སྐབས་བཅུ་བདུན་པའི་མཐར་ཕྱིན་འཛིན་གྲྭའི་ལྷན་འཛོམས་སྐབས་གཉིས་པ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 19 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» སྤྱི་ཚོགས་དང་སློབ་གླིང་། »སྐབས་བཅུ་བདུན་པའི་མཐར་ཕྱིན་འཛིན་གྲྭའི་ལྷན་འཛོམས་སྐབས་གཉིས་པ།
སྐབས་བཅུ་བདུན་པའི་མཐར་ཕྱིན་འཛིན་གྲྭའི་ལྷན་འཛོམས་སྐབས་གཉིས་པ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2022-07-11ལྟ་ཀློག (12625)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སྐབས་བཅུ་བདུན་པའི་མཐར་ཕྱིན་འཛིན་གྲྭའི་ལྷན་འཛོམས་སྐབས་གཉིས་པ།

ཁ་དན་ཚིག་གི་མཚོ་ལ། ། ཁྲེལ་གཞུང་ངང་མོ་འཁོར་བ། །
   ང་ཚོའི་ལྷན་འཛོམས་སྐབས་དང་པོ་མི་ལོ་གསུམ་གྱི་སྔོན་མཛོད་དགེའི་རྩྭ་ཐང་ནས་བྱུང་སྟེ་རྨ་ཀླུང་སྒེག་མོའི་བཞུར་རྒྱུན་ལ་ཁྲེལ་གཞུང་གི་ཕྱི་ཐག་བཅོལ་ཅིང་སྐབས་གཉིས་པའི་ལྷན་འཛོམས་2022.7.7ཉིན་མ་ཡུམ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་བྱམས་བརྩེའི་ཕང་བར་རང་ཁྱིམ་ལ་སླར་ལོག་པ་དང་ཕ་མའི་མདུན་དུ་བུ་ཕྲུག་འབྱོར་བ་ནང་བཞིན་སློབ་བུ་སུམ་ཅུ་ལྷག་སི་ཁྲོན་དང་ཀན་སུའུ། མཚོ་སྔོན་བཅས་ཀྱི་ལམ་ཐག་རིང་བོའི་ཁད་ཀྱིས་བཅད་དེ་རྭ་རྒྱར་འཛོམས།  མགོ་ལོག་རྭ་རྒྱའི་སློབ་གྲོགས་རྣམས་ཀྱིས་སྔོན་ཙ་ནས་འགན་རང་འཁུར་དང་དཔའ་ཁས་ལེན་གྱིས་ལྷན་འཛོམས་ཀྱི་འདུ་གནས་དང་སྣེ་ལེན། གོ་རིམ་སོགས་གྲ་སྒྲིག་གང་ལེགས་གནང་སྟེ་སློབ་གྲོགས་རེ་རེ་ལ་ཁ་ཚིག་བཟང་བོ་གསེར་དང་ལག་ཚིགས་བཟང་བོ་དར་གྱིས་བསུ་མ་བྱས་པ་མ་ཟད།  འཛིན་བདག་དགེ་རྒན་ཤེས་རབ་མཆོག་གིས་ལམ་བར་གྱི་བདེ་འཇགས་དང་ལྷན་འཛོམས་ཀྱི་མགོ་མཇུག་ལ་ཐུགས་སྤྲོ་གནང་སྟེ་ཚེས་དྲུག་གི་ནམ་གུང་ཆུ་ཚོད་བཞི་བའི་ཐོག་ད་རུང་མ་གཟིམ་པར་སློབ་གྲོགས་ཚོའི་སྐད་ཚོམས་སུ་ཕྱོགས་སོ་སོའི་བདེ་འབྱོར་གྱི་གནས་ཚུལ་རྒྱུས་ལོན་གནང་བཞིན་འདུག  སེམས་པ་དྲོ་བ་ལ། དྲིན་འཇལ་ཐབས་བྲལ་ཡང་བརྗེད་དུ་མེད།
 
   སློབ་གྲོགས་རྣམས་འཛིན་བདག་དགེ་རྒན་ཤེས་རབ་ཀྱི་གཟིམ་ཤག་ཏུ་འཛོམས་ཤིང་ཁོང་གིས་ང་ཚོ་ཁྲིད་དེ་ལྷན་འཛོམས་ཀྱི་ལས་རིམ་བཞིན་སློབ་དཔོན་འཇིགས་མེད་རྒྱལ་མཚན་དང་བཛྲ་ཚུལ་ཁྲིམས་རྒྱ་མཚོ། ལྡོང་ཡོན་ཏན་རྒྱ་མཚོ་རྣམ་པ་གསུམ་མདུན་སར་ཁྲིད་དེ་ཞལ་མཇལ་གནང་ཞིང་ཁོང་རྣམ་པ་ཐུགས་དགྱེས་བའི་ངང་གྲྭ་བ་དག་ཕྱིར་རང་གི་དགོན་པར་སོང་ནས་སྡོམ་དམ་ཚིག་ཉམས་ལེན་གྱི་གནད་དུ་བཟུང་སྟེ་ཐོས་བསམ་སློབ་གཉེར་གནང་དགོས་པ་དང་མི་སྐྱ་རྣམས་རང་རང་གི་བཟའ་ཚང་བུ་ཕྲུག་ལ་འགན་ཁུར་དང་ཁྲེལ་ཕྱི་ཐག་གི་རྒྱུན་བསྲིངས་བ། ཁྱིམ་གྱི་བྱ་བ་བཀྲ་ཤིས་དང་ཕྱི་ཡི་ལས་ཀ་དོན་འགྲུབ་པའི་མི་ཚེའི་གནད་དུ་སྨིན་པའི་བསླབ་བྱ་གདམས་པ་མང་དུ་བསྩལ་བར་མ་ཟད་ཁྲེལ་དང་དྲིན་གཟོའི་འདུ་ཤེས་འདི་འདྲའི་ཡག་པོ་ཞིག་ཡོད་པ་ནི་གཞན་ལས་ཁྱད་དུ་འཕགས་པའི་གཤིས་སྤྱོད་ཡིན་པ་དང་ཡིད་འགུལ་ཐེབ་པའི་གནས་རེད་ཅེས་བསྟོད་བསྔགས་གནང་།

སློབ་དཔོན་རྣམ་གསུམ་ཉི་ཟླ་སྐར་གསུམ་སྟེ། ། 

ལྷན་ཅིག་མཇལ་བ་བསོད་ནམས་དཔལ་གྱི་ཞིང་། །


ཕྱི་དྲོ་མཐོ་སྒང་རང་འདེམས་རྫ་ཁོག་གླིང་ནས་སློབ་དཔོན་རྣམ་པ་གསུམ་དབུ་བཞུགས་ཐོག་སློབ་གྲྭའི་དགེ་རྒན་དང་ལས་བཟོ་བ། ཇ་མ་དང་སྒོ་སྲུང་དང་བཅས་ཁྱོན་མི་དྲུག་ཅུ་ལྷག་གུས་པའི་ཕྱག་གིས་བསུས་ཏེ་གསོལ་ཇ་དྲངས། ཐུགས་དགྱེས་པའི་ཕྱིར་རིག་རྩལ་གྱི་མཆོད་པ་ཕུལ།

འདི་ལ་དགེ་མཚན་གནད་དུ་ཆེ་བ་གསུམ་ཡོད་དེ་སློབ་དཔོན་རྣམ་གསུམ་ཞལ་འཛོམས་བྱུང་བའི་བསོད་ནམས་ཀྱི་ཆེ་བ་དང་མ་ཡུམ་སློབ་གླིང་མི་མཐུན་འགལ་རྐྱེན་སྣ་ཚོགས་ལས་རྣམ་པར་རྒྱལ་བའི་རྒྱལ་ཁའི་དགའ་སྟོན་དང་གཉིས།ང་ཚོའི་འཛིན་གྲྭའི་ཕུ་ནུ་གྱ་བདུན་མི་ལོ་བརྒྱད་ཀྱི་རིང་ལ་ན་ཚ་ལྕི་མོ་ཅི་ཡང་མ་བྱུང་བར་བདེ་འཚམས་ཀྱི་རི་མོ་རྟག་ཏུ་གསལ་ཡོད་པ་དང་གསུམ་བཅས་ཀྱི་དགའ་སྟོན་གསུམ་འཛོམས་ཤིག་ཀྱང་ཡིན་པས་རང་འཛིན་གྲྭའི་སྒྲ་སྙན་བཀྲ་ཤིས་རྒྱལ་བོ་སྟེ་སྐལ་བཟང་བཀྲ་ཤིས་དང་འཆི་མེད་རིག་འཛིན། སྐལ་བཟང་ཡོན་ཏན། ཚེ་རིང་དོན་འགྲུབ་བཅས་ནས་རྡུང་ལེན་དང་སློབ་གྲོགས་ཚང་མས་བཀྲ་ཤིས་ཆར་བ་དང་མ་ཡུམ་སློབ་གླུ་སོགས་མཉམ་ལེན་གྱིས་མ་ཡུམ་སློབ་གླིང་བཀྲ་ཤིས་དགེ་མཚན་རྟག་ཏུ་རྒྱས་ཤིང་སློབ་དཔོན་རྣམ་པའི་སྐུ་ཚེ་ཡུན་རིང་དུ་བརྟན་པའི་སྨོན་ཚིག་དང་མི་ཤིག་རྡོ་རྗེ་བྲག་གི་བརྟན་བཞུགས་ཕུལ། 

གནམ་ས་བླ་འོག་བསྒྱུར་བའི་འགྱུར་ལྡོག་ལས་སྔོན་གྱི་འཚོ་བའི་བརྙན་རིས་མིག་ལ་འཁོར།
དེ་རྗེས་འཛིན་བདག་དགེ་རྒན་ཤེས་རབ་དང་མཉམ་པོར་རང་གི་ལོ་འདི་གའི་ལས་གནས་ཀྱི་གནས་ཚུལ་དང་དེའི་བརྒྱུད་རིམ་ཁྲོད་ཀྱི་དཀའ་སྡུག་དང་སྙིང་གཏམ། ཀུ་རེ་དང་རྩེད་མཚར་སོགས་ཕྱིར་དྲན་གྱི་ཀློང་དུ་ཞུགས་ནས་མཚན་མོའི་དུས་ཚོད་གསུམ་པ་བར་སེམས་གཏམ་ཅི་མོལ་གང་མོལ་བྱས་ངལ་གསོ་བྱས།


ཚེས་བརྒྱད་ཉིན་གྱི་སྔ་མོར་ཡར་ལངས་ནས་སློབ་གླིང་གི་སློབ་ཁང་དང་མལ་ཁང་དུ་སོང་ནས་སློབ་གྲྭའི་འཕེལ་རྒྱས་དང་སློབ་མའི་སྐབས་ཀྱི་འཚོ་བར་ཕྱིར་དྲན་གྱི་རྣམ་པར་ནང་སེམས་ཁེན་ཏེ་ཁ་བརྡ་བྱས།  


ད་དུང་མ་ཡུམ་སློབ་གྲྭའི་སྐབས་ཉེར་ལྔ་བའི་མཐར་ཕྱིན་མཛད་སྒོར་མཉམ་དུ་ཞུགས་ནས་སྐལ་བཟང་བཀྲ་ཤིས་གཙོས་མ་ཡུམ་སློབ་གྲྭའི་དགེ་སློབ་ཡོངས་ལ་རིག་རྩལ་གྱ་ནོམ་པ་ཞིག་ལེགས་སྐྱེས་སུ་ཕུལ་ཞིང་སློབ་བུ་པདྨ་རྒྱལ་ལགས་ལ་སློབ་གླིང་གི་སློབ་དེབ་བཅུ་དགུ་པར་དུ་བསྐྲུན་པར་ཇུས་འགོད་དང་སྒྲིག་སྦྱོར་ལ་རིན་སྐར་གང་མ་བླངས་པ་དྲིན་གཟོའི་ལེགས་སྐྱེས་ཤིག་རེད་ཅེས་གཟེངས་བསྟོད་དཔང་ཡིག་ཕུལ།

ཕྱི་དྲོ་མ་ཡུམ་སློབ་གླིང་གི་དགེ་རྒན་རྣམ་དང་ལྷན་དུ་མཛའ་བརྩེའི་སྤོ་ལོ་འགྲན་སྡུར་བྱས་ཤིང་ཕྱིར་མཉམ་འཛོམས་ཀྱི་གཞིས་སྒར་ཡོང་ནས་དགའ་སྤྲོའི་ངང་ལྷན་འཛོམས་ལོངས་སུ་སྤྱད།

ས་ཁ་ཐག་རིང་ཡང་སེམས་ཐག་ཉེ།

མཛའ་བརྩེ་དང་ཁྲེལ་གཞུང་།  དྲིན་དྲན་པའི་འདུ་ཤེས་ཀྱིས་འཚོས་བའི་ཕུ་ནུ་གྱ་བདུན་ལས་རྒྱུ་རྐྱེན་དུ་མའི་དབང་གིས་མ་འབྱོར་བ་རེ་འགའ་མཆིས་ཀྱང་།ནང་སེམས་ནས་མ་ཐོན་པའི་ཕངས་སེམས་དང་འགྱོད་གདུང་གི་སེམས་ཚོར་མོད་པོ་སྐད་འཕྲིན་ཚོམས་དང་གྲོགས་ཚོམས་སོགས་སུ་སྤེལ་བཞིན་འདུག་ལ་དཔེར་མཚོན་དུ་གཅིག་གཉིས་ཤིག་འགོད་ན།སློབ་གྲོགས་བསྟན་འཛིན་དབྱིན་གཉེན་གྱིས། དོ་ནུབ་ཀྱི་མཉམ་འཛོམས་ལ་ཞུགས་མ་ཐུབ་པ་ནི་ཕང་བ་ལ།

སློབ་གྲོགས་མེ་ནུར་གྱིས། གུས་ཤིང་དད་པའི་དགེ་རྒན་དང་།  མཛའ་ཞིང་བརྩེ་བའི་སློབ་གྲོགས།  ད་དུང་ཡིད་ལ་འཁོར་བའི་རྭ་རྒྱའི་ས་དམར་ལ་སོགས་རབ་ཏུ་དྲན།  འོན་ཀྱང་ད་ཐེངས་སྒེར་དོན་ཞིག་གིས་ལྷན་འཛོམས་དེར་ཡོང་མ་ཐུབ་པས་འགྱོད་སེམས་ཤིག་ཀྱང་འདུག    ཚང་མ་འཛོམས་པ་ཡག 


 སློབ་གྲོགས་ཚེ་རིང་དོན་འགྲུབ་ཀྱིས། ཡུལ་རྭ་རྒྱའི་ས་དམར་ཁྲོད་ནས་སྐྱིད་སྡུག་མཉམ་མྱོང་བྱས་པའི་མཛའ་གཅུག་གི་སློབ་གྲོགས་དག་དེ་རིང་ཕྱིར་མ་ཡུམ་སློབ་གྲྭའི་ཕང་བ་རུ་ལྷན་དུ་འཛོམས་ཤིང་།  སློབ་དཔོན་རྣམ་གསུམ་གཙོས་པའི་དགེ་རྒན་བཀའ་དྲིན་ཅན་དག་ལ་མཇལ་རྒྱུའི་སྐལ་བཟང་མངོན་དུ་གྱུར་ཡོད་པ་ཇི་འདྲའི་ལས་སྐལ་ལྡན་ཨང་།   རང་ཉིད་ལས་དོན་གང་མང་གི་རྐྱེན་དབང་གིས་ཡུལ་དངོས་ལ་འགྲོ་མ་ཐུབ་པས་སེམས་པ་ཤིན་ཏུ་གནོང་། ཁྱེད་ཅག་ལས་ལམ་དཀར་ཞིང་བསམ་དོན་འགྲུབ་པར་སྨོན། ། ཞེས་པ་སོགས་མང་དུ་བྱུང་ཡོད། 


མགོ་བཀྲ་ཤིས་ལྷན་འཛོམས་དཔལ་གྱིས་དྲངས།། 

ཇུག་བདེ་ལེགས་དོན་གྲུབ་ཡུལ་དུ་འབྱོར།།

དེ་རིང་གི་དགུང་མོའི་དུས་ཚོད་བཅུ་དང་ཕྱེད་ཀའི་སྟེང་ལྷན་འཛོམས་ལ་ཡོང་བའི་སློབ་གྲོགས་ཡོངས་རྫོགས་བདེ་ལེགས་ངང་ཕྱིར་རང་རང་གི་ཡུལ་གནས་སུ་འབྱོར་བའི་འབྱོར་བརྡ་ཐོན་ཡོད། འདི་ཡང་དགེ་རྒན་དང་སློབ་མའི་སེམས་ཐག་ཉེ་བས་ཡར་དཀོན་མཆོག་ལ་སྐྱབས་འཇུག་ཞུས་ན་བྱིན་རླབས་མྱུར་ཞིང་མར་ལས་དོན་གྱི་བྱ་བ་གང་ཡང་ཆོས་བཞིན་འགྲུབ་པའི་ཆོས་ཉིད་དུ་འགྲེལ་འདོད། 
གསར་འགོད་པ། སེར་སྐོར་འཇམ་ཚེ་དང་མཐེབ་ཐོགས་ཕྲུག

སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 30r6 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
  སྐབས་བཅུ་བདུན་པའི་མཐར་ཕྱིན་འཛིན་གྲྭའི་ལྷན་འཛོམས་སྐབས་གཉིས་པ།   སྤེལ་མཁན།: བླ་རྒན། སྤེལ་དུས:2022/7/11
ཡིག་དོན་ནོར་བ་མང་བའི་གསར་འགྱུར་འདི་འདྲ་བཀོད་ན་སློབ་གླིང་གི་མཚན་སྙན་ལ་གནོད།
  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
23500741
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།