རྩྭ་ཐང་བུ་མོའི་སློབ་གྲྭ་ངོ་སྤྲོད་དང་སློབ་བསྡུའི་བརྡ་ཐོ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 2 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» རྩྭ་ཐང་བུ་མོའི་སློབ་གྲྭ། »རྩྭ་ཐང་བུ་མོའི་སློབ་གྲྭ་ངོ་སྤྲོད་དང་སློབ་བསྡུའི་བརྡ་ཐོ།
རྩྭ་ཐང་བུ་མོའི་སློབ་གྲྭ་ངོ་སྤྲོད་དང་སློབ་བསྡུའི་བརྡ་ཐོ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2022-07-21ལྟ་ཀློག (17863)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


༄༅། །གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭའི་ངོ་སྤྲོད།


     གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭ་ནི་བོད་ཀྱི་སློབ་གསོ་བ་ཆེན་མོ་རྭ་རྒྱ་འཇིགས་མེད་རྒྱལ་མཚན་མཆོག་གིས་ཉིས་སྟོང་ལྔ་ལོར་གསར་དུ་བཙུགས་པ་ཡིན་ལ། བོད་ཁུལ་གྱི་བུ་མོའི་སློབ་གྲྭ་ཐོག་མའང་ཡིན། ད་ལྟ་སློབ་གྲྭ་འདིར་སློབ་མ་ལྔ་བརྒྱ་དང་ལས་བཟོ་བ་བདུན་ཅུ་ལྷག་ཡོད་པར་མ་ཟད་སློབ་མའི་ཡོང་ཁུངས་ནི་ལྗོངས་ཞིང་ལྔའི་བོད་ཁུལ་སྤྱི་ཡིན་ཞིང་སློབ་གྲྭ་བཙུགས་ནས་ད་ལྟའི་བར་མཐར་ཕྱིན་སློབ་མ་ལྔབརྒྱ་དང་བདུན་ཡོད་པའི་ཁྲོད་སློབ་ཆེན་འགྲིམ་བཞིན་པའི་སློབ་མ་སུམ་བརྒྱ་དང་བཅུ་དྲུག་ཡོད་ལ། དེ་དག་གི་ཁྲོད་དུ་དགེ་རྒན་གྱི་ལས་རིགས་དང་སྨན་པའི་ལས་རིགས། དཔལ་འབྱོར་རིག་པ། བཟོ་སྐྲུན་ཇུས་འགོད་པ། སྣེ་ཤན་པ། ཁྲིམས་རྩོད་པ། བརྙན་ཕབ་ལས་རིགས། མཁའ་འགྲུལ་ལས་རིགས། ཡིག་གཟུགས་སྒྱུ་རྩལ་ལས་རིགས་སོགས་སྤྱི་ཚོགས་ལ་ཕན་པའི་ཆེད་ལས་སྣ་ཚོགས་སྦྱོང་བཞིན་ཡོད། ས་གནས་ཁག་ཏུ་མཐོ་འབྲིང་འགྲིམ་བཞིན་པའི་སློབ་མ་བརྒྱ་དང་གོ་གཅིག་ཙམ་ཡོད།  འདས་པའི་བགྲང་བྱ་བཅུ་བདུན་གྱི་རིང་ལ་སློབ་གྲྭ་འདིས་ཀུན་སྤྱོད་སྲོག་ཏུ་བཟུང་སྟེ་གཞི་རིམ་སློབ་གསོའི་ལས་དོན་ལ་ཧུར་ཐག་བྱས་པའི་འབྲས་རྟགས་སུ་ཤེས་སྤྱོད་གཉིས་ལྡན་གྱི་སློབ་མ་མང་བོ་ཞིག་གསོ་སྐྱོང་བྱས་ཡོད་པར་མ་ཟ། ལོ་རེའི་མཐོ་འབྲིང་རྒྱུགས་སྤྲོད་ཁྲོད་སློབ་གསོའི་སྡེ་ཁག་གཙོའི་ས་གནས་མང་ཚོགས་ཀྱིས་བུ་མོའི་སློབ་གྲྭའི་གྲུབ་འབྲས་ལ་གདེང་འཇོག་དང་ཁས་ལེན་མི་བྱེད་པ་ཡོད་མི་སྲིད། 


བུ་མོའི་སློབ་གསོའི་གལ་ཆེན་རང་བཞིན་གླེང་བ།

     བུ་མོའི་སློབ་གསོ་ནི་ཨ་མའི་སློབ་གསོ་ཡིན་ལ། ཨ་མའི་སློབ་གསོ་ནི་མིའི་རིགས་ཀྱི་ཆེས་ཐོག་མའི་སློབ་གསོ་ཡིན། ཞེས་པའི་སྡོམ་ཚིག་འདི་ནི་བུ་མོའི་སློབ་གྲྭ་སྒྲུབ་པའི་དམིགས་ཡུལ་ཡིན་ལ། རྒྱལ་ཁབ་ཕྱི་ནང་གི་ཤེས་ཡོན་པའི་སྡེ་དང་སློབ་གསོའི་ཆེད་མཁས་པ་མང་བོ་ཞིག་གིས་ཞིབ་འཇུག་གི་རིན་ཐང་ལྡན་པའི་སློབ་གསོའི་སྡོམ་ཚིག་འདི་ལ་ངེས་ལེན་ཟབ་མོ་གནང་ཡོད་པར་མ་ཟད། བུ་མོའི་སློབ་གྲྭ་སྒྲུབ་པའི་བསམ་བློར་ཁས་ལེན་དང་རྒྱབ་སྐྱོར་བླ་མེད་ཐོབ་ཡོད། དོན་དངོས་སུ་ཡང་ཁྱིམ་ཚང་སློབ་གསོ་ནི་བྱིས་པའི་སློབ་གསོའི་རྨང་རྡོ་ལྟ་བུ་ཡིན་ཞིང་། དེའི་ཁྲོད་ཨ་མ་ནི་བྱིས་པའི་དྭངས་གཙང་གི་བསམ་བློའི་་ཤོག་དཀར་ངོས་སུ་ལེགས་ཉེས་ཀྱི་རི་མོ་ཐོག་མར་ཕབ་མཁན་དེ་ཡིན་པས།ཨ་མ་ཚད་ལྡན་ཞིག་སྐྱེད་བསྲིང་བྱ་རྒྱུ་ནི་བོད་མི་རིགས་ཙམ་དུ་མ་ཟད་འགྲོ་བ་མིའི་རིགས་ཡོངས་ལ་ཁ་ཚ་དགོས་གཏུག་ཏུ་གྱུར་པའི་དོན་དག་གལ་ཆེན་ཞིག་ཡིན་པ་ཡིད་ཆེས་བརྟན་པས་སྨྲ་བར་སྤོབས། 

      མིའི་རིགས་ཀྱི་སློབ་གསོའི་འབྱུང་རྩ་དེ་རྒྱུ་མ་ཕུ་འདེད་ཀྱི་ཚུལ་དུ་མཐར་གཏུག་པ་ནི་ཨ་མའི་སློབ་གསོ་ཡིན་ཞིང་ཨ་མའི་སློབ་གསོས་ད་གཟོད་འགྲོ་བ་མིའི་རིགས་ཀྱི་སློབ་གསོའི་ལས་དབང་ལ་འགྱུར་བ་གཏོང་ཐུབ། གལ་ཏེ་རྒྱལ་ཁབ་ཅིག་དང་མི་རིགས་སུ་ཞིག་གིས་བུ་མོའི་སློབ་གསོ་ལ་མཐོང་ཆུང་དང་དམན་འབབ་བྱས་ན་ནི། དོན་དངོས་སུ་རྒྱལ་ཁབ་དེ་དང་མི་རིགས་དེའི་མ་འོངས་པ་རྨེག་མེད་དུ་བཟོས་པ་ཡིན་ཏེ་རྒྱུ་མཚན་ནི་འགྲོ་བ་མིའི་རིགས་ཐམས་ཅད་ཨ་མ་ལས་མ་སྐྱེས་པ་མེད་ཅིང་ཨ་མའི་སློབ་གསོ་ལ་མ་བརྟེན་པ་དེ་བས་ཀྱང་མེད་དོ། ། 

    འཛམ་གླིང་སྟེང་མི་རིགས་རླབས་ཆེན་དུ་ངོས་འཛིན་པའི་ཡ་ཧུ་ད་པར་མཚོན་ན། ཁོ་ཚོས་གནས་བབ་ག་འདྲའི་འོག་ཏུའང་ཨ་མའི་སློབ་གསོར་མཐོང་ཆེན་བྱེད་དེ། མི་རིགས་དེའི་ལེགས་བཤད་རྣམས་སུ། རྒྱུ་ནོར་ཡོད་དགུ་ཚོང་སྒྱུར་བྱ་དགོས་ནའང་བུ་མོ་ཤེས་ཡོན་ཅན་ཞིག་ལ་མནའ་མར་སྟེར་ཐབས་བྱ་དགོས་ཞེས་དང་། ཤེས་ཡོན་ཅན་གྱི་བུ་མོ་ཞིག་མནའ་མར་བསུ་ཆེད་རྒྱུ་ནོར་ཡོད་དགུ་གྱོང་ལ་འཆོར་འགྲོ་ནའང་འགྱོད་པ་མེད་ཅེས་བཀོད་ཡོད་པ་ལས་ལོ་ངོ་ལྔ་སྟོང་ལྷག་གི་ལོ་རྒྱུས་ལྡན་པའི་མི་རིགས་འདིའི་མགོ་ཐོག་ཏུ་ཆག་འཇིག་གནམ་ས་རྡིབ་པ་ལྟ་བུ་བསྟུན་མར་བྱུང་ན་ཡང་སློབ་གསོ་སྤེལ་བའི་སྙིང་སྟོབས་དང་ཤེས་ཡོན་ལ་མཐོང་ཆེན་བྱེད་པའི་ལྟ་བ་དེ་ཉམས་རྒུད་དུ་མ་གྱུར་བ་ནི་ཨ་མའི་སློབ་གསོའི་བཀའ་དྲིན་ཅི་ལ་མིན། དེ་བས་ས་གནས་ཤིག་གམ་མི་རིགས་ཤིག  དེ་བཞིན་རྒྱལ་ཁབ་ཅིག་གི་སློབ་གསོའི་མ་ལག་ལ་གཞི་རྐང་བརྟན་པོ་ཚུགས་དགོས་ཚེ་ཨ་མའི་སློབ་གསོ་ནི་ཆེས་འདོར་དུ་མི་རུང་བའི་གཉུག་མའི་སློབ་གསོ་དེ་ཡིན་པ་ཤེས་དགོས།



སློབ་བསྡུའི་བརྡ་སྦྱོར། 
      རང་གི་བུ་ཕྲུག་ལ་ཁོག་པའི་སྙིང་དང་དཔྲལ་བའི་མིག་ལྟར་གཅེས་པའི་བརྩེ་ལྡན་གྱི་ཁྱིམ་བདག་རྣམ་པ། རང་གི་བུ་ཕྲུག་ཀུན་སྤྱོད་ལེགས་ཤིང་ཤེས་ཡོན་ལྡན་པ། ཁྱིམ་ཚང་སློབ་གསོའི་རྐང་འཛིན་ཐུབ་པའི་མཛངས་མ་ཚད་ལྡན་ཞིག་ཏུ་སྐྱེད་བསྲིང་བྱེད་འདོད་ན་གངས་ལྗོངས་རྩྭ་བུ་མོའི་སློབ་གྲྭ་ལ་སྐྱོལ་དང་གནས་དེ་ན་ལྷད་ཀྱིས་མ་གོས་པའི་མི་གཤིས་གཙང་མ་དེ་ཡོད་པར་མ་ཟད་དེང་རབས་སློབ་གསོའི་གཞི་རྐང་བརྟན་པོའང་ཚུགས་ཡོད། ཁྱོད་ཀྱིས་རང་གི་བུ་ཕྲུག་བོད་རྒྱ་དབྱིན་གསུམ་གྱི་སྐད་རིགས་ལ་མཁས་འདོད་ན། རྩིས་དངོས་རྫས་གསུམ་གྱི་ཚན་རིག་ལ་སྦྱོང་འདོད་ན། ཆབ་སྲིད་ལོ་རྒྱུས་ཀྱི་གཞུང་ལུགས་ལ་བརྒལ་འདོད་ན། སྐྱེ་དངོས་ས་ཁམས་ཀྱི་གནས་ལུགས་ལ་དཔྱོད་འདོད་ན། གླུ་གར་གཞས་གསུམ་གྱི་་རྩེད་མོ་ལ་རོལ་འདོད་ན་སློབ་གླིང་འདིར་སྐྱོལ་དང་གནས་འདི་ན་ཁྱོད་ཀྱི་འབྱུང་འགྱུར་འོད་ཀྱིས་ཁེངས་པའི་ལམ་ཁ་ཡོད་ལ། གནས་འདི་ན་ཁྱོད་ཀྱི་ཕུག་བསམ་མཁའ་མཐར་སྙེག་པའི་འཕུར་རྩལ་ཡོད། དེ་བས་སློབ་སྦྱོང་གི་གོ་སྐབས་ལ་བརྩོན་ལེན་བྱེད་པ་དག་གིས་མྱུར་ཏུ་འབྲེལ་བ་བྱོས་དང་སློབ་གླིང་འདིའི་རིག་པའི་སྒོ་མོ་ནམ་ཡང་ཁྱོད་ཀྱི་ཕྱོགས་སུ་ཕྱེས་ཡོད། 
གསལ་བྱེད། 
     2022 ལོའི་སྤྱི་ཟླ9ཚེས་3ཉིན་གསར་ཞུགས་སློབ་མ་དངོས་སུ་བསྡུ་རྒྱུ་ཡིན་པས་སྤྱི་ཟླ7པའི་ཚེས་1ནས་སྤྱི་ཟླ9བའི་ཚེས1བར་གསར་ཞུགས་སློབ་མར་མིང་ཐོ་འགོད་རྒྱུ། སློབ་བསྡུའི་ཁྱབ་ཁོངས་མཚོ་སྔོན་ནང་ཁུལ་གྱི་ཁུལ་དང་རྫོང་སོ་སོ་ཡིན། གསར་ཞུགས་སློབ་མ་དག་གིས་ས་གནས་སྨན་ཁང་དུ་གློ་གཅོང་དང་། མཆིན་ནད་སོགས་འགོས་ནད་རིགས་ཡོད་མེད་ཀྱི་བརྟག་དཔྱད་ཡི་གེ་བསྣམས་ཡོང་དགོས་པར་མ་ཟད་མཉམ་ལས་སྨན་བཅོས་ཀྱི་བྱང་བུ་དང། ཁྱིམ་ཐོ། ཐོབ་དཔང་བཅས་བསྣམས་ཡོང་དགོས།

འབྲེལ་གཏུགས།


18946856555

18946850664
2022ལོའི་སྤྱི་ཟླ7པའི་ཚེས1ཉིན།

སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། ig8m བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23568893
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།