ལོ་དགུའི་རྗེས་ཀྱི་མཐར་ཕྱིན་ལྷན་འཛོམས།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 27 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» སྤྱི་ཚོགས་དང་སློབ་གླིང་། »ལོ་དགུའི་རྗེས་ཀྱི་མཐར་ཕྱིན་ལྷན་འཛོམས།
ལོ་དགུའི་རྗེས་ཀྱི་མཐར་ཕྱིན་ལྷན་འཛོམས།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2022-07-03ལྟ་ཀློག (15108)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

རྭ་རྒྱའི་མཐར་ཕྱིན་སྐབས་བཅུ་དྲུག་པའི་འཛིན་གྲྭ་དང་བོའི་མཉམ་འཛོམས། 

སྐར་ཚོམས་འཛིན་གྲྭ་སྟེ་སྐབས་བཅུ་དྲུག་པའི་མཐར་ཕྱིན་འཛིན་གྲྭ་དང་བོ་ནི་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་་སློབ་དཔོན་རྣམ་གསུམ་དབུ་བཞུགས་ཐོག་ར་རྒྱ་བཟོད་པ་བཟང་བོ(འཛིན་བདག)ལགས་གཙོས་གྲངས་རིག་དགེ་རྒན་གཅོད་པ་དང་བ་རྡོ། རྒྱ་ཡིག་དགེ་རྒན་ཚེ་སྒྲོན། དབྱིན་ཡིག་དགེ་རྒན་བསམ་འཕེལ་རྡོ་རྗེ་བཅས་ཀྱིས་ཐུགས་ཀྱིས་བསྐྱངས་པའི་འཛིན་གྲྭ་ཞིག་ཡིན།༢༠༡༣ལོར་འཛིན་གྲྭ་འདིར་སློབ་མ་བདུན་ཅུའི་གྲུབ་ཡོད་ལ་ལོ་དེའི་སྤྱི་ཟླ༧པའི་ཚེས༡༥ཉིན་མཐར་ཕྱིན།  

   མཐར་ཕྱིན་ནས་ད་ལྟའི་བར་དུ་མི་ལོ་དགུ་འཁོར་བས་ཆེད་དུ་འདབ་ཆགས་ནགས་ལ་འཁོར་བ་བཞིན་མ་ཡུམ་སློབ་གྲྭའི་དགེ་བཟོ་བ་ཡོངས་ལ་དྲིན་གཟོའི་གསོལ་ཚིགས་འདྲེན་པའི་གྲོས་ཐག་གཅིག་ཏུ་བཞག་སྟེ༢༠༢༢ལོའི་ཟླ༧པའི་ཚེས༡ཉིན་སློབ་གླིང་དུ་འདུ་བར་ཐག་གིས་བཅད། མ་བརྩམ་པ་ནི་མཆོག་ཡིན་གྱི། ། བརྩམས་ནས་བཟློག་པར་མི་བྱ། ། ཞེས་པ་ལྟར་དུས་བཅད་དེ་དང་རེ་སྒུག་དེ་ད་གཟོད་མངོན་འགྱུར་བྱུང་། 
  སྤྱི་ཟླ༧པའི་ཚེས༡ཉིན་འཛིན་བདག་དབུ་བཞུགས་འོག་སློབ་གྲོགས་ཐམས་ཅད་རྒོད་ཚང་རྫོང་དུ་སྤྲོ་བསངས་དང་འདུ་འཛོམས་ཐོག་མའི་ཇ་དང་ཕུད་ཀྱི་མཆོད་པ་དང་བོ་དེ་ནས་བཤམས། 
  སྤྱི་ཟླ༧པའི་ཚེས༢ཉིན་གྱི་སྔ་དྲོར་དགེ་རྒན་རྣམ་པར་འཚམས་རྟགས་དང་མཇལ་ཁ་ཞུས། ཉིན་གུང་ལ་ཨ་ལགས་གཙོ་རི་རིན་པོ་ཆེར་མཇལ་ཁ་དང་ཨ་མྱེས་ཁྲ་རྒན་གླིང་ནས་དགེ་རྒན་རེ་འགའ་དབུ་བཞུགས་ཀྱི་ཁྲོད་གུང་ཚིགས་གསོལ། ཕྱི་དྲོར་མ་ཡུམ་སློབ་གླིང་གི་སྤྱི་སྡོམ་ལ་ཁེལ་བས་སྤྱི་སྡོམ་དུ་ཞུགས། སྤྱི་སྡོམ་ནས་རང་སློབ་གླིང་གི་གཞུང་ལ་རྒྱན་དྲུག་མཆོག་གཉིས་ཀྱི་གསུང་འབུམ་སྤུས་ལེགས་ཅན་པོད་བཞི་བཅུ་ལེགས་སྐྱེས་སུ་ཕུལ་བར་མ་ཟད་འཛིན་གྲྭ་སོ་སོའི་སློབ་མ་ཡོངས་ལ་སྐོམ་ཆུ་དང་ཀ་ར་གོ་རེའི་འཚམས་རྟགས་སུ་ཕུལ། སྤྱི་སྡོམ་དུ་དགེ་རྒན་བཛྲ་ཚུལ་ཁྲིམས་དང་དགེ་རྒན་ལྡོང་ཡོན་ཏན་རྣམ་གཉིས་ཀྱིས་སྐབས་བཅུ་དྲུག་པའི་མཐར་ཕྱིན་འཛིན་གྲྭ་དང་བོ་ལས་འཕྲོས་ཏེ་ངོ་ཚ་ཁྲེལ་ཡོད་དགོས་ཚུལ་གྱི་སྐོར་ནས་ཞལ་བརྡ་ལྷུག་པོར་གནང་། སྤྱི་སྡོམ་གྲོལ་རྗེས་སློབ་གླིང་གི་གླིང་སྟོད་སྨད་གཉིས་སུ་འཛིན་བདག་གིས་ལྟ་སྐོར་དུ་ཁྲིད། ལྟ་སྐོར་གྲོལ་རྗེས་སློབ་གླིང་གི་དགེ་རྒན་རྣམ་པ་དང་ལྷན་གླིང་སྨད་ནས་ལག་རྩེད་སྤོ་ལོའི་འགྲན་སྡུར་སྤེལ། 

  སྤྱི་ཟླ༧པའི་ཚེས༣ཉིན་གྱི་སྔ་དྲོར་རང་སློབ་གླིང་གི་དགེ་བཟོ་བ་ཡོངས་ལ་གསོལ་ཚིགས་དྲངས་པར་མ་ཟད། གསོལ་སྟོན་དུ་གླུ་དང་གཞས་ཀྱི་མཆོད་པ་ཕུལ་ཏེ་ད་རེབ་ཀྱི་ལྷན་འཛོམས་མགོ་བཀྲ་ཤིས་ཤིང་མཇུག་ཕུན་སུམ་ཚོགས་པའི་ངང་མཇུག་སྒྲིལ།  

མཇུག་མཐར་མ་ཡུམ་སློབ་གླིང་གི་བྱ་བཞག་ཡར་ནས་ཡར་དར་ཡོང་བ་དང་སློབ་གྲོགས་ཡོངས་ཀྱི་ཚེ་བསོད་དབང་ཐང་དར་བའི་སྨོན་འདུན་ཞུ།

 








གསར་འགོད་པ།  རྒྱ་འདུ་སངས་རྒྱས། 


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། eb4i བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
  ལོ་དགུའི་རྗེས་ཀྱི་མཐར་ཕྱིན་ལྷན་འཛོམས།   སྤེལ་མཁན།: བདེ་ཁོ། སྤེལ་དུས:2022/7/6
ཁྲེལ་ཡོད་པ། ངོ་ཚ་ཡོད་པ། བག་ཡོད་པ། དོན་ལྡན་པའི་སློབ་གྲོགས་ཚོ་མཉམ་འཛོམས་ཧ་ཅང་སྐྱིད་པོ་བྱུང་། བཀའ་དྲིན་ཆེ།
  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
23538509
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།