ས་གནས་མི་སྣ་གལ་ཆེན་མཚམས་སྦྱོར།༣ གསར་འགོད་པ། འཇམ་དབྱངས་ཆོས་འཕེལ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 27 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» མི་སྣ།» བོད་ཀྱི་དེང་རབས་མི་སྣ། »ས་གནས་མི་སྣ་གལ་ཆེན་མཚམས་སྦྱོར།༣ གསར་འགོད་པ། འཇམ་དབྱངས་ཆོས་འ
ས་གནས་མི་སྣ་གལ་ཆེན་མཚམས་སྦྱོར།༣ གསར་འགོད་པ། འཇམ་དབྱངས་ཆོས་འཕེལ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2022-07-25ལྟ་ཀློག (7133)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

༧སེ་རའི་མཁྱེན་པ་སྐུ་ཕྲེང་བཞི་བ༧བློ་བཟང་བཤད་སྒྲུབ་འཕྲིན་ལས་རྒྱ་མཚོ་མཆོག་གི་

རྣམ་ཐར་ཟུར་འདེབས།

རྐང་ཚ་འཇམ་དབྱངས་ཆོས་འཕེལ།

   སེ་རའི་མཁྱེན་པ་སྐུ་ཕྲེང་བཞི་བ་བློ་བཟང་བཤད་སྒྲུབ་འཕྲིན་ལས་རྒྱ་མཚོ་མཆོག་ནི་རབ་བྱུང་བཅུ་དྲུག་པའི་ཤིང་སྤྲེལ། སྤྱི་ལོ༡༩༤༤ལོར་མཚོ་ལྷོ་གསེར་ཆེན་རྫོང་གི་ཤ་སྦྲང་ཚོ་དྲུག་གི་ཁོངས་གཏོགས་ཆུ་སྐྱ་སྡེ་བར(ཡབ་མི་གསལ)ཡུམ་ཚག་ཝེའི་སྲས་སུ་སྐུ་འཁྲུངས། མཚན་ལ་ཚེ་རིང་དོན་གྲུབ་ཟེར། དགོང་གྲངས་གསུམ་པ་སྤྱི་ལོ༡༩༤༦ལོར་ཨ་རོལ་ལུང་རྟོགས་བསྟན་པའི་རྒྱལ་མཚན་མཆོག་གིས་སེ་རའི་མཁྱེན་པ་སྐུ་ཕྲེང་གསུམ་པའི་ཡང་སྤྲུལ་དུ་ངོས་འཛིན་གནང་། དགུང་གྲངས་ལྔ་བར་ཨ་རོལ་རྡོ་རྗེ་འཆང་གི་མདུན་ནས་རབ་བྱུང་གི་སྡོམ་པ་བཞེས་ཤིང་མཚན་ལ་བློ་བཟང་བཤད་སྒྲུབ་འཕྲིན་ལས་རྒྱ་མཚོར་གསོལ། དགུང་གྲངས་དྲུག་སོན་པ་སྤྱི་ལོ༡༩༤༩ལོར་གསེར་ཁྲིར་མངའ་གསོལ་བའི་སྟ་གོན་བྱས་ཀྱང་། རྐྱེན་ཕྲན་ཚགས་རེའི་དབང་གིས་ཁོང་ཁྲིར་འགོད་པ་ཕྱིར་འགྱངས་བྱེད་དགོས་ཐུག་སོང་ཟེར། སྐབས་དེར་ཁོང་ཚང་གི་སྐུ་བདག་ནི་རྐང་ཚ་དགོན་ཆེན་གྱི་རྒན་པ་ཕུན་ཚོགས་རེད། སེ་རའི་མཁྱེན་པ་སྐུ་ཕྲེང་གཉིས་པ་དང་གསུམ་པ། བཞི་བ་རྣམས་སྐུ་ན་ཕྲ་བའི་དུས་ནས་དགོངས་པ་ཆོས་དབྱིངས་སུ་ཐིམས་པས། སྐུ་བདག་ཕུན་ཚོགས་ནི་ཁོང་སེ་རའི་མཁྱེན་པ་སྐུ་ཕྲེང་དང་པོ་རྗེ་འཇིགས་མེད་རྒྱ་མཚོ་ཚང་དང་སྐུ་ཕྲེང་གཉིས་པ་རྗེ་འཇིགས་མེད་བློ་གྲོས་ཐུབ་བསྟན་རྒྱ་མཚོ་ཚང་།  སྐུ་ཕྲེང་གསུམ་པ་འཇིགས་མེད་ལུང་རྟོགས་བསྟན་པ་རྒྱ་མཚོ་ཚང་། སྐུ་ཕྲེང་བཞི་བ་བཅས་སྐུ་ཕྲེང་རིམ་བྱོན་བཞིའི་སྐུ་བདག་གམ་དབོན་པོ་ཁུར་མྱོང་། ལྷག་པར་སྐུ་ཕྲེང་གསུམ་པའི་ཡང་སྤྲུལ་ངོས་འཛིན་གྱི་བྱ་བའི་འགོ་མཇུག་ཆ་ཚང་གི་འགན་གཙོ་བོ་ཁུར་ཡོད་ཚོད་འདུག ཡིན་ནའང་སྐུ་ཕྲེང་འདི་བ་ཚང་དགུང་གྲངས་དྲུག་སོན་པའི་སྐབས་སུ་གསེར་ཁྲིར་མངའ་གསོལ་བར་ཕྱིར་འགྱངས་བྱེད་དགོས་ཐུག་པའི་རྐྱེན་གཙོ་བོ་ཅི་ཞིག་ཡིན་པའི་སྐོར་གྱི་ལོ་རྒྱུས་ཞིབ་ཅིང་ཕྲ་བ་གསལ་ཁ་ཐུབ་པ་ཞིག་ད་ལྟ་སུས་ཀྱང་བརྗོད་དུ་མེད། གང་ལྟར་དོན་དག་དེས་རྐྱེན་པས་ཁོང་གི་གདུལ་བྱ་དང་མཛད་པ་འཕྲིན་ལས་ལ་གེགས་ཆེན་པོ་བྱུང་།

རབ་བྱུང་བཅུ་དྲུག་པའི་ལྕགས་སྟག་སྟེ། སྤྱི་ལོ༡༩༥༠ལོར་རྐང་ཚའི་དཔོན་པོ་དཔལ་བཟང་གིས་གོང་རིམ་དང་གྲོས་བསྡུར་བྱས་མཐར་མྱུར་ཏུ་གདན་སར་འགོད་དགོས་པའི་བཀའ་ནན་མོ་ཕབ་སྟེ། ལོ་དེའི་རྒྱལ་ཟླའི་དམར་ཕྱོགས་རྫོགས་པ་གསུམ་པ་སྟེ། ཟླ་བཅུ་གཉིས་པའི་ཚེས་ཉེར་ལྔའི་ཉིན་རྐང་ཚ་དགོན་ཆེན་དགའ་ལྡན་ཆོས་འཕེལ་གླིང་དུ་གསེར་ཁྲིར་མངའ་གསོལ་བའི་མཛད་སྒོ་གཟབ་རྒྱས་ངང་སྤེལ།  གསེར་ཁྲིར་མངའ་གསོལ་བ་ནས། རྐང་ཚ་དགོན་ཆེན་གྱི་གནས་བརྟན་རྒན་པ་དབུ་མཛད(རྒྱ་ལེ)རྒྱ་མཚོའི་མདུན་དུ་ཀློག་བསླབས་ཀྱང་ཁོང་བྱིས་པ་གཞན་དང་བསྡུར་ན་རིག་པ་ཧ་ཅང་རྣོ་བས་ཚེགས་མེད་དུ་མཁྱེན། སྐབས་དེར་བྲག་དཀར་སྤྲེལ་རྫོང་ངམ། ཁོང་ཨ་རོལ་རྡོ་རྗེ་འཆང་དང་རྐང་ཚ་དགོན་ཆེན་བར་ལ་འབྲེལ་འདྲིས་ཧ་ཅང་རྒྱུག་ཆེ་སྟབས་དགོན་པའི་རྒན་པ་དང་སྐུ་བདག་སོགས་ཀྱིས་ཀྱང་ཁོང་བྲག་དཀར་སྤྲེལ་རྫོང་ལ་སློབ་གཉེར་དུ་རྫོང་དགོས་པར་དགོངས་ཏེ། དེའི་ཕྱི་ལོར་རྐང་ཚའི་དཔོན་པོ་དཔལ་བཟང་གཙོས་རྐང་ཚའི་མི་རྒན་བླ་རྒན་མང་པོས་བྲག་དཀར་སྤྲེལ་རྫོང་དུ་སྐྱེལ་མ་བྱས་ཤིང་། ཆུ་སྐྱ་སྡེ་བ་གཙོས་རྐང་ཚ་དགོན་ཆེན་གྱི་ལྷ་སྡེ་མང་པོས་བྲག་དཀར་སྤྲེལ་རྫོང་དུ་མང་ཇ་རྒྱ་ཆེན་པོ་སྐོལ། དེ་ལྟར་ཁོང་ཚང་དགུང་གྲངས་བརྒྱད་ནས་བཟུང་བྲག་དཀར་སྤྲེལ་རྫོང་དུ་ཨ་ལགས་ཁོ་ནག་སྐུ་ཕྲེང་གསུམ་པ་འཇམ་དབྱངས་ཐུབ་བསྟན་རྒྱ་མཚོ་ཚང་གི་ཞབས་ཀྱི་པདྨོ་སྤྱི་བོར་བཀུར་ཏེ་བསམ་སྦྱོར་གཉིས་ཀྱི་སྒོ་ནས་ཚུལ་བཞིན་དུ་བསྟེན་ཞིང་། བསྡུས་གྲྭ་ནས་བཟུང་སློབ་གཉེར་རྡོ་རུས་ཐུག་པ་གནང་བས་བླ་མའི་ཐུགས་དགྱེས་པའི་མཆོད་སྤྲིན་དུ་གྱུར། སྐབས་དེ་དག་ཏུ་ཁོང་ཨ་རོལ་རྡོ་རྗེ་འཆང་གི་གསུང་བཀོད་ལྟར་རྐང་ཚ་དགོན་ཆེན་དུ་ཀུན་རིག་རྣམ་པར་སྣང་མཛད་ཀྱི་རྡུལ་མཚོན་དཀྱིལ་འཁོར་ལ་བརྟེན་པའི་སྒྲུབ་མཆོད་ཆོས་ཐོག་ཆེན་མོ་སོགས་ཀྱང་ལེགས་པར་བཙུགས། དེ་ལྟར་ཁོང་གི་ཐོས་བསམ་སྒོམ་གསུམ་གྱི་མཛད་བཟང་གསེར་གྱི་ཆོས་འཁོར་ཁམས་གསུམ་གྲོལ་བའི་དོན་དུ་ཡོངས་སུ་སྨིན་པའི་སྐབས་སུ། གདུལ་བྱ་རྟག་འཛིན་ཅན་རྣམས་ཆོས་ལ་འགོད་ཕྱིར་དགུང་གྲངས་བཅུ་གསུམ་པ། རབ་བྱུང་བཅུ་དྲུག་པའི་མེ་སྤྲེལ་ཏེ། སྤྱི་ལོ༡༩༥༦ལོའི་ཟླ་དང་པོའི་ཚེས་བཅུ་གཅིག་ཉིན་རྐང་ཚ་དགོན་ཆེན་དུ་དགོངས་པ་ཆོས་དབྱིངས་སུ་ཞི་བར་གཤེགས་སོ།།

ཁོང་སྐུ་ན་ཕྲ་བའི་དུས་ནས་སྐུ་གཤེགས་པས་རྣམ་ཐར་ཞིབ་ཅིང་རྒྱས་པ་ཞིག་ད་ལྟ་གང་དུའང་མི་བཞུགས་མོད། འདིར་རྐང་ཚ་དགོན་ཆེན་གྱི་རྒན་པ་རེ་ཟུང་ལས་ཁོང་གི་རྣམ་ཐར་ཡི་གེར་བཀོད་མེད་པའི་ངག་རྒྱུན་མགྲིན་གཅིག་པ་ཅན་དུ་མ་ཞིག་ཡི་གེར་ཕབས་པ་དགེའོ།།

                                         ཞེས༢༠༢༢ལོའི་ཟླ༦པའི་ཚེས༡༥ཉིན། 


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། b80e བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23541402
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།