ས་གནས་མི་སྣ་གལ་ཆེན་མཚམས་སྦྱོར། ༡ གསར་འགོད་པ། སངས་རྒྱས་རྒྱལ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 3 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» མི་སྣ།» བོད་ཀྱི་དེང་རབས་མི་སྣ། » ས་གནས་མི་སྣ་གལ་ཆེན་མཚམས་སྦྱོར། ༡ གསར་འགོད་པ། སངས་རྒྱས་རྒྱལ
ས་གནས་མི་སྣ་གལ་ཆེན་མཚམས་སྦྱོར། ༡ གསར་འགོད་པ། སངས་རྒྱས་རྒྱལ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2022-07-09ལྟ་ཀློག (4404)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


རྗེ་བཙུན༧ཨ་རོལ་སྐུ་ཕྲེང་གསུམ་པ་བློ་བཟང་ལུང་རྟོགས་བསྟན་པའི་རྒྱལ་མཚན་གྱི་རྣམ་ཐར་མདོར་བསྡུས།

 རྩོམ་འབྲི་བ།  སངས་རྒྱས་རྒྱལ། 

ཨ་རོལ་སྐུ་ཕྲེང་གསུམ་པ་བློ་བཟང་ལུང་རྟོགས་བསྟན་པའི་རྒྱལ་མཚན་དཔལ་བཟང་བོ་(༡༨༨༨- ༡༩༥༨)ལགས་ནི་རེབ་གོང་མགར་རྩེ་ནས་སྐུ་འཁྲུངས། དགུང་ལོ་གསུམ་གྱི་སྟེང་ཞྭ་དམར་པཎྚི་ཏ་དགེ་འདུན་བསྟན་འཛིན་རྒྱ་མཚོ་དང་རྗེ་འཇིགས་མེད་བསམ་གཏན་རྒྱ་མཚོ་གཉིས་ཀྱི་དགོངས་པ་ལྟར། རེབ་ཀོང་ཤར་སྐལ་ལྡན་སྐུ་ཕྲེང་དྲུག་པ་བློ་བཟང་སྐལ་ལྡན་བསྟན་པའི་རྒྱལ་མཚན་ལགས་ཀྱིས་ཨ་རོལ་བློ་བཟང་ལུང་རིགས་རྒྱ་མཚོའི་ཡང་སྲིད་དུ་ཐུགས་ཐག་བཅད། དགུང་ལོ་ལྔའི་སྟེང་རིམ་བཞིན་རོང་བོ་དགོན་ཐོས་བསམ་རྣམ་རྒྱལ་གླིང་སོགས་ནས་བཤེས་གཉེན་བློ་བཟང་དར་རྒྱས་ཚང་། ཞྭ་དམར་པཎྚི་ཏ་དགེ་འདུན་བསྟན་འཛིན་རྒྱ་མཚོ། ཤར་སྐལ་ལྡན་བློ་བཟང་བསྟན་པའི་རྒྱལ་མཚན། རྗེ་འཇིགས་མེད་བསམ་གཏན། ཀིརྟི་བློ་བཟང་འཕྲིན་ལས། ཁྲི་ཆེན་འཇམ་དབྱངས་ཐུབ་བསྟན་རྒྱ་མཚོ། ཨ་ལགས་བླ་ཁོ་རྗེ་འཇིགས་མེད་འཕྲིན་ལས་རྒྱ་མཚོ། ཆེ་ཤོས་བྱང་ཆུབ་བསྟན་པའི་སྒྲོན་མེ་སོགས་མཁས་གྲུབ་དུ་མ་བསྟེན་ནས་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི་ལ་ཐོས་པས་མཐའ་རྒྱ་བཅད། རྒྱ་བོད་མཁས་པའི་གཞུང་ལ་ཐོས་བསམ་གཤའ་མ་གནང་བས། མདོ་སྨད་གཙོས་དབུས་ཁམས་གང་དུ་ཆོས་རྒྱུན་ཧ་ཅང་དཀོན་པོའི་རིགས་དང་དབང་ལུང་ཁྲིད་གསུམ་གྱི་གདམས་པའི་གཏེར་དུ་གྱུར། དུས་འཁོར་དབང་ཆེན་ཉེར་བདུན་གསུང་བ་སོགས་ལས་མཚན་སྙན་ཕྱོགས་བཞི་ཀུན་ཏུ་རྒྱས། བསེ་ཚང་བློ་བཟང་དཔལ་ལྡན་མཆོག་གཙོས་རྒྱ་བོད་ཧོར་གསུམ་གྱི་བུ་སློབ་ཀྱང་མང་དུ་བསྐྱངས། ད་ལྟ་ལག་སོན་བྱུང་བའི་འབྲེལ་ཡོད་ཡིག་ཆ་ལྟར་ན་ཁོང་གིས་མཛད་པའི་གཞུང་པོད་ཆེན་གཅིག་བཞུགས། གསུང་རྩོམ་བོར་བརླག་བྱུང་བ་སོགས་ད་ལྟ་འཚོལ་བསྡུ་བྱེད་མུས་ཡིན།རེབ་ཀོང་རོང་བོ་དགོན་དང་སྐུ་འབུམ་བྱམས་གླིང་གི་གདན་ས་བསྐྱངས། མདོ་སྨད་རྫོང་ཆེན་བཞིའི་ཡ་གྱལ་བྲག་དཀར་སྤྲེལ་རྫོང་དགོན་ཐོས་བསམ་ཡོན་ཏན་དར་རྒྱས་གླིང་ཕྱག་བཏབ། རྒྱལ་ཁབ་གསར་བ་དབུ་བརྙེས་པའི་སྔ་གཞུག་ཏུ་མཚོ་ལྷོ་ཧང་ངེ་རྫོང་ངམ་བྲག་དཀར་རྫོང་མི་དམངས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་། ཚོགས་གཙོ་གཞོན་པ་སོགས་ཕྱག་ལས་མཐོ་དམའ་མི་འདྲ་བ་ཅི་རིགས་ཀྱི་འགན་བཞེས་ཤིང་།  ལྷག་པར་དུ་ཁོང་གིས་དུས་འགྱུར་ཆེ་བའི་སྐབས་སུ་དགོན་གྲོང་དོ་དམ་དང་། ས་གནས་མི་རིགས་བར་གྱི་གྱོད་དོན་མང་བོ་འདུམ་འགྲིག་བཏང་བ་སོགས་སྤྱི་ཚོགས་སྒྲིག་འཛུགས་དང་བདེ་འཇགས་ཐད་ལ་མཛད་རྗེས་རླབས་པོ་ཆེ་མང་དུ་བསྐྱངས་སོ། ། 


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། kh9n བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23572790
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།