གཞན་ལ་ཕན་མི་ཐོགས་ཀྱང་། གནོད་མ་སྐྱེལ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 4 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» ལྷུག་རྩོམ། »གཞན་ལ་ཕན་མི་ཐོགས་ཀྱང་། གནོད་མ་སྐྱེལ།
གཞན་ལ་ཕན་མི་ཐོགས་ཀྱང་། གནོད་མ་སྐྱེལ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2022-07-09ལྟ་ཀློག (5718)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

གཞན་ལ་ཕན་མི་ཐོགས་ཀྱང་། གནོད་མ་སྐྱེལ།

འཛིན་བདག་གཙུག་ཕུད་རྒྱ་མཚོ། 
ཉིན་འདི་དག་ལ་སེམས་ཁམས་བློང་བློང་བོར་གྱུར་ཏེ།  གློ་བུར་དུ་ཁྱོད་ཚོར་ཅི་ཞིག་བཤད་དགོས་པའང་མི་ཤེས། ཕལ་ཆེར་བཤད་རྒྱུ་མང་དྲགས་པས་ཡིན་རྒྱུ་རེད། ཇི་ལྟར་མགོ་རྩོམ་དགོས་པ་ཡང་མ་ཤེས་པར་ཉིན་འགར་ལུས། ད་ལྟའི་བར་དུ་རང་ཉིད་དང་བརྩེ་འདང་ཧ་ཅང་ཟབ་པའི་མི་མང་བོར་ཁ་བྲལ་མྱོང་ནའང་། ཁྱོད་ཚོ་དང་ཁ་འབྲལ་དགོས་པའི་ཚོར་བ་ནི་རྒྱུན་ལྡན་མ་ཡིན་པ་ཞིག་རེད། ཉིན་ཤས་རྗེས་ཁྱོད་ཚོ་སློབ་གྲྭ་འདི་དང་ཁ་བྲལ་འགྲོ་ལ། ང་ཚོའི་བར་ལ་ཡང་ལེ་དབར་སྟོང་ཕྲག་གིས་ཆོད་འགྲོ  དེ་ལྟར་འདང་བརྒྱབ་ན་ཧ་ཅང་མི་སྐྱིད་པ་ཞིག་ཡིན་ན་ཡང་། ཕྱོགས་གཞན་ཞིག་ནས་འདང་བརྒྱབ་ན་དེ་ནི་ང་ཚོ་ཐུན་མོང་ལ་དབང་བའི་རྒྱལ་ཁ་ཞིག་རེད་ཟེར་ནའང་མི་ཆོག་པ་མེད་པ་འདྲ།
ལོ་ངོ་དུ་མའི་རིང་ལ་རང་རང་གི་འབད་འབུངས་དང་དགའ་སྡུག་སྣ་ཚོགས་ཀྱི་ཁྲོད་ནས་མ་ཡུམ་སློབ་གྲྭའི་བཀའ་དྲིན་གྱིས་རང་རང་གི་རྒྱུད་ལ་ཡོན་ཏན་གང་ལ་གང་འཚམ་ཞིག་འབྱོར་ཡོད་ལ། རང་གི་གཤིས་ཀ་དང་བསམ་བློ་སོགས་ལ་ཡང་འགྱུར་བ་མི་དམན་པ་ཞིག་ཐེབས་ཡོད། དེ་ལྟར་འདང་བརྒྱབ་ན་དགའ་འོས་པ་ཞིག་ཀྱང་རེད།
ཁྱོད་ཚོ་དང་ཁ་འབྲལ་དགོས་པར་བསམ་ན་ངའི་སེམས་སུ་དོན་དག་སྣ་ཚོགས་ཤིག་རང་བཞིན་གྱིས་ཤར་ཡོང་གིན་འདུག ང་ཚོ་ཚང་མ་ཕྱི་ནང་གི་འགལ་རྐྱེན་སྣ་ཚོགས་ཀྱི་ཁྲོད་ནས་ནར་སོན་ཞིང་། མི་དང་མིའི་བར་གྱི་མཛའ་བརྩེ་ཡང་དཀའ་སྡུག་གི་ཁྲོད་ནས་ད་གཟོད་ནར་སོན་པ་མ་ཡིན་ནམ། ལོ་འདི་དག་གི་རིང་ཁྱོད་ཚོ་ལ་ངོ་ཡག་པོ་ཞིག་ཀྱང་བསྟན་མ་མྱོང་། ནམ་ཡིན་ན་ཡང་སྡིགས་དམོད་དང་འཁང་ར་རྐྱང་རྐྱང་བྱས་ཏེ་ཁྱོད་ཅག་ལ་ཕོག་ཐུག་མང་བོ་བཏང་སོང་། གྲོགས་པོ་ལ་ལས་བཤད་ན་ཁྱེད་རང་རྩེད་མཚར་ལ་ཧ་ཅང་དགའ་བའི་མི་ཞིག་ཡིན་ཡང་།  སློབ་མ་ཚོ་གམ་དུ་ཐོན་དུས་ངོ་མདོག་གློ་བུར་དུ་འགྱུར་འགྲོ་ཟེར། མ་གཞི་དེ་དག་ནི་ཁྱོད་ཚོ་ལ་མ་དགའ་བ་དང་། བརྩེ་བ་མེད་པ་ནི་ག་ལ་ཡིན། དེ་ལྟར་བྱེད་དགོས་དོན་ནི་ཁྱོད་ཚོའི་སློབ་སྦྱོང་དང་སྒྲིག་ལམ་ལ་སྐུལ་མ་ཐེབས་ཕྱིར་ཁོ་ན་ཡིན།
ད་ནི་ང་རང་སློབ་གླིང་འདིར་ཡོང་ནས་ལོ་བཅུ་བདུན་འགོར་འདུག  དེའི་རིང་ལ་འཛིན་གྲྭ་གསུམ་གྱི་འཛིན་བདག་དགེ་རྒན་བྱས། ལོ་དེ་དག་གི་རིང་ལ་རང་གི་ནུས་ཚོད་ཀྱིས་སློབ་དཔོན་རྣམ་པར་ཞབས་ཞུའི་ཚུལ་དུ་འབད་འབུང་བྱེད་ཁུལ་ཡིན་ཡང་། སྔོན་ཆད་རང་ཉིད་ལོ་ཆུང་བ་དང་ལུས་ཕུང་བདེ་བ། འགན་ཁུར་ཡང་ཆུང་བས་སུན་སྣང་སྤུ་ཙམ་ཡང་སྐྱེས་མ་མྱོང་། ད་ནི་ལོ་ཚོད་དང་། ནད་གཞི། ཕྱི་ནང་གི་གནོན་ཤུགས་སྣ་ཚོགས་ཤིག་གཅིག་རྗེས་གཉིས་མཐུད་ཀྱིས་ཡོང་སྟེ་བྱ་བ་ཡང་འཐུས་ཤོར་དུ་སོང་ལ། ཕན་ཡང་ཐོགས་དཀའ་བར་འདུག  དེའི་རྐྱེན་གྱིས་སེམས་ཤུགས་ཆག སྙིང་སྟོབས་ཀྱང་ཞན།

མ་འོངས་པ་ན་ཁྱོད་ཚོ་གནས་གང་དུ་སོང་རུང་། དོན་ཅི་ཞིག་སྒྲུབ་ཀྱང་རང་གི་ཕ་མ་དང་། སློབ་གླིང་འདིའི་དགེ་རྒན་དང་ལས་བཟོ་བ་རྣམས་ཀྱི་བཀའ་དྲིན་ནམ་ཡང་བརྗེད་མི་ཉན། རང་རང་གི་མི་གཤིས་དང་ཀུན་སྤྱོད་ཀྱང་ཐ་ཤལ་གྱི་རྗེས་སུ་འབྲངས་མི་ཉན། སྤྱི་ཚོགས་རྙོག་དྲ་ཅི་འདྲ་ཆེ་ཡང་སྐད་དང་རིག་གཞུང་གིས་མཚོན་པའི་རང་གི་ངོ་བོ་སྲོག་རྩར་བཟུང་སྟེ་རང་ཚུགས་བརྟན་པོ་བྱ་དགོས། ཁྱོད་ཚོ་གྲྭ་གྲོང་སུ་ཡིན་ཡང་སློབ་མཐར་ཕྱིན་རྗེས་ཀྱང་མུ་མཐུད་དུ་སློབ་སྦྱོང་བྱ་རྒྱུ་ནི་ང་རང་གི་རེ་བ་ཉག་ཅིག་ཡིན།

མ་འོངས་པར་ང་རང་རྒས་འཁོགས་སུ་གྱུར་བའི་དུས་ཤིག་གམ། ཡང་ན་ཁྱོད་ཚོའི་བསམ་བློ་ཧ་ཅང་སྨིན་པའི་དུས་ཤིག་ལ་ང་ཚོ་སླར་ཡང་ལྷན་གཅིག་ཏུ་འཛོམས་ཏེ་འདས་སོང་གི་གཏམ་རྒྱུད་དག་ལ་ཕྱིར་དྲན་དང་། རང་རང་གི་སྐྱིད་སྡུག་སྣ་ཚོགས་ལྷོད་ལྷོད་ངང་བཤད་ཆོག  དེ་འདྲའི་ཉི་མ་ཞིག་ཤར་བའི་སྨོན་ལམ་ཡང་འདེབས་བཞིན་ཡོད།  དེའི་བར་དུ་ཁྱོད་ཚོས་རང་རང་གི་གཟུགས་གཞི་ལ་གཅེས་སྐྱོང་དང་། རང་རང་གི་དགའ་ཕྱོགས་གཉེར་ཏེ་བྱ་བ་ཅི་སྒྲུབ་འབད་མེད་ལྷུན་འགྲུབ་ཡོང་བའི་བཀྲ་ཤིས་སྨོན་འདུན་ཞུ།

མཇུག་མཐར་གཞན་ལ་ཕན་མི་ཐོགས་ཀྱང་། གནོད་མི་སྐྱེལ་བའི་མི་ཞིག་བྱ་རྒྱུ་ནི་གྱེས་ཁ་མའི་རེ་བ་དང་། དགེ་སློབ་ཀྱི་འདང་བརྩེ་ལས་བྱུང་བའི་སྙིང་གཏམ་དྲོན་མོ་དེ་ཡིན། ཞེས་འཛིན་བདག་དགེ་རྒན་གྱི་མིང་ཙམ་འཛིན་པ་གཙང་གཅུག་ཕུད་རྒྱ་མཚོས་རང་ཤག་ཉི་འོད་འཇམ་པའི་སྤྱིལ་བུ་ནས་དགའ་སྐྱོ་འདྲེས་མའི་ཚོར་བ་དག་སློབ་བུ་ཚོར་གྱེས་ཁ་མའི་གཏམ་དུ་སྤྲིངས་པ་ཤིས་པར་གྱུར་ཅིག

སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 10 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། rohu བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
  གཞན་ལ་ཕན་མི་ཐོགས་ཀྱང་། གནོད་མ་སྐྱེལ།   སྤེལ་མཁན།: བཅུད། སྤེལ་དུས:2022/7/9
དགེ་རྒན་གྱིས་གསུང་བའི་ཚིག་འདི་ནམ་མི་བརྗེད་ལགས།🙏 🙏 🙏
  གཞན་ལ་ཕན་མི་ཐོགས་ཀྱང་། གནོད་མ་སྐྱེལ།   སྤེལ་མཁན།: བྱམས་པ་དཀོན་མཆོག སྤེལ་དུས:2022/7/9
སློབ་དཔོན་མཆོག་གི་གསུངས་རྩོམ་འདིར་ཐེངས་འགར་བལྟས་ཀྱང་ཡང་ཡང་ལྟ་འདོད་སྐྱེས་པས་སླར་ཡང་ཐེངས་གཅིག་བཀླགས་པ་ཡིན🙏 🙏 🙏

  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
23577678
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།