག་བསྟར་བྱེད་པའི་ཕུགས་འདུན་ཡིད་རྟོན་ཇེ་བརྟན་དུ་གཏོང་བ། ཆེས་གཙོ་བོ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་སློབ་སྦྱོང་དང་རྒྱུས་ལོན། ལག་བསྟར་བྱེད་པའི་རང་རྟོན་རང་བཞིན་ཇེ་དྲག་ཏུ་གཏོང་བ། ཆེས་གནད་འགག་ནི་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱིས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ཁྱོན་ཡོངས་ནས་མངོན་འགྱུར་བྱེད་པའི་འཐབ་ཇུས་ངེས་ཤུགས་སྔར་ལས་ཇེ་མཐོར་གཏོང་བ། ཆེས་བྲེལ་མྱུར་ཆེ་བ་ནི་དཔའ་ངར་ཆེན་པོས་སྔོན་ཐོན་བརྩོན་ལེན་བྱེད་པའི་འགན་འཁྲི་ཇེ་དྲག་ཏུ་གཏོང་བ་བཅས་ཡིན་པས། སྲིད་གཞུང་གི་འགན་ནུས་བསྒྱུར་བ་དང་སྲིད་གཞུང་གི་ཕན་ནུས་མཐོར་འདེགས་གཏོང་བར་བརྟེན་ནས་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་དེ་ཆུ་ཚད་གསར་བ་ཞིག་ཏུ་བསླེབ་པར་སྐུལ་འདེད་གཏོང་དགོས།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། b80e བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23572118
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།