སློབ་གཙོ་ནི་སློབ་གྲྭ་ཞིག་གི་བླ་སྲོག་གོ །
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 27 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» བསྒྱུར་རྩོམ། »སློབ་གཙོ་ནི་སློབ་གྲྭ་ཞིག་གི་བླ་སྲོག་གོ །
སློབ་གཙོ་ནི་སློབ་གྲྭ་ཞིག་གི་བླ་སྲོག་གོ །
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2022-10-07ལྟ་ཀློག (7576)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


སློབ་གཙོ་ནི་སློབ་གྲྭ་ཞིག་གི་བླ་སྲོག་གོ །

བན་ཤུལ་གདུགས་དཀར་རྒྱལ་གྱིས་བསྒྱུར།

        རྩེ་གྲའི་སློབ་གྲྭ་ཞིག་ཡིན་ཕྱིན་རྩེ་གྲའི་དགེ་རྒན་ཁོ་ནས་མི་ཆོག་པར་ད་རུང་རྩེ་གྲའི་སློབ་གསོ་དོ་དམ་པ་ཞིག་དགོས་ལ་རྩེ་གྲའི་སློབ་གཙོ་ཞིག་དེ་བས་ཀྱང་དགོས། 
        སློབ་གཙོ་ནི་སློབ་གསོ་ཁྱབ་སྤེལ་བྱེད་མཁན་དང་ལག་ལེན་མཁན། སྣེ་ཁྲིད་བྱེད་མཁན་ཡིན་ལ། སློབ་གྲྭ་གང་དེའི་སློབ་གསོའི་སྲོག་ཤིང་དང་འགག་རྩ་ཡིན་པས་སློབ་གྲྭའི་བླ་སྲོག་ལྟ་བུའོ། །དེ་བས་སློབ་གྲྭའི་སློབ་གསོ་དང་སློབ་ཁྲིད་དར་རྒུད་ཇི་ཡོང་ཐམས་ཅད་ལ་ཐད་ཀར་འབྲེལ་བ་དམ་ཟབ་ཡོད་པས་ཁྲག་རྩའི་རྒྱུ་ལམ་གཅིག་ཁག་ན་ལུས་ཡོངས་མི་བདེ་བའི་རྒྱུ་རུ་འགྱུར་སྲིད། 
        སློབ་གཙོ་ཡག་ཤོས་ཤིག་བྱེད་པ་ནི་སློབ་གྲྭའི་འགོ་ཁྲིད་ཀྱི་འདོད་བློ་ཙམ་གྱིས་མི་ཆོག་པར་སློབ་གྲྭ་དེའི་ཕྱོགས་ཡོངས་ཀྱི་སློབ་གསོའི་ཕུགས་འདུན་བཟང་བོ་ཞིག་བློ་མིག་ལ་འཆར་མཁན་ཞིག་བྱེད་དགོས། ཕུལ་བྱུང་སློབ་གཙོ་ཞིག་ལ་མི་གསོ་སྐྱོང་བྱེད་པའི་ཕུགས་བསམ་ཡོད་དགོས་ལ། དོ་དམ་གྱི་ཉམས་མྱོང་དང་མིའི་བག་ལ་ཞ་བའི་ནུས་པ་དེ་བས་སྔོག་འདོན་བྱས་ཏེ་མིའི་རིན་ཐང་ཤེས་རྟོགས་ཐུབ་ནས་ཕུལ་དུ་བྱུང་བའི་དགེ་རྒན་དཔུང་ཁག་ཅིག་གི་སྣེ་ཁྲིད་ཐུབ་རྒྱུ་དེའོ། །
གཅིག སློབ་གཙོ་ནི་དགེ་རྒན་ནོ། བྱམས་སེམས་ཀྱི་བརྩེ་བ་ཡོད་དགོས།
        སློབ་གཙོ་བཟང་བོས་ལྷག་བསམ་རྣམ་དག་གིས་སློབ་གསོའི་བྱ་གཞག་ལ་ལེགས་སྐྱེས་འབུལ་ཐུབ་མིན་ནི་ཁོས་ཅི་ཞིག་ཁྲིད་པ་དང་ཅི་ཙམ་དོ་དམ་བྱེད་པ་ལ་རག་ལས་མེད་པར། ཁོས་དགེ་རྒན་ཚོའི་སེམས་ནང་གི་འབར་བར་སྒུག་པའི་དཔལ་འབར་དེ་སྒྲོན་ནས་རང་ཉིད་ཀྱི་བརྩེ་སེམས་དང་ངང་རྒྱུད་རིང་བོ་དགེ་རྒན་དག་ལ་འཇོག་ཐུབ་མིན་ལ་རག་ལས་ཡོད།
        ཁོང་གིས་དགེ་རྒན་གྱི་མི་ཚེ་ཧྲིལ་བོར་འགན་འཁུར་ཐུབ་པ་དང་། དགེ་རྒན་ནི་དོ་དམ་གྱི་སྣོད་ཆས་སུ་མི་བརྩི་བ་མ་ཟད། དགེ་རྒན་དང་སྐར་གྲངས་ཀྱི་བར་ཐག་ནི་དམིགས་ཡུལ་ཁོ་ནར་མི་འཛིན་པར་བློ་གྲོས་ལ་བརྟེན་ནས་དགེ་རྒན་གྱིས་དཔེ་ཁྲིད་མི་སྐྱོང་བྱེད་པའི་རེ་འདོད་དང་ཕུགས་བསམ་དོན་གཉེར་བྱེད་པར་འབོད་སྐུལ་བྱེད་པ་དང་། དགེ་རྒན་ཇི་ལྟར་བྱས་ནས་སློབ་གསོ་གཏོང་མཁན་གྱི་ཕྱོགས་སུ་ཁྲིད་སྟོན་བྱ་རྒྱུ་དེ་རེད། 
        མདོར་དྲིལ་ན་སློབ་གཙོ་བཟང་བོ་ཞིག་ཡིན་ཕྱིན་ཁོང་གི་གཞན་སེམས་ཀྱི་བསམ་བློ་དང་བདེ་ཐང་གི་རིན་ཐང་ལྟ་བ། རང་ཉིད་ཀྱི་མི་གཤིས་ཀྱིས་དགེ་རྒན་དག་ལ་ཤུགས་རྐྱེན་ཐེབས་སུ་འཇུག་པ་དང་བག་ཆགས་བཟང་པོ་འཇོག་རྒྱུ་དེ་ཡིན་ནོ། །
གཉིས། སློབ་གཙོ་ནི་གྲོགས་པོའོ། བཟོད་སྒོམ་གྱི་སེམས་རྒྱ་ཡོད་དགོས།
        སློབ་གཙོ་ཡག་པོ་ཞིག་འཁྱོངས་བསམ་ན་ཐོག་མར་དགེ་རྒན་བཟང་པོ་ཞིག་བྱེད་དགོས། ཁོ་ནི་དགེ་རྒན་དང་ཉེ་བར་བཅར་སླ་བའི་ཕུ་བོ་དང་ཨ་ཅེ་ལྟ་བུ་ཡིན། དགེ་རྒན་ལ་དགེ་རྒན་དགོས། འོན་ཀྱང་ཁོ་ཚོར་གྲོགས་པོ་ལྷག་ཏུ་མཁོ།
        སློབ་གཙོ་བཟང་པོ་ཞིག་ཡིན་ན། ཁོ་ནི་དགེ་རྒན་དག་གི་གྲོགས་པོ་བཟང་པོ་ཞིག་ཡིན་པ་མ་ཟད། དགེ་རྒན་དག་གི་ལས་སྐྱིད་སྡུག་མཉམ་དུ་མྱོང་ཐུབ་པ་དང་སེམས་མཐུན་པ་ཞིག་ཡིན་དགོས། རྒྱུན་ལྡན་གྱི་འཚོ་བའི་ཁྲོད་དུ་སེམས་མ་རྒས་པར་དངོས་གནས་དགེ་རྒན་གྱི་ཁྲོད་དུ་ཞུགས་དགོས་པ་རེད། སློབ་གསོ་དང་སློབ་ཁྲིད་དོ་དམ་གྱི་བྱ་འགུལ་སྣ་མང་ཁྲོད་དམངས་གཙོ། འཆམ་མཐུན། སྤྲོ་སྣང་ལྡན་པ་བཅས་ཀྱི་ལས་ཀའི་ཁོར་ཡུག་བསྐྲུན་ཐུབ་པ་དང་། དགེ་རྒན་གྱིས་སློབ་སྦྱོང་བྱེད་པའི་ནང་སེམས་ཀྱི་དགོས་མཁོ་ལ་འབོད་སྐུལ་བྱེད་ཐུབ་པ། དགེ་རྒན་གྱིས་རང་ཉིད་ཀྱི་འཇོན་ཐང་དང་བག་ལ་ཞ་བའི་ནུས་པ་ངོས་འཛིན་བྱེད་པར་རོགས་རམ་ཐུབ་པ། དགེ་རྒན་ལ་རང་ཉིད་ཀྱི་རང་གཤིས་ཡོད་པ་འཕེལ་རྒྱས་གཏོང་ཐུབ་པ། གཞན་ད་རུང་སློབ་ཁྲིད་ཀྱི་གསར་གཏོད་སྙིང་སྟོབས་དང་ལག་ལེན་བྱེད་ནུས་གསོ་སྐྱོང་བྱས་ཏེ་དགེ་རྒན་གྱི་ཚེ་གང་བོའི་སློབ་གསོར་རྨང་གཞི་འདིང་ཐུབ་པ་ཞིག་གོ །
གསུམ། སློབ་གཙོ་ནི་རྩིས་མཐོང་བྱེད་མཁན་ནོ། ཡིད་ཆེས་ཀྱི་བསམ་པ་ཡོད་དགོས།
        བསྟོད་བསྔགས་ནི་ཉི་འོད་དང་འདྲ་ཞེས་པ་ལྟར་སློབ་གཙོ་བཟང་པོས་དགེ་རྒན་ལ་བསྟོད་བསྔགས་མང་ཙམ་བྱ་དགོས་པ་མ་ཟད། དགེ་རྒན་ལ་བཅངས་པའི་རེ་བའང་མཚོན་པར་བྱ་དགོས།
        གང་ལེགས་ཤེ་ན། མི་གཞན་གྱི་ཁས་ལེན་དང་བསྔགས་བརྗོད་ཐོབ་པ་ནི་མི་རྣམས་ཀྱི་ཐུན་མོང་སེམས་ཁམས་ཀྱི་དགོས་མཁོ་ཡིན་པས། གལ་སྲིད་བློ་ཡིད་ཚིམ་ཚེ་དགེ་མཚན་ལྡན་པའི་ཡར་ཐོན་གྱི་སྒུལ་ཤུགས་ཤིག་ཏུ་གྱུར་ནས་སྐུལ་ལྕག་གི་ནུས་པ་ཐོན་གྱིན་ཡོད།
        སློབ་གཙོ་བཟང་བོ་ནི་སློབ་གསོ་གཏོང་མཁན་ལ་མཐོང་ཆེན་བྱེད་མཁན་ཞིག་ཡིན་དགོས་པ་སྟེ། དགེ་རྒན་རེ་རེ་ནི་མེ་ཏོག་རྐང་གཅིག་ཡིན་པར་ཡིད་ཆེས་བྱ་དགོས་པ་དང་། སློབ་གཙོས་ཁོ་ཚོར་ཉི་འོད་དང་མཁའ་རླུང་། ཆུ་བཅས་ཀྱིས་ཁེངས་པའི་བར་སྟོང་ཞིག་ཅིས་ཀྱང་མཁོ་འདོན་བྱས་ཏེ། ཁོ་ཚོར་རླུང་དང་བསྟུན་ནས་རང་གི་འདབ་མ་རྣམ་པར་བཀྲ་བའི་མེ་ཏོག་སྣ་བརྒྱ་བཞད་དུ་འཇུག་དགོས།
བཞི། སློབ་གཙོ་ནི་རང་གཅུན་པ་ཞིག་གོ གོང་བུར་འགྲིལ་བའི་སེམས་ཡོད་དགོས།
        སློབ་གཙོ་བཟང་པོ་ཞིག་ཡིན་ཚེ་ཡོན་ཏན་ལ་དོ་སྣང་བྱེད་དགོས་པ་མ་ཟད། དེ་ལས་གལ་ཆེ་བ་ནི་ད་དུང་ཁོག་རྒྱ་ཆེ་རུ་གཏོང་སའི་ནམ་མཁའ་དང་གནམ་གཤིས་གསོ་སྐྱོང་བྱེད་དགོས། དེར་བརྟེན་སློབ་གཙོ་བཟང་པོས་ཁ་དན་ཚིག་ལ་གནས་པ། ཡིད་རྟོན་གཞུང་དྲང་དང་ལས་གང་བྱས་མཐའ་འཁྱོལ་བ་བྱ་དགོས། དེ་ལྟར་བྱེད་རྒྱུ་ནི་སྤྱིར་བཏང་གི་ལས་སླ་བོ་ཞིག་མིན་པ་སྨོས་ཅི་དགོས།
        སློབ་གཙོ་བཟང་པོས་གཞན་ལ་རོགས་རམ་བྱེད་དགོས་པ་ལས་གཞན་ནི་རང་ཉིད་ལས་བརྒལ་བར་སྐྲག་མི་རུང་། གཞན་གྱི་བྱས་རྗེས་ཁས་ལེན་དགོས་ལ་གཞན་གྱི་ཡོན་ཏན་ཉམས་སུ་མྱོང་ཤེས་དགོས། ཁེངས་སྐྱུང་གིས་གཞན་གྱི་བསམ་འཆར་བསྡུ་ལེན་བྱས་ཏེ་དབྱེ་ཞིབ་ནན་མོ་བྱ་ཐུབ་པ་བཅས་བྱ་དགོས། དེ་ལྟར་བྱས་ན་སློབ་གཙོ་ཞིག་གི་མི་གཤིས་ཀྱི་སྟོབས་ཤུགས་ཆགས་པ་དང་། སློབ་གཙོ་རང་ཉིད་ཀྱི་ཤེས་རབ་དང་རྣམ་འགྱུར་རྣལ་མ་སོགས་ཆགས་ཐུབ། དེ་བཞིན་མིའི་བར་འགྲོ་འོང་བྱེད་པའི་བརྒྱུད་རིམ་ཁྲོད་མཉམ་འདྲེས་མཉམ་ལས་ཀྱི་འབོད་སྐུལ་དང་ནུས་ཤུགས་རང་བཞིན་གྱིས་འཕེལ་བར་འཐུས་སོ། །
ལྔ། སློབ་གཙོ་ནི་སྣེ་ཁྲིད་པའོ། མཉམ་ལས་ཀྱི་བསམ་པ་ཡོད་དགོས།
        སློབ་གསོ་སློབ་ཁྲིད་ཀྱི་ཞབས་ཞུའི་འདུ་ཤེས་གསར་བས་དགེ་རྒན་དོ་དམ་ལ་འགྲན་སློང་བ་དང་། དེས་སློབ་གཙོ་དོ་དམ་ལག་བསྟར་བྱེད་མཁན་ནས་སྣེ་ཁྲིད་པ་དང་། སྒྲིག་འཛུགས་བྱེད་མཁན། སྐུལ་འདེད་བྱེད་མཁན་བཅས་སུ་བསྒྱུར་དགོས་པའི་བླང་བྱ་བཏོན་ཡོད།
        སློབ་གྲྭའི་དོ་དམ་ནི་སློབ་གཙོ་དང་དགེ་རྒན་བར་གྱི་འགྲོ་འོང་དང་མཉམ་དུ་འཕེལ་རྒྱས་གཏོང་བའི་ཐུན་མོང་བྱ་འགུལ་གྱི་བརྒྱུད་རིམ་ཞིག་ཡིན་པ་དང་། དགེ་རྒན་ལ་ཞིབ་བཤེར་བཀོད་འདོམས་ཀྱི་རྣམ་པའི་དོ་དམ་གྱིས་སློབ་གཙོ་དང་དགེ་རྒན་དབར་ཕན་ཚུན་བསླབ་རེས་ཀྱིས་སློབ་གསོ་དང་སློབ་གསོ་ཡི་ཕུང་བོ་ངོ་མ་ཞིག་ཆགས་རྒྱུ་དེའོ། །
        སློབ་གཙོ་ཞིག་ཡིན་ན་དགེ་རྒན་ལ་དོ་དམ་བྱེད་པའི་བརྒྱུད་རིམ་ནི་ལྷག་བསམ་རྣམ་དག་གིས་སློབ་ཚན་འཆར་གཞི་ལག་བསྟར་བྱེད་པའི་བརྒྱུད་རིམ་ཙམ་མ་ཡིན་པར་ཕན་ཚུན་མཉམ་ལས་ཀྱི་སྒོ་ནས་སློབ་ཚན་གསར་སྤེལ་དང་ཕུན་སུམ་ཚོགས་པའི་སློབ་ཚན་གྱི་བརྒྱུད་རིམ་ཡིན། འདི་ལྟར་བྱས་ན་དགེ་རྒན་གྱི་སློབ་གསོ་དང་སློབ་ཁྲིད་ནི་ད་གཟོད་དགེ་རྒན་གྱི་ཁྱད་ཆོས་ལྡན་པའི་གསར་གཏོད་ཀྱི་བརྒྱུད་རིམ་ཞིག་ཏུ་འགྱུར་ཐུབ།
དྲུག སློབ་གསོ་ནི་རྟོགས་སད་པའོ། དཀའ་ངལ་སེལ་བའི་བསམ་པ་ཡོད་དགོས།
        དེང་རབས་སློབ་གྲྭའི་དགེ་རྒན་དོ་དམ་གྱི་སྲོག་ཤིང་ལ་ཕྱོགས་གཉིས་ཡོད་དེ། གཅིག་ནི་དོ་དམ་ལམ་ལུགས་ག་གེ་མོའི་འོག་མི་རེ་རེའི་ཧུར་བརྩོན་རང་བཞིན་དང་གསར་གཏོད་ནུས་ཤུགས་ཚད་ཆེས་ཆེ་བའི་སྒོ་ནས་འདོན་སྤེལ་བྱེད་ཐུབ་མིན་དང་། གཞན་ཞིག་ནི་མི་ཞིག་དོ་དམ་ལམ་ལུགས་འདི་འདྲའི་འོག་གསོན་པར་ལ་རྒྱ་དང་རིན་ཐང་ཡོད་མེད་དེ་ཡིན།
        སློབ་གཙོས་དགེ་རྒན་དོ་དམ་བྱ་བའི་ཁྲོད་དགེ་རྒན་གྱི་ལེགས་ཆ་ལ་དོ་སྣང་བྱས་ནས་དགེ་རྒན་ལ་བྱ་བ་དང་སློབ་སྦྱོང་གི་སྤྲོ་སྣང་ཚོར་དུ་འཇུག་དགོས།
        དགེ་རྒན་ལ་རོགས་རམ་བྱས་ནས་ཁོང་གི་ལས་ཀ་དང་སློབ་སྦྱོང་དེ་ཁོང་གི་ལེགས་ཆའི་ཐོག་འཛུགས་བསྐྲུན་བྱེད་དགོས། དེ་ལྟར་བྱས་ན་དགེ་རྒན་གྱིས་ལས་ཀ་ཧ་ཅང་ཡག་པོ་བྱེད་ཐུབ་པ་དང་།  འབྲས་བུ་བཟང་པོ་སྔར་ལས་ངར་ཤུགས་ཆེ་རུ་འགྲོ་ཐུབ་ལ། དགེ་རྒན་གྱིས་ལས་ཀ་ཇི་ཙམ་བྱས་ན་དེ་ཙམ་གྱིས་སྤྲོ་སྣང་ཆེ་རུ་འགྲོ་ཐུབ།
        མི་གཙོ་བོར་འཛིན་པའི་དོ་དམ་དེ་རིགས་ལུས་སེམས་བདེ་ཐང་ལ་ཕན་ཐོགས་ཡོད་པ་མ་ཟད། དུས་མཚུངས་སུ་ལས་ཀ་དང་སློབ་སྦྱོང་གི་ལས་ཆོད་ཀྱང་ཆེས་ཆེར་མཐོ་རུ་འགྲོ་བ་དང་། མིའི་རིན་ཐང་མཚོན་པ་དང་མི་ལ་བརྩི་འཇོག་བྱེད་པའང་མཚོན་ཐུབ། མི་རྩ་བར་འཛིན་པའི་སློབ་གྲྭའི་དོ་དམ་ནང་དོ་དམ་གྱི་རིན་ཐང་ཆེ་ཤོས་ནི་བྱ་བ་གང་ཞིག་བསྒྲུབས་པ་དང་མི་ག་ཚོད་ཤེས་རྟོགས་བྱུང་བ། མི་ག་ཚོད་གསོ་སྐྱོང་བྱས་པ་དེ་ཡིན་པ་ལས་བྱ་བ་གང་ཞིག་བསྒྲུབས་པ་དེ་མིན།
        སློབ་གཙོ་ནི་དགེ་རྒན་གྱིས་གསར་གཏོད་བྱས་པའི་འབྲས་བུ་རྙེད་མཁན་ངོ་མར་འགྱུར་བ་དང་། དགེ་རྒན་གྱིས་འཚོལ་ཞིབ་བྱེད་སྒོ་སྤེལ་བར་རྒྱབ་སྐྱོར་བྱེད་མཁན་དང་དཀའ་ངལ་སེལ་མཁན་དུ་འགྱུར་བ། དགེ་རྒན་གྱི་སེམས་ནང་གི་བརྩི་བཀུར་དང་དགའ་གུས་བྱེད་འོས་པའི་བྱམས་པ་དང་མཁས་པར་འགྱུར་བ་བཅས་བྱ་དགོས་སོ། །
བདུན། སློབ་གཙོ་ནི་བཟོད་སྒོམ་བྱེད་མཁན་ནོ། སྒོ་འབྱེད་ཀྱི་བསམ་པ་ཡོད་དགོས།
        གཅིག་དཔེ་བརྒྱ་འགེབས་དང་། བླང་བྱ་གཅིག་གྱུར། མིང་གཞི་གཅིག་མཐུན་བཅས་བྱ་རྒྱུ་ནི་ད་ལྟ་ལག་ལེན་བསྟར་བཞིན་པའི་དགེ་རྒན་གྱི་སློབ་གསོའི་ཁྲོད་དོ་དམ་བྱེད་པར་གནས་པའི་གནད་དོན་མངོན་གསལ་དོད་པོ་ཞིག་རེད།
        སློབ་ཁྲིད་གྲ་སྒྲིག་བྱེད་པར་རྣམ་པ་གཅིག་རྐྱང་ཅན་དང་། སློབ་ཁྲིད་ཀྱི་ཐབས་ལམ་ཡང་རྣམ་པ་སྣ་རྐྱང་ཅན། རྒྱུགས་ཀྱི་དཔྱད་འཇོག་གི་ཚད་གཞི་སྤྱོད་བཞིན་གདའ། འདི་ནི་རྣམ་པ་སྣ་ཚོགས་དང་རྣམ་པ་མི་འདྲ་བའི་དགེ་རྒན་དག་གསོ་སྐྱོང་རྣམ་པ་གཅིག་ཅན་གྱི་མི་ཞིག་ཏུ་བསྒྱུར་རྒྱུ་དེ་ཡིན་པས། དགེ་རྒན་ཡོངས་ཀྱི་སློབ་གསོ་དང་སློབ་ཁྲིད་ཀྱི་ཤེས་བྱ་སྤྱོང་འདོད་དང་ལས་ཀའི་ཧུར་སེམས་སྐུལ་སློང་བྱེད་པར་ཕན་ཐོགས་མེད།   
        སློབ་གཙོས་ངེས་པར་དུ་དགེ་རྒན་གྱི་ཁྱད་པར་ལ་ཞིབ་འཇུག་བྱས་ནས་རྒྱུ་ཆ་དོ་དམ་གྱི་ཚན་རིག་གི་གཞི་འཛིན་ས་རྙེད་དགོས། དགེ་རྒན་མི་འདྲ་བའི་རང་གཤིས་ཀྱི་ཁྱད་པར་ལ་གཞིགས་ནས་བླང་བྱ་མི་འདྲ་བ་བཏོན་ཏེ་དགེ་རྒན་དོ་དམ་བྱེད་ཐབས་མི་འདྲ་བ་སྤྱོད་དགོས།
བརྒྱད། སློབ་གཙོ་ནི་ཞབས་ཞུ་པའོ། མི་ཆོས་ཀྱི་བསམ་པ་ཡོད་དགོས།
        སློབ་གཙོས་བརྒྱུད་རིམ་གྱི་འགུལ་རྣམ་དོ་དམ་སྒྱུ་རྩལ་ཤེས་དགོས་པ་དང་། དགེ་རྒན་གྱི་བྱས་རྗེས་དང་ལས་ཆོད་ཀྱི་བརྒྱུད་རིམ་ཧྲིལ་བོའི་ནང་། སློབ་གྲྭའི་དོ་དམ་པས་དགེ་རྒན་ལ་ཞབས་འདེགས་ཞུ་བ་དང་། དགེ་རྒན་ལ་ལས་ཀའི་ཁོར་ཡུག་བཟང་བོ་བསྐྲུན་པའི་མི་གཤིས་ཅན་གྱི་དོ་དམ་འདུ་ཤེས་གང་ལེགས་མཚོན་དགོས།
        དགེ་རྒན་འཚར་ལོངས་ཡོང་བའི་བརྒྱུད་རིམ་ནས་གདེང་འཇོག་བྱས་རྗེས་ལ་ལྟ་སྟངས་འཛིན་པ་དང་དགེ་རྒན་ལ་ཡིག་ཚགས་བཟོས་ཏེ་དགེ་རྒན་གྱིས་ཕྱོགས་ཡོངས་ནས་རང་ཉིད་ངོས་ཟིན་རྒྱུར་རོགས་རམ་བྱས་ཏེ་འཚར་ལོངས་ཀྱི་དུས་རིམ་དང་ད་རུང་འབད་བརྩོན་བྱེད་དགོས་པའི་ཁ་ཕྱོགས་དང་མི་འདང་ས་གསལ་བོ་བཟོ་དགོས།
དགུ། སློབ་གཙོ་ནི་དཔེ་ཆ་པའོ། དཔེ་ཀློག་གི་བསམ་པ་ཡོད་དགོས།
        སློབ་གྲྭ་ཐོག་མར་དགེ་རྒན་ལ་བརྟེན་དགོས་པ་དང་། དགེ་རྒན་ནི་དཔེ་ཀློག་པ་རྟག་བརྟན་ཞིག་ཡིན་དགོས། སློབ་གཙོས་ནམ་རྒྱུན་ཚགས་པར་དང་དུས་དེབ་ཀློག་དགོས་ལ་དྲ་སྒང་སོགས་ལའང་དོ་སྣང་བྱེད་དགོས། འདི་ལྟར་བྱས་ན་རང་ཉིད་ཀྱིས་འཛམ་གླིང་དང་འཇིག་རྟེན་ལ་ཚོར་བ་གསར་བ་ཞིག་རྒྱུན་འཁྱོངས་དང་འདོན་སྤྲོད་བྱེད་ཐུབ། མ་ཟད་རང་ཉིད་ཀྱི་བསམ་བློ་གཏོང་སྟངས་ལ་སྐུལ་འདེད་དང་རང་གི་ལྟ་བ་དེ་དགེ་རྒན་དང་སློབ་མའི་རྗེས་སུ་མི་ལུས་པ་བྱེད་ཐུབ།
        སློབ་གཙོས་ཀྱང་འཛམ་གླིང་གི་སྐབས་དོན་དང་ལུས་རྩལ། རོལ་རྩལ་བཅས་ཀྱི་གསར་འགྱུར་ཁྲོད་ནས་དགེ་རྒན་དང་སློབ་མར་འབྲེལ་འདྲིས་བྱེད་པའི་བརྗོད་གཞི་རྙེད་དེ་ཕན་ཚུན་གྱི་འབྲེལ་འདྲིས་རང་བཞིན་ཇེ་མཐོར་གཏོང་སྲིད།
        དཔེ་ཆ་ཀློག་ན་རང་བཞིན་གྱིས་སློབ་གཙོའི་སྤུས་ཚད་མཐོར་འདེགས་དང་སློབ་གཙོའི་མི་གཤིས་ཀྱི་སྤོབས་པ་ཇེ་ཆེར་བཏང་ནས་ཁོས་དགེ་རྒན་དང་སློབ་མར་ཤུགས་རྐྱེན་ཐེབས་སྲིད།
བཅུ། སློབ་གཙོ་ནི་སློབ་དཔྱོད་པའོ། སློབ་གཉེར་གྱི་བསམ་པ་ཡོད་དགོས།
        མི་ཚེ་ནི་ཐོས་བསམ་ལ་བསྟིམ་ཚེ་ངོ་མཚར་ཆེ་ཞེས་པ་ནང་བཞིན་སློབ་གཙོ་ཞིག་ཡིན་པའི་ཆ་ནས་ཡི་གེ་ཙམ་ཤེས་པའི་དཔེ་ཁྲིད་པ་དང་དོ་དམ་པ་ཁོ་ན་ཙམ་གྱིས་མི་འགྲིག་པར་སྔོན་ཐོན་གྱི་སློབ་གསོའི་བསམ་བློ་དང་ལྟ་བ་བཅས་ལ་སློབ་སྦྱོང་བྱས་ཏེ་རང་ཉིད་ཀྱི་ཤེས་བྱ་མུ་ནས་གོང་འཕེལ་གཏོང་དགོས་པ་མ་ཟད་རྩོམ་འབྲི་ལ་བརྟེན་ནས་བསམ་བློ་སྟོན་དགོས།
        རང་ཉིད་ཀྱི་མཐོང་ཐོས་མྱོང་གསུམ་ནི་སློབ་གྲྭའི་སློབ་གཙོ་ཞིག་གིས་སློབ་སྦྱོང་དང་དོན་གཉེར། འཕེལ་རྒྱས། ལས་ཀའི་སྤྲོ་སྣང་མཐོར་འདེགས་བཅས་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཡིན་ལ། དེ་ལྟར་བྱས་ན་ད་གཟོད་རང་ཉིད་ཀྱི་སློབ་གསོ་དང་སློབ་ཁྲིད། དོ་དམ་ཉམས་མྱོང་གི་བཀག་རྒྱའི་རང་བཞིན་དང་ཕྱོགས་རེ་བའི་རང་བཞིན་སེལ་ཐུབ།
བཅུ་གཅིག སློབ་གཙོ་ནི་སྤྲོ་སྣང་ཅན་ནོ། སྤྲོ་སྣང་གི་བསམ་པ་ཡོད་དགོས།
        སློབ་གཙོའི་བྱ་བ་བདེ་སྐྱིད་ལྡན་མིན་ནི་སེམས་ཁམས་ཤིག་རེད། སྤྲོ་སྐྱིད་ཀྱི་སེམས་ཁམས་ཤིག་རྒྱུན་འཁྱོངས་བྱས་ན་བྱ་བ་དང་འཚོ་བ་ནི་སྣ་མང་ཕུན་སུམ་ཚོགས་པ་དང་བག་ཕེབས་སྤྲོ་སྐྱིད་ཀྱི་སྣང་བ་སྐྱིད་པོ་ཞིག་ཏུ་འགྱུར་སྲིད།  སློབ་གཙོའི་ལས་ཀ་ནི་དཀའ་ཚེགས་ཆེ་བ་དང་སྣ་རྐྱང་ཅན། ལས་ཀའི་ཁྲོད་བསམ་ཐོག་ལ་མི་ཡོང་བ་མང་པོར་འཕྲད་པ་ནི་གཡོལ་ཐབས་མེད་པ་ཞིག་ཡིན་མོད། འོན་ཀྱང་སློབ་གཙོས་ད་དུང་སྤྲོ་སྣང་རིང་ལུགས་ཀྱི་རྣམ་འགྱུར་རྒྱུན་འཁྱོངས་བྱས་ཏེ་མིག་གིས་སློབ་གསོ་འཚོ་དགོས། རྒྱུ་མཚན་ནི་སློབ་གཙོས་སྤྲོ་སྣང་ལྡན་པའི་ཁོར་ཡུག་ཅིག་འབད་པས་བསྐྲུན་ཏེ་དགེ་རྒན་དང་སློབ་མ་སྤྲོ་སྣང་ལྡན་པ་ཞིག་ཡོང་བ་བྱེད་ཀྱིན་ཡོད་ལ། སློབ་གཙོ་རང་ཉིད་ལའང་སྤྲོ་སྣང་ལྡན་པའི་སྐར་ཁུང་ཞིག་འཚོལ་དུ་འཇུག་གི་ཡོད་པས་རེད།
བཅུ་གཉིས། སློབ་གཙོ་ནི་གསར་གཏོད་མཁན་ནོ། གསར་གཏོད་ཀྱི་སེམས་ཡོད་དགོས།
        སློབ་གཙོས་དུས་དང་རྣམ་པ་ཀུན་ཏུ་རང་ཉིད་ཀྱི་གསར་གཏོད་འདུ་ཤེས་དང་བསམ་གཞིག་ནུས་པ་བཅས་ལ་བརྟེན་ནས་དགེ་རྒན་གྱི་གསར་གཏོད་ནུས་པར་སྐུལ་འདེད་དང་སྣེ་ཁྲིད་བྱ་དགོས། སློབ་ཁྲིད་ཁྲོད་རང་རྟོགས་ཀྱི་སྒོ་ནས་ཤེས་བྱ་སློབ་ཁྲིད་དང་གསར་གཏོད་ཀྱི་བསམ་གཞིགས་ཟུང་འབྲེལ་བྱས་ཏེ་དགེ་རྒན་གྱི་གསར་སྐྲུན་ནུས་བ་ཤེས་རྟོགས་དང་བསམ་གཞིགས་ཀྱི་དགེ་མཚན་སོགས་རིམ་པ་མང་བ་དང་ཟུར་མི་འདྲ་བའི་སྒོ་ནས་དགེ་རྒན་གསར་སྐྲུན་གྱི་སྙིང་སྟོབས་དང་གསར་སྐྲུན་བྱེད་ནུས་གསོ་སྐྱོང་བཅས་བྱ་དགོས།
བཅུ་གསུམ། སློབ་གཙོ་ནི་ལག་ལེན་པའོ། དབང་དུ་བསྡུ་བའི་སེམས་ཡོད་དགོས།
        སློབ་གཙོ་བཟང་བོའི་འཇོན་ཐང་གཙོ་བོ་ནི་དོ་དམ་ལས་གཞན་སློབ་ཁང་སློབ་ཁྲིད་ཡིན། སློབ་ཁྲིད་ཡག་པོ་བྱེད་རྒྱུ་དེ་སྤྱིར་བཏང་གི་འདུ་ཤེས་སྟེང་ལུས་མི་རུང་བར་རང་ཉིད་ཀྱི་སློབ་ཁྲིད་ཐད་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མངོན་གང་ཐུབ་བྱ་དགོས། དེར་བརྟེན་སློབ་ཁྲིད་ཀྱི་ལག་ལེན་ཁྲོད་རྒྱུན་ཆད་མེད་པར་གསོག་འཇོག་དང་ཕྱོགས་བསྡོམས་བྱས་པ་བརྒྱུད་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་སློབ་ཁྲིད་ཀྱི་ཁྱད་ཆོས་ཆགས་པར་བྱ་དགོས། འདི་ནི་ད་གཟོད་སློབ་གཙོ་ཞིག་གིས་དགེ་རྒན་གྱི་སེམས་འདུལ་ཐབས་དང་སློབ་གཙོ་ཞིག་གི་ལ་རྒྱ་འཛིན་སྟངས་ཀྱི་ཁྱད་ཆོས་སོ། །
(ཀྲུང་གོའི་དགེ་རྒན་ཚགས་པར་ལས་ཁོལ་དུ་ཕྱུང་ནས་བསྒྱུར།)

སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། oldr བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23547091
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།