༢༠༢༢ལོའི་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་མ་གསར་བསྡུའི་བརྡ་ཐོ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 4 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» སློབ་གླིང་གསར་འགྱུར། »༢༠༢༢ལོའི་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་མ་གསར་
༢༠༢༢ལོའི་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་མ་གསར་བསྡུའི་བརྡ་ཐོ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2022-07-22ལྟ་ཀློག (20194)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


༢༠༢༢ལོའི་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་མ་གསར་བསྡུའི་བརྡ་ཐོ།

དང་བོ། གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དུ་མིང་ཐོ་འགོད་སྐབས་ངེས་པར་དུ་ཤེས་དགོས་པ་ཞིག་ནི། སྔར་སྲོལ་ལྟར་མིང་ཐོ་བཀོད་པའི་གོ་རིམ་ཁོ་ན་ལས་བླ་ཆེན་དཔོན་ཆེན་དང་།  སྒེར་འབྲེལ་ཟབ་པའི་གྲོགས་པོ་སུ་གང་ལ་ཡང་དམིགས་བསལ་མེད།

གཉིས་པ།  སློབ་གླིང་འདིར་ཞུགས་འདོད་པ་དག་གིས་ཐོག་མར་མིང་ཐོ་འགོད་དགོས་ལ། སློབ་མ་རང་གི་ཉེ་པར་གཅིག་དང་ཐོབ་དཔང་དང་ཁྱིམ་ཐོ་གང་རུང་རེའི་བསྐྱར་དཔར་དགོས།  མིང་ཐོ་འགོད་སར་རང་ཉིད་དངོས་སུ་མ་འབྱོར་ཡང་སློབ་གླིང་ན་ཡོད་པའི་སློབ་མ་སོགས་ཀྱིས་ཁྱེད་ཀྱི་ཚབ་ཏུ་མིང་ཐོ་འགོད་ཆོག

གསུམ་པ། རྒྱུགས་ཞུགས་མིང་ཐོ་འགོད་སྐབས་མཚོ་སྔོན་ཞིང་ཆེན་མ་ཡིན་པའི་ས་གནས་གཞན་གྱི་སློབ་མས་ཉིང་སྐྱུར་བརྟག་དཔྱད་མཇུག་འབྲས་ངེས་པར་ཁྱེར་ཡོང་དགོས། དེ་མེད་ན་རྒྱུགས་རར་ཞུགས་མི་ཆོག

བཞི་བ། རྒྱུགས་ལ་དངོས་སུ་ཞུགས་སྐབས་སྔར་མིང་ཐོ་བཀོད་ཟིན་པ་དག་གི་མིང་ཐོའི་ཨང་རིམ་དང་ཐོབ་ཐང་དཔང་ཡིག ཁྱིམ་ཐོ་བཅས་ལ་ཞིབ་བཤེར་བྱས་པ་བརྒྱུད་རྒྱུགས་ཞུགས་མིང་ཐོ་འགོད་དགོས། གསར་ཞུགས་སློབ་མ་དག་ལ་མཉམ་འབྲེལ་སྨན་བཅོས་བྱང་བུ༼社保卡༽དགོས་ཤིང་། སྨན་བཅོས་བྱང་བུ་<<一卡通 >>བཟོ་ཐུབ་མཁན་ཚོས་བྱང་བུ་དེ་ཁྱེར་ཡོང་དགོས། གལ་ཏེ་བྱང་བུ་འདི་བཟོ་མི་ཐུབ་པའི་ས་ཁུལ་ཡིན་ན་སྨན་བཅོས་བྱང་བུའི་ངོས་སུ་རང་ཉིད་ཀྱི་འདྲ་པར་ཡོད་པ་དེ་ངེས་པར་ཡིན་དགོས། གང་ལྟར་བྱང་བུའི་སྟེང་སྒོར་གསོག་ལེན་བྱེད་ཐུབ་དགོས། ད་དུང་གློ་གཅོང་དང་མཆིད་ནད་ཁ་བ(乙肝)སོགས་འགོས་ནད་ཡོད་མེད་ཀྱི་ལུས་ཕུང་བརྟག་དཔྱད་ཡི་གེ་༼体检༽ངེས་པར་ཡོད་དགོས་པ་མ་ཟད།  རང་ལོ་ཧྲིལ་བོ་བཅུ་དྲུག་མ་ལོན་ཚེ་དམའ་འབྲིང་མཐར་ཕྱིན་ཡི་གེ་ཚད་ལྡན་མེད་ན་སློབ་མར་བསྡུ་རྒྱུ་མིན། གཞན་རང་ས་གནས་ཀྱི་སློབ་གསོ་ལས་ཁུངས་ནས་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དུ་ཞུགས་ན་འཐད་པ་ཡིན་པའི་མཚམས་སྦྱོར་ཡི་གེ་ངེས་པར་དགོས།

ལྔ་བ།  གལ་ཏེ་ཁྱོད་ཀྱིས་མིང་ཐོ་བཀོད་ཟིན་ཡང་རྗེས་སུ་རྒྱུགས་ལ་མ་ཞུགས་ན་ཁྱོད་ཀྱི་མིང་ཐོའི་དུས་ཡུན་ཡོལ་སོང་བས་འཕྲོ་བརླག་ཏུ་སོང་བ་ཡིན།   མིང་ཐོ་བཀོད་རྗེས་ད་ལོར་རེ་བ་མེད་ཀྱང་དངོས་སུ་རྒྱུགས་ལ་ཞུགས་ན་ལོ་རྗེས་མའི་མིང་ཐོ་ལས་ཁྱོད་ལ་གོ་སྐབས་ཐོབ་སྲིད།

དྲུག་པ།  ལོ་རེའི་སྤྱི་ཟླ་༩བའི་ཚེས་༩ནས་འགོ་བརྩམས་ཏེ་ལོ་རྗེས་མའི་སྤྱི་ཟླ་དགུ་བའི་ཚེས་འགོའི་བར་དུ་མིང་ཐོ་འགོད་བཞིན་ཡོད་ལ།  སྤྱི་ཟླ་༩བའི་ཚེས༤ནས༧བར་རྒྱུགས་ཞུགས་མིང་ཐོ་དང་ཚེས་༨ཉིན་ནི་དངོས་སུ་རྒྱུགས་ལེན་པའི་དུས་ཚོད་ཡིན་པས་དུས་ལྟར་ཕེབས་པར་དགའ་བསུ་ཞུ།

བདུན་པ།  གསར་ཞུགས་སློབ་མར་མལ་ཆས་ཆ་ཚང་དང་། མལ་ཁང་ནང་གི་མཁོ་ཆས། ཁྲུས་རྫས་ཆ་ཚང་། སློབ་གྲྭས་གཅིག་གྱུར་ལྟར་བཀོད་བསྒྲིགས་བྱས་ཡོད་པས་ཕྱི་ནས་ཉོ་མི་དགོས།

བརྒྱད་པ།    འདིར་གསལ་བཤད་ཞུ་འོས་པ་ཞིག་ལ།   ནམ་རྒྱུན་ལོ་རེ་བཞིན་བོད་མདོ་དབུས་ཁམས་གསུམ་གྱི་ས་ཆ་སོ་སོ་ནས་ཆེད་ཕེབས་ཀྱི་སློབ་མ་དང་ཁྱིམ་བདག་བརྒྱ་ཕྲག་མང་བོ་སྔ་མོ་ནས་སློབ་གྲྭའི་ཉེ་འཁྲིས་ཀྱི་གྲོང་རྡལ་དུ་འབྱོར་ཏེ་མགྲོན་ཁང་དང་ཟ་ཁང་སོགས་ལ་རིན་གོང་ཆེན་པོ་བྱིན་ནས་གཟའ་འཁོར་གཅིག་ཡས་མས་སུ་སློབ་གྲྭར་ཞུགས་འདུན་གྱི་རེ་སྒུག་བྱས་ཡོད།  དེ་བས་མང་ཚོགས་ལ་སྟབས་བདེ་བཟོ་ཆེད་ངེད་སློབ་གླིང་གི་གླིང་སྟོད་ཀྱི་ཨ་མྱེས་ཁྲ་རྒན་རིག་གནས་ཁམས་བསངགླིང་གི་གཡས་གཡོན་དུ་རིན་མེད་སྒོས་གུར་ཕུབས་ནས་བསྡད་ཆོག་པའི་ས་གནས་ཤིག་གཏན་འཁེལ་བྱས་ཡོད་ལ། ཁྲ་རྒན་གླིང་གི་བོད་ཟས་དང་རྒྱ་ཟས་སོགས་ཀྱང་རིན་གོང་གཅིག་གྱུར་སྒོས་བཀོད་བསྒྲིགས་བྱས་ཡོད་པས་དེ་དོན་ཐུགས་ལ་འཛིན་པར་ཞུ་ཞུ།  སྐལ་བཟང་བསྟན་འཛིན།15597591153

དགུ་བ།  འབྲེལ་གཏུག་བྱ་ཡུལ།

འདིའི་སྐོར་ཞིབ་ཏུ་ཤེས་འདོད་ན་གཤམ་གྱི་འབྲེལ་གནས་ལ་དྲིས་ཆོག

བློ་བཟང་བདེ་ལེགས།   180 9715 8222

བློ་བཟང་ཉི་མ།    13897159655

2022-7-22ཉིན་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གིས། 


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 2 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 63u9 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
  ༢༠༢༢ལོའི་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་མ་གསར་བསྡུའི་བརྡ་ཐོ།   སྤེལ་མཁན།: དམེ་སྐོར་ཡུ་མོ་མདེའུ་འབྱིན། སྤེལ་དུས:2022/9/16
གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དགེ་སློབ་ཡོངས་ཀྱི་མཛད་འཕྲིན་རྣམ་ཀུན་རྒྱས་པར་སྨོན།
  ༢༠༢༢ལོའི་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་མ་གསར་བསྡུའི་བརྡ་ཐོ།   སྤེལ་མཁན།: དབྱངས་ལྗང་ཁུ། སྤེལ་དུས:2022/7/22
བོད་ཀྱི་སློབ་གྲྭ་དག་ལས་ཆེས་རྩེར་བུད་ཀྱི་སློབ་གྲྭ་གངས་ལྗོངས་ཤེས་རིག་ནོས་བུའི་སློབ་གླིང་སྲིད་མཐའི་བར་དུ་དར་ཞིང་རྒྱས་པར་སྨོན།
  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
23577528
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།