ངས་བལྟས་ན་ཁོང་ཚོས་རང་གི་སྐད་ཡིག་སྤྱོད་པར་རྒྱབ་སྐྱོར་བྱ་རྒྱུ་ནི་སྲུང་སྐྱོབ་ཡག་ཤོས་རེད།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 3 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» རྒྱལ་ཕྱི་ནང་གསར་འགྱུར། »ངས་བལྟས་ན་ཁོང་ཚོས་རང་གི་སྐད་ཡིག་སྤྱོད་པར་རྒྱབ་སྐྱོར་བྱ་རྒྱུ་
ངས་བལྟས་ན་ཁོང་ཚོས་རང་གི་སྐད་ཡིག་སྤྱོད་པར་རྒྱབ་སྐྱོར་བྱ་རྒྱུ་ནི་སྲུང་སྐྱོབ་ཡག་ཤོས་རེད།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2022-08-21ལྟ་ཀློག (6450)རྩོམ་ཁུངས: མི་དམངས་དྲ་བ།པར་འདེབ།


“ངས་བལྟས་ན་ཁོང་ཚོས་རང་གི་སྐད་ཡིག་སྤྱོད་པར་རྒྱབ་སྐྱོར་བྱ་རྒྱུ་ནི་སྲུང་སྐྱོབ་ཡག་ཤོས་རེད”

   ཟླ་8ཚེས་17ཉིན། ཀྲུང་གུང་ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡིས་དུས་རབས་གསར་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གི་གྲུབ་འབྲས་དང་བྱེད་ཐབས་ཡོངས་བསྒྲགས་ཚོགས་འདུ་འཚོགས། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཀྲའོ་ཡུང་གིས་གསར་འགོད་པའི་དྲི་བར་ལན་འདེབས་སྐབས། གྲངས་ཉུང་མི་རིགས་མང་ཚོགས་ཀྱིས་རང་ཉིད་ཀྱི་སྐད་ཡིག་སློབ་སྦྱོང་བྱེད་པ་དང་རང་ཉིད་ཀྱི་སྐད་ཡིག་ཐོག་ནས་ལས་ཀ་བྱེད་པ་དང་འཚོ་བ་སྐྱེལ་བར་འགོག་རྐྱེན་གང་ཡང་མེད་ལ། ནུབ་ཕྱོགས་སྨྱན་སྦྱོར་གྱིས་བསམ་གཟས་ནས་བཤད་པའི་རིག་གནས་རྩ་མེད་དུ་གཏོང་བ་ཟེར་བའི་གནད་དོན་རྩ་བ་ནས་མེད་ཅེས་བཤད་པ་རེད།

   དོན་དངོས་སུ། ཀྲུང་གོའི་རྩ་ཁྲིམས་དང་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་བཅའ་ཁྲིམས་ཀྱིས་གཏན་འབེབས་གསལ་བོ་བྱས་ཡོད་དེ། རྒྱལ་ཁབ་ཀྱིས་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་གཏོང་བའི་ཁྲིམས་ལུགས་ཀྱི་གོ་གནས་ཁ་གསལ་དུ་བཏང་བ་མ་ཟད། གྲངས་ཉུང་མི་རིགས་ཀྱིས་རང་ཉིད་ཀྱི་སྐད་ཡིག་སློབ་སྦྱོང་དང་ཉེར་སྤྱོད་བྱེད་པའི་རང་དབང་ལ་འགན་སྲུང་ཁ་གསལ་བྱས་ཡོད། བཅའ་ཁྲིམས་ལྟར་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་ཤུགས་ཆེན་གཏོང་བ་དང་དུས་མཚུངས་སུ། ཀྲུང་གོའི་སྲིད་གཞུང་གིས་གྲངས་ཉུང་མི་རིགས་ཁག་གིས་རང་མི་རིགས་ཀྱི་སྐད་སྤྱོད་པའི་རང་དབང་ལ་བརྩི་འཇོག་དང་འགན་སྲུང་གང་ལེགས་བྱས་ཏེ། ཁོ་ཚོས་རང་མི་རིགས་ཀྱི་སྐད་ཡིག་སློབ་སྦྱོང་དང་བེད་སྤྱོད་བྱེད་པར་ཆ་རྐྱེན་ཡོད་ཚད་བསྐྲུན་ཡོད།

   སློབ་སྦྱོང་གི་ཕྱོགས་ནས་བཤད་ན། སློབ་གྲྭ་འབྲིང་ཆུང་ཚང་མར་ཁྲིམས་ལྟར་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གི་སློབ་ཚན་བཀོད་སྒྲིག་བྱས་པ་དང་། དུས་མཚུངས་སུ་དོན་དངོས་ལ་གཞིགས་ནས་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་སློབ་ཚན་བཀོད་སྒྲིག་བྱས་པ་དང་། ལྷག་པར་དུ་མི་རིགས་རང་སྐྱོང་ས་གནས་དང་། གྲངས་ཉུང་མི་རིགས་ཀྱི་མི་འབོར་ལྟོས་བཅས་འདུས་སྡོད་ཁུལ་དུ་ཡོངས་ཁྱབ་ཏུ་དེ་འདྲ་ཡིན། མི་རིགས་གྲངས་ཉུང་གི་སྐད་དང་ཡི་གེ་སྦྱང་འདོད་པའི་མི་རིགས་གྲངས་ཉུང་གི་མང་ཚོགས་ཚང་མར་རང་གི་སྐད་ཡིག་སློབ་སྦྱོང་དང་ཉེར་སྤྱོད་བྱེད་པའི་གོ་སྐབས་ཡོད་པ་དང་། སློབ་གྲྭ་ནས་བྲལ་ཏེ་སྤྱི་ཚོགས་སུ་བསྐྱོད་མཁན་དང་། ད་དུང་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁོང་དུ་ཡག་པོ་ཆུད་ཐུབ་མེད་པའི་མི་ཁ་ཤས་ལ། ཁོ་ཚོར་ཐུན་མོང་དུ་སྤྱོད་པའི་སྐད་དང་ཡི་གེ་གསོ་སྦྱོང་བྱེད་པའི་གོ་སྐབས་ཡོད་པ་དང་། དུས་མཚུངས་སུ་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ཀྱང་སློབ་སྦྱོང་བྱེད་པར་ཁག་ཐེག་བྱས་ཡོད།

   མི་རིགས་གྲངས་ཉུང་མང་ཚོགས་ཀྱི་ཆབ་སྲིད་འཚོ་བ་དང་སྤྱི་ཚོགས་འཚོ་བའི་ནང་གསར་འགྱུར་དང་དཔེ་སྐྲུན་སོགས་ཀྱི་ཐད་ལའང་ཆ་རྐྱེན་བསྐྲུན་ཡོད། ཆབ་སྲིད་འཚོ་བའི་ཐད་ཚོགས་ཆེན་གཉིས་ཀྱི་ཐོག་པར་འགྲེམས་བྱས་པའི་ཡིག་ཆའི་ནང་ཆེད་མངགས་གྲངས་ཉུང་མི་རིགས་ཀྱི་ཡི་གེའི་པར་མ་ཡོད། ཁྲིམས་འཛིན་ལས་དོན་ཁྲོད། གྲངས་ཉུང་མི་རིགས་ཀྱི་མང་ཚོགས་ཀྱིས་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ཐོག་ནས་གཏུག་བཤེར་བྱེད་པར་ཆ་རྐྱེན་བསྐྲུན་ཡོད་པ་དཔེར་ན། ཞིན་ཅང་དང་བོད་ལྗོངས་ཚང་མར་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་གི་རླུང་འཕྲིན་ལས་ཁུངས་དང་། བརྙན་འཕྲིན་ཁང་བཙུགས་ཡོད་པ་དང་། གྲངས་ཉུང་མི་རིགས་ཀྱི་ཡིག་རིགས་སྣ་ཚོགས་ཀྱི་དུས་དེབ་གཉེར་ཡོད་པས། གྲངས་ཉུང་མི་རིགས་ཀྱི་མང་ཚོགས་ཀྱི་འཚོ་བར་སྟབས་བདེ་བསྐྲུན་ཡོད། དྲ་རྒྱའི་ཐོག་གྲངས་ཉུང་མི་རིགས་མང་ཚོགས་ཀྱིས་ཀྱང་རང་མོས་ངང་གྲངས་ཉུང་མི་རིགས་ཀྱི་སྐད་ཀྱི་ཐོག་ནས་ཆ་འཕྲིན་ལེན་པ་དང་སློབ་སྦྱོང་དང་འགྲོ་འོང་བྱེད་ཆོག

   གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་དང་རིག་གནས་ལ་སྲུང་སྐྱོབ་ཇི་ལྟར་བྱ་རྒྱུའི་ཐད། ཀྲའོ་ཡུང་གིས་ཁོང་ཚོས་བེད་སྤྱོད་པར་རྒྱབ་སྐྱོར་བྱ་རྒྱུ་དེ་ནི་སྲུང་སྐྱོབ་ཡག་ཤོས་ཤིག་ཡིན་པའི་ངོས་འཛིན་གནང་བ་རེད། བེད་སྤྱོད་དང་སྲུང་སྐྱོབ་བྱེད་པའི་དུས་མཚུངས། རང་རེའི་རྒྱལ་ཁབ་ཏུ་ཧུའེ་རིགས་དང་མན་ཇུ་རིགས་ཀྱིས་རྒྱ་སྐད་སྤྱོད་པ་ཕུད། གྲངས་ཉུང་མི་རིགས་53ལ་རང་ཉིད་ཀྱི་སྐད་ཡོད་པ་དང་། གྲངས་ཉུང་མི་རིགས་22ཀྱིས་ཡིག་རིགས་28བེད་སྤྱོད་ཀྱི་ཡོད། ཁོང་ཚོས་ཉེར་སྤྱོད་བྱེད་པར་སེམས་ཁུར་དང་རྒྱབ་སྐྱོར་བྱེད་པ་ཕུད། འབྲེལ་ཡོད་སྡེ་ཁག་གིས་ད་དུང་དེང་རབས་ཅན་གྱི་བྱེད་ཐབས་སྤྱད་ནས་སྲུང་སྐྱོང་བྱས་ཏེ། “ཀྲུང་གོའི་སྐད་ཡིག་ཐོན་ཁུངས་གཞི་གྲངས་མཛོད”ཆེད་དུ་ཇུས་འགོད་བྱས་ནས་སྐད་དང་ཡི་གེ་དེ་དག་ཐད་ནས་འཚོལ་སྡུད་དང་། ལེགས་སྒྲིག  གསར་སྤེལ། བེད་སྤྱོད་བཅས་བྱེད་ཀྱི་ཡོད།

 


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 4 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། if7l བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
  ངས་བལྟས་ན་ཁོང་ཚོས་རང་གི་སྐད་ཡིག་སྤྱོད་པར་རྒྱབ་སྐྱོར་བྱ་རྒྱུ་ནི་སྲུང་སྐྱོབ་ཡག་ཤོས་རེད།   སྤེལ་མཁན།: དྲུང་ཡིག་འཇམ་དབྱངས་བཀྲ་ཤིས། སྤེལ་དུས:2022/8/21
ངོ་མ་རེད། ང་ཚོས་རང་གི་སྐད་ཡིག་བེད་སྤྱོད་གང་ལེགས་བྱེད་དགོས།
  ངས་བལྟས་ན་ཁོང་ཚོས་རང་གི་སྐད་ཡིག་སྤྱོད་པར་རྒྱབ་སྐྱོར་བྱ་རྒྱུ་ནི་སྲུང་སྐྱོབ་ཡག་ཤོས་རེད།   སྤེལ་མཁན།: དྲུང་ཡིག་འཇམ་དབྱངས་བཀྲ་ཤིས། སྤེལ་དུས:2022/8/21
ངོ་མ་རེད། ང་ཚོས་རང་གི་སྐད་ཡིག་བེད་སྤྱོད་གང་ལེགས་བྱེད་དགོས།
  ངས་བལྟས་ན་ཁོང་ཚོས་རང་གི་སྐད་ཡིག་སྤྱོད་པར་རྒྱབ་སྐྱོར་བྱ་རྒྱུ་ནི་སྲུང་སྐྱོབ་ཡག་ཤོས་རེད།   སྤེལ་མཁན།: དྲུང་ཡིག་འཇམ་དབྱངས་བཀྲ་ཤིས། སྤེལ་དུས:2022/8/21
ངོ་མ་རེད། ང་ཚོས་རང་གི་སྐད་ཡིག་བེད་སྤྱོད་གང་ལེགས་བྱེད་དགོས།
  ངས་བལྟས་ན་ཁོང་ཚོས་རང་གི་སྐད་ཡིག་སྤྱོད་པར་རྒྱབ་སྐྱོར་བྱ་རྒྱུ་ནི་སྲུང་སྐྱོབ་ཡག་ཤོས་རེད།   སྤེལ་མཁན།: དྲུང་ཡིག་འཇམ་དབྱངས་བཀྲ་ཤིས། སྤེལ་དུས:2022/8/21
ངོ་མ་རེད། ང་ཚོས་རང་གི་སྐད་ཡིག་བེད་སྤྱོད་གང་ལེགས་བྱེད་དགོས།
  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
23573060
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།