ཞི་ཅིན་ཕིང་ནས་གོ་ལའི་མཐོ་རིམ་གྲོས་ཚོཊ་འདི་གཙོ་སྐྱོང་གནང་འདུག
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 19 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» རྒྱལ་ཕྱི་ནང་གསར་འགྱུར། »ཞི་ཅིན་ཕིང་ནས་གོ་ལའི་མཐོ་རིམ་གྲོས་ཚོཊ་འདི་གཙོ་སྐྱོང་གནང་འདུག
ཞི་ཅིན་ཕིང་ནས་གོ་ལའི་མཐོ་རིམ་གྲོས་ཚོཊ་འདི་གཙོ་སྐྱོང་གནང་འདུག
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2022-06-25ལྟ་ཀློག (4998)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ཞི་ཅིན་ཕིང་ནས་གོ་ལའི་མཐོ་རིམ་གྲོས་ཚོཊ་འདི་གཙོ་སྐྱོང་གནང་འདུག



      སྤྱི་ཚེས་24ཉིན་གྱི་དགོང་མོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་དུ་བརྙན་ལམ་ཐོག་ནས་གོ་ལ་ཧྲིལ་པོའི་གོང་འཕེལ་གྱི་མཐོ་རིམ་གླེལ་མོལ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་ཡོད། ཨར་ཅི་རི་ཡའི་ཙུང་ཐུང་ཐེ་པིན་དང་། ཨ་ཀེན་ཐིན་གྱི་ཙུང་ཐུང་ཧྥེར་ནན་ཏེ་སི། ཨེ་ཅིབ་ཀྱི་ཙུང་ཐུང་སའེ་ཞི། ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་ཙུའོ་ཁོ། དབྱི་རན་གྱི་ཙུང་ཐུང་ལའེ་ཞི། ཧ་སག་སི་ཐན་གྱི་ཙུང་ཐུང་ཐུའོ་ཁ་ཡེ་ཧྥུ། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་། སེ་ནེ་ཀལ་གྱི་ཙུང་ཐུང་ས་ལེ། ལྷོ་ཨ་ཧྥེ་རི་ཁའི་ཙུང་ཐུང་ལ་མ་ཧྥུ་ས། ཨུ་ཟ་བྷེ་ཁི་སི་ཐན་གྱི་ཙུང་ཐུང་སྨིའར་ཅི་ཡུའེ་ཡེ་ཕུའུ། པར་ཙིར་གྱི་ཙུང་ཐུང་གཞོན་པ་མོ་ལང་། ཁམ་ཕུ་ཁྲེའི་དབུ་བཞུགས་བློན་ཆེན་ཧུང་སེན། ཨེ་ཙེ་ཨོ་ཕི་ཡའི་ཙུང་ལི་ཨ་པི། ཧྥི་ཅིའི་ཙུང་ལི་མུའུ་པའེ་ཉི་མ་ལ་མ། རྒྱ་གར་གྱི་ཙུང་ལི་མོ་ཏི། མ་ལེ་ཞི་ཡའི་ཙུང་ལི་དབྱི་སི་མེར། ཐེ་ལན་གྱི་ཙུང་ལི་པ་ཡུས་བཅས་གྲོས་ཚོགས་ལ་ཞུགས་ཡོད། རྒྱལ་ཁབ་ཁག་གི་འགོ་ཁྲིད་པས། ༼དུས་རབས་གསར་པའི་གོ་ལ་ཧྲིལ་པོའི་གོང་འཕེལ་རོགས་ཟླའི་འབྲེལ་བ་འཛུགས་པ་དང་། སྤྱི་ལོ་2030ལོའི་རྒྱུན་མཐུད་གོང་འཕེལ་གྱི་གྲོས་རིམ་ལག་གདང་སྦྲེལ་ནས་དོན་འཁྱོལ་བྱེད་༽ཅེས་པའི་བརྗོད་དོན་གཙོ་བོར་དམིགས་ནས་རྒྱལ་སྤྱིའི་གོང་འཕེལ་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ལོ་2030ལོའི་རྒྱུན་མཐུད་གོང་འཕེལ་གྱི་གྲོས་རིམ་དོན་འཁྱོལ་བྱེད་མགྱོགས་སུ་གཏོང་བ་སོགས་ཀྱི་གནད་དོན་གལ་ཆེན་ཐད་དགོངས་འཆར་བརྗེ་རེས་གཏིང་ཟབ་གནང་བ་དང་། གོང་འཕེལ་མཉམ་ལས་ཀྱི་ཇུས་ཆེན་ལ་ཐུན་མོང་ཐོག་གྲོས་བསྡུར་གནང་བར་ཐུན་མོང་གི་ངོས་འཛིན་གལ་ཆེན་རྒྱ་ཁྱབ་བྱུང་ཡོད། 

       མི་དམངས་ཚོགས་ཁང་ཆེན་མོའི་གསེར་མདོག་ཚོམས་ཆེན་གྱི་གློག་འོད་ཆེམ་ཆེམ་དུ་འཕྲོ་བ་དང་། ཚོགས་ཞུགས་རྒྱལ་ཁབ་18ཀྱི་རྒྱལ་དར་ལྷབ་ལྷུབ་ཏུ་གཡོ་བཞིན་མཆིས། 

       དགོང་མོའི་ཆུ་ཚོད་8པ་ཙམ་ལ། ཞི་ཅིན་ཕིང་གིས་གླེང་མོལ་གྲོས་ཚོགས་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ་རེད། ཚོགས་ཞུགས་རྒྱལ་ཁབ་ཁག་གི་འགོ་ཁྲིད་པས་བརྙན་ཐུང་ལ་ལྷན་དུ་གཟིགས་པ་དང་། གསར་དར་ཁྲོམ་རའི་རྒྱལ་ཁབ་དང་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་ཉེ་བའི་ལོ་ཤས་རིང་མཉམ་ལས་བྱས་པའི་དུས་སྐབས་གལ་ཆེན་ལ་ཕྱིར་དྲན་གནང་ཡོད། རྒྱལ་ཁབ་བཅོ་བརྒྱད་པའི་འགོ་ཁྲིད་པའི་སྤྲིན་རྩིས་མཉམ་པར་བསྐྱོན་པ་དེ་བརྙན་ཡོལ་ཆེན་པོའི་ཐོག་ཐོན་སྐབས་ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་གྲགས་ཡོད་པ་རེད། 

       ཞི་ཅིན་ཕིང་གིས་༼སྤུས་མཐོའི་རོགས་ཟླའི་འབྲེལ་བ་བཙུགས་ནས་གོ་ལ་ཧྲིལ་པོའི་གོང་འཕེལ་གྱི་དུས་རབས་གསར་པ་མཉམ་དུ་གཏོད་༽ཅེས་པ་འགོ་བརྗོད་དུ་འཁོད་པའི་གསུང་བཤད་གལ་ཆེན་གནང་བ་རེད། 

       ཞི་ཅིན་ཕིང་གིས། གོང་འཕེལ་ནི་མིའི་རིགས་སྤྱི་ཚོགས་ཀྱི་རྟག་བརྟན་གཙོ་དོན་ཞིག་རེད། རྒྱུན་ཆད་མེད་པར་གོང་འཕེལ་བཏང་ན་གཞི་ནས་མི་དམངས་ཀྱི་འཚོ་བ་ཁམས་བཟང་དང་སྤྱི་ཚོགས་བདེ་འཇགས་ཀྱི་ཕུགས་འདུན་མངོན་འགྱུར་ཡོང་ཐུབ། དུས་ཡུན་རིང་པོའི་ནང་རྒྱ་ཆེའི་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་རང་རྒྱལ་ཁབ་ཀྱི་རྒྱལ་ཚུལ་དང་འཚམ་པའི་གོང་འཕེལ་གྱི་ལམ་བུ་འཚོལ་ཞིབ་དང་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་མངོན་འགྱུར་ཡོང་ཆེད་འབད་བརྩོན་ལྷོད་མེད་བྱས་པར་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་ཐོབ་ཡོད། གསར་དར་ཁྲོམ་རའི་རྒྱལ་ཁབ་དང་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་དཔལ་འབྱོར་གྱིས་གོ་ལ་ཧྲིལ་པོའི་མངའ་ཁོངས་ཕྱེད་ཙམ་བཟུང་བ་དང་། ཚན་རྩལ་དང་། སློབ་གསོ། སྤྱི་ཚོགས། རིག་གནས་སོགས་ཁྱབ་ཁོངས་སུའང་གོང་འཕེལ་མྱུར་པོ་ཕྱིན་ཡོད། མིག་སྔར་ཏོག་གསར་གློ་ཚད་རིམས་ནད་ཀྱིས་གོ་ལ་ཧྲིལ་པོའི་ལོ་མང་གོང་འཕེལ་ཀྱི་གྲུབ་འབྲས་ཁྱུར་མིད་བཏང་བ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ལོ་2030ལོའི་རྒྱུན་མཐུད་གོང་འཕེལ་གྲོས་རིམ་དོན་འཁྱོལ་ལ་འགོག་རྐྱེན་བཟོས་པ། ལྷོ་བྱང་གི་འགལ་རྐྱེན་མུ་མཐུད་ཆེ་རུ་ཕྱིན་པ། འབྲུ་རིགས་དང་ནུས་རྒྱུའི་བདེ་འཇགས་ལ་ཉམས་ཉེན་འཕྲད་ཡོད། དེ་དང་ཆབས་ཅིག་ཏུ། རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་ཞི་བདེ་དོན་གཉེར་དང་། གོང་འཕེལ་བརྩོན་ལེན། མཉམ་ལས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་རེ་འདུན་སྔར་བས་ཆེ་རུ་སོང་བ་དང་། གསར་དར་ཁྲོམ་རའི་རྒྱལ་ཁབ་དང་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་མཐུན་སྒྲིལ་རང་འབད་བྱེད་པའི་འདུན་པ་སྔར་བས་བརྟན་དུ་སོང་བ། ཚན་རྩལ་གསར་བརྗེ་དང་ཐོན་ལས་བསྒྱུར་བཅོས་བྱེད་ཐེངས་གསར་པས་རྒྱལ་ཁབ་ཁག་ལ་ཐོབ་པའི་གོ་སྐབས་སྔར་བས་རྒྱ་ཆེ་རུ་སོང་ཡོད་ཅེས་གསུངས་ཡོད། 

       ཞི་ཅིན་ཕིང་གིས། དེང་ནི་འགྲན་རྩོད་ཀྱིས་ཁེངས་པའི་དུས་རབས་ཤིག་ཡིན་ལ་རེ་བས་ཕྱུག་པའི་དུས་རབས་ཤིག་ཀྱང་ཡིན། ང་ཚོས་འཛམ་གླིང་གི་འཕེལ་ཕྱོགས་ཆེན་པོ་གསལ་རྟོགས་བྱས་ཏེ་ཡིད་ཆེས་བརྟན་དུ་གཏོང་བ་དང་། བྱ་སྤྱོད་སྤེལ་བ། རྡོག་རྩ་གཅིག་བསྒྲིལ། ནུས་ཤུགས་ཡོད་རྒུ་འདོན་པ། གོ་ལ་ཧྲིལ་པོའི་གོང་འཕེལ་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཀུན་ཕན་དོ་སྙོམས་དང་། མཐུན་སྦྱོར་ཁོང་ཡངས། མཉམ་ལས་མཉམ་རྒྱལ། ཐུན་མོང་དར་རྒྱས་བཅས་ཀྱི་གོང་འཕེལ་གྱི་རྣམ་པ་ཞིག་ཐུན་མོང་ཐོག་གཏོད་དགོས་པ་སྟེ།  

       དེ་ཡང་། དང་པོ། ང་ཚོས་ཐུན་མོང་ཐོག་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་རྒྱལ་སྤྱིའི་ཐུན་མོང་གི་ངོས་འཛིན་གཅིག་ཏུ་འགྲིལ་བར་བྱེད་དགོས། རྒྱལ་ཁབ་ཁག་གི་མི་དམངས་ཚང་མ་འཚོ་བ་སྐྱིད་པོ་སྐྱེལ་ཐུབ་ན། དར་རྒྱས་གཞི་ནས་རྒྱུན་སྲིང་ཐུབ་པ་དང་། བདེ་འཇགས་ལ་གཞི་ནས་འགན་ལེན་བྱེད་ཐུབ་པ། འགྲོ་བ་མིའི་ཐོབ་ཐང་ལ་གཞི་ནས་རྨང་གཞི་ཡོང་ཐུབ། གོང་འཕེལ་དེ་རྒྱལ་སྤྱིའི་གྲོས་རིམ་གྱི་ལྟེ་བའི་གནས་བབ་ཐོག་བཞག་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ལོ་2030ལོའི་རྒྱུན་མཐུད་གོང་འཕེལ་གྱི་གྲོས་རིམ་དོན་འཁྱོལ་བྱས་ཏེ་མི་ཚང་མས་གོང་འཕེལ་ལ་མཐོང་ཆེན་དང་རྒྱལ་ཁབ་ཁག་གིས་ཐུན་མོང་ཐོག་མཉམ་ལས་བྱེད་པའི་ཆབ་སྲིད་ཀྱི་ཐུན་མོང་ངོས་འཛིན་གཏོད་དགོས་པ་དང་།  

       གཉིས་པ། ང་ཚོས་ཐུན་མོང་ཐོག་གོང་འཕེལ་ལ་དམན་པའི་རྒྱལ་སྤྱིའི་ཁོར་ཡུག་བསྐྲུན་དགོས། སྲུང་སྐྱོབ་རིང་ལུགས་ནི་རང་བསྡམས་རང་སྡོམ་ཡིན་པས། འཁོར་རྒྱ་ཆུང་ངུ་བཙུགས་ན་རང་ཉིད་ཁེར་རྐྱང་དུ་ལུས་པ་དང་། མི་གཞན་ལ་གནོད་འཚེ་གཏོང་བ་དང་གཞན་དང་བྲལ་ནས་མདུན་དུ་བསྐྱོད་བསམ་པ་ནི་ལག་ལེན་བསྟར་ཐབས་བྲལ་བ་དང་རྒྱང་རིང་དུ་བསྐྱོད་ཐབས་བྲལ་བ་ཞིག་རེད། བློ་གཅིག་སེམས་གཅིག་གིས་གོང་འཕེལ་དོན་གཉེར་དང་། སེམས་ཤུགས་གཅིག་སྒྲིལ་གྱིས་གོང་འཕེལ་ལ་སྐུལ་འདེད། སྒོ་འབྱེད་ཅན་གྱི་འཛམ་གླིང་དཔལ་འབྱོར་འཛུགས་སྐྲུན་བཅས་བྱས་ཏེ། སྔར་བས་དྲང་གཞག་ལུགས་མཐུན་གྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་དང་ལམ་ལུགས་ཀྱི་ཁོར་ཡུག་བསྐྲུན་དགོས། 

      གསུམ་པ། ང་ཚོས་གོ་ལ་ཧྲིལ་པོའི་གོང་འཕེལ་གྱི་སྒུལ་ནུས་གསར་པ་ཐུན་མོང་ཐོག་གསོ་སྤེལ་བྱེད་དགོས། ཚན་རྩལ་དང་ལམ་ལུགས་གསར་གཏོད་ལ་སྐུལ་འདེད་གཏོང་བ་དང་། ལག་རྩལ་གཞན་སྒྱུར་དང་ཤེས་བྱ་མཉམ་སྤྱོད་བྱེད་མགྱོགས་སུ་གཏོང་བ། དེང་རབས་ཐོན་ལས་གོང་འཕེལ་ལ་སྐུལ་འདེད་གཏོང་བ། གྲངས་གཞིའི་ཧེ་བག་སེལ་བ། ཐཱན་ཉུང་བརྗེ་སྒྱུར་བྱེད་མགྱོགས་སུ་གཏོང་བ་བཅས་བྱས་ཏེ་དེ་བས་ཤུགས་ཆེ་བ་དང་། གནོད་མེད། སྐྱོན་བྲལ་བཅས་ཀྱི་གོ་ལ་ཧྲིལ་པོའི་གོང་འཕེལ་ལ་སྐུལ་འདེད་གཏོང་དགོས། 

       བཞི་པ། ང་ཚོས་གོ་ལ་ཧྲིལ་པོའི་གོང་འཕེལ་རོགས་ཟླའི་འབྲེལ་བ་ཐུན་མོང་ཐོག་འཛུགས་དགོས། མཉམ་ལས་བྱས་ན་གཞི་ནས་དོན་ཆེན་བསྒྲུབ་ཐུབ་པ་དང་། བྱ་བ་བཟང་པོ་བསྒྲུབས་ན་ཡུན་ཕན་བྱ་བ་བསྒྲུབ་ཐུབ། དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱིས་འོས་འགན་བསྒྲུབ་དགོས་པ་དང་། གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་མཉམ་ལས་གཏིང་ཟབ་ཏུ་གཏོང་དགོས་ཤིང་། ལྷོ་བྱང་ཕྱོགས་གཉིས་པོས་ཕན་ཚུན་ངོ་གཏད་ནས་བསྐྱོད་དེ་མཐུན་སྒྲིལ་དང་། འདྲ་མཉམ། དོ་སྙོམས། ཀུན་ཕན་བཅས་ཀྱི་གོ་ལ་ཧྲིལ་པོའི་གོང་འཕེལ་རོགས་ཟླའི་འབྲེལ་བ་མཉམ་མཛུགས་བྱས་ནས། རྒྱལ་ཁབ་གང་རུང་ཞིག་དང་སྐྱེ་བོ་སུ་ཞིག་ཡིན་རུང་རྗེས་ལུས་ཐེབས་སུ་འཇུག་མི་རུང་། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གོ་ལ་ཧྲིལ་པོའི་གོང་འཕེལ་མཉམ་ལས་ཁྲོད་གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་གྱི་ནུས་པ་འདོན་སྤེལ་བྱ་རྒྱུར་རྒྱབ་སྐྱོར་བྱས་ནས་བཟོ་ཚོང་ལས་རིགས་དང་། སྤྱི་ཚོགས་ཚོགས་པ། སྨྱན་སྦྱོར་རིག་མཛོད་བཅས་གོ་ལ་ཧྲིལ་པོའི་གོང་འཕེལ་གྱི་མཉམ་ལས་ནང་ཞུགས་རྒྱུར་སྐུལ་མ་གཏོང་དགོས་པ་བཅས་ནན་སྟོན་གནང་ཡོད། 

       ཞི་ཅིན་ཕིང་གིས། ཀྲུང་གོ་ནི་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཁྱིམ་ཚང་ཆེན་མོའི་ཁོངས་མི་ཞིག་ཡིན། ཀྲུང་གོས་དངོས་གཉེར་གྱི་བྱ་ཐབས་སྤྱད་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ལོ་2030ལོའི་རྒྱུན་མཐུད་གོང་འཕེལ་གྲོས་རིམ་ལ་མུ་མཐུད་རྒྱབ་སྐྱོར་བྱ་རྒྱུ་སྟེ། 

       ——ཀྲུང་གོས་གོ་ལ་ཧྲིལ་པོའི་མཉམ་ལས་གོང་འཕེལ་ཀྱི་ཐོན་ཁུངས་མ་འཇོག་བྱེད་ཤུགས་ཆེ་རུ་བཏང་ནས། གསར་དར་ཁྲོམ་རའི་རའི་རྒྱལ་ཁབ་དང་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཉམ་ལས་རོགས་སྐྱོར་ཐེབས་རྩ་དེ་༼གོ་ལ་ཧྲིལ་པོའི་གོང་འཕེལ་དང་གསར་དར་ཁྲོམ་རའི་རའི་རྒྱལ་ཁབ་དང་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་དབར་གྱི་མཉམ་ལས་ཐེབས་རྩར་༽རིམ་སྤོར་བྱས་ཏེ། ཀྲུང་གོ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་དང་གོང་འཕེལ་ཐེབས་རྩར་མ་འཇོག་བྱེད་ཤུགས་ཆེ་རུ་བཏང་ཐོག་གོ་ལ་ཧྲིལ་པོའི་གོང་འཕེལ་ཀྱི་གྲོས་འགོར་རྒྱབ་སྐྱོར་བྱ་རྒྱུ་དང་། 

       ——ཀྲུང་གོས་ཕྱོགས་ཁག་དང་མཉམ་དུ་གཙོ་གནད་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། གོང་འཕེལ་གྱི་ཐོན་ཁུངས་སྐུལ་སློང་བྱེད་པ། གོ་ལ་ཧྲིལ་པོའི་དབུལ་ཕོངས་ཉུང་གཏོང་གི་དབུལ་སྒྲོལ་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། འབྲུ་རིགས་ཐོན་སྐྱེད་དང་མཁོ་སྤྲོད་ནུས་པ་ཆེ་རུ་གཏོང་བ། དྭངས་གཙང་ནུས་རྒྱུའི་རོགས་ཟླའི་འབྲེལ་བར་སྐུལ་འདེད་གཏོང་བ། རིམས་འགོག་སྨན་ཁབ་གསར་གཏོད་ཞིབ་འཇུག་དང་མཉམ་འབྲེལ་ཐོན་སྐྱེད་ལ་ཤུགས་སྣོན་རྒྱག་པ། སྐམ་ས་དང་རྒྱ་མཚོའི་འབྱུང་ཁམས་སྲུང་སྐྱོང་དང་རྒྱུན་མཐུད་ངང་བེད་སྤྱོད་བྱེད་པར་སྐུལ་འདེད་གཏོང་བ། དམངས་ཡོངས་ཀྱི་གྲངས་འཛིན་ཡོན་ཚད་དང་རྩལ་ནུས་ཆེ་རུ་གཏོང་བ།  བཟོ་ལས་ཅན་གྱི་བརྗེ་སྒྱུར་རིམ་སྤོར་མགྱོགས་སུ་གཏོང་བ། གྲངས་འཛིན་དུས་རབས་ཕན་ཚུན་སྦྲེལ་མཐུད་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་རྒྱལ་ཁབ་ཁག་གི་གོང་འཕེལ་ལ་སྒུལ་ཤུགས་གསར་པ་བསྣན་རྒྱུ། 

       ——ཀྲུང་གོས་རྒྱལ་སྤྱིའི་གོང་འཕེལ་ཤེས་བྱའི་སྤེལ་རེས་ཀྱི་སྟེགས་བུ་བསྐྲུན་ནས་གོ་ལ་ཧྲིལ་པོའི་གོང་འཕེལ་སྐུལ་འདེད་ལྟེ་གནས་འཛུགས་པ་དང་། གོ་ལ་ཧྲིལ་པོར་གོང་འཕེལ་ཤེས་བྱའི་དྲ་རྒྱ་འཛུགས་པ། རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་སྤེལ་རེས་བྱེད་པ། འཛམ་གླིང་གི་གཞོན་ནུའི་གོང་འཕེལ་གླེང་སྟེགས་གཉེར་བ། འཛམ་གླིང་ཡོངས་ཀྱི་གཞོན་ནུའི་གོང་འཕེལ་བྱ་སྤྱོད་འཆར་གཞི་ཐུན་མོང་ཐོག་བཏོན་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ལོ་2030ལོའི་རྒྱུན་མཐུད་གོང་འཕེལ་གྲོས་རིམ་དོན་འཁྱོལ་བྱེད་པར་ཆེས་རྒྱ་ཁྱབ་ཀྱི་སྟོབས་ཤུགས་གཅིག་ཏུ་བསྡུ་རྒྱུ་ཡིན་ཞེས་བསྟན་འདུག

       ཞི་ཅིན་ཕིང་གིས། བློ་དང་མཐུན་ན་སེམས་པ་མཐུན། ཐབས་ཇུས་འགོད་ན་མི་འགྲུབ་བྱ་བ་མེད། ང་ཚོས་སེམས་ཤུགས་ཆེར་སྐྱེད་ཀྱིས་སྤུས་མཐོའི་རོགས་ཟླའི་འབྲེལ་བའི་ཡང་དག་པའི་ཕྱོགས་སུ་ལག་གདང་སྦྲེལ་ནས་མདུན་སྐྱོད་བྱས་ཏེ་དར་རྒྱས་གོང་འཕེལ་གྱི་དུས་རབས་གསར་པ་ཐུན་མོང་ཐོག་གཏོད་དགོས་ཞེས་བསྟན་འདུག

       ཚོགས་ཞུགས་འགོ་ཁྲིད་པས་ཁག་སོ་སོར་གཏམ་བཤད་གནང་བ་རེད། ཁོང་ཚོས། ཀྲུང་གོས་གྲོས་འགོ་བཏོན་པ་དང་འབྲེལ་ད་ཐེངས་ཀྱི་གོ་ལ་ཧྲིལ་པོའི་གོང་འཕེལ་ཀྱི་མཐོ་རིམ་གླེང་མོལ་གྲོས་ཚོགས་གཙོ་གཉེར་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་ནས་གོ་ལ་ཧྲིལ་པོའི་གོང་འཕེལ་མཉམ་ལས་ཐད་རྒྱས་བཤད་གཏིང་ཟབ་གནང་བར་ཚད་མཐོའི་བསྔགས་བརྗོད་ཞུས་ཡོད། མིག་སྔར་རྒྱལ་སྤྱིའི་ཞི་བདེ་དང་གོང་འཕེལ་ཀྱི་བྱ་གཞག་ལ་འགྲན་རྩོད་དྲག་པོ་འཕྲད་ཡོད། གསར་དར་ཁྲོམ་རའི་རྒྱལ་ཁབ་དང་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ནི་དེ་བས་དྲང་གཞག་དང་དོ་སྙོམས་ཀྱི་རྒྱལ་སྤྱིའི་སྒྲིག་ལམ་འཛུགས་པ་དང་། ཞི་བདེ་དང་། བདེ་འཇགས། འདྲ་མཉམ། གོང་འཕེལ་བཅས་ལ་སྐུལ་འདེད་གཏོང་བའི་འགག་རྩའི་སྟོབས་ཤུགས་ཤིག་ཡིན་པས་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་གོང་འཕེལ་ཀྱི་གནད་དོན་དེ་ལྟེ་བའི་གནས་བབ་ཐོག་འཇོག་རྒྱུར་སྐུལ་འདེད་གཏོང་བ་དང་། གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་མང་ཆེ་བར་མཁོ་བ་དང་རེ་སྒུག་དང་མཐུན་པའི་དེ་བས་མཛེས་སྡུག་ལྡན་པའི་འཛམ་གླིང་འཛུགས་རྒྱུར་སྐུལ་འདེད་གཏོང་དགོས། ད་ཐེངས་ཀྱི་གླེང་མོལ་གྲོས་ཚོགས་དེ་དུས་ལ་འཁེལ་བ་དང་དོན་སྙིང་གལ་ཆེན་ལྡན་པས་རྒྱལ་སྤྱིའི་གོང་འཕེལ་མཉམ་ལས་ཐད་ཐུན་མོང་གི་ངོས་འཛིན་གསར་པ་བྱུང་བ་དང་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་གི་ཁེ་ཕན་སྲུང་སྐྱོང་བྱས་ཏེ་འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་དང་ཐུན་མོང་གོང་འཕེལ་ལ་སྐུལ་འདེད་གཏོང་ཆེད་སྒུལ་ཤུགས་གསར་པ་སྣོན་རྒྱུར་ཕན་ཐོགས་ཡོད་ཅེས་བསྟན་འདུག

       རྒྱལ་ཁབ་ཁག་གི་འགོ་ཁྲིད་པས་ཀྲུང་གོས་བཏོན་པའི་གོ་ལ་ཧྲིལ་པོའི་གོང་འཕེལ་ཀྱི་གྲོས་འགོ་དང་གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོར་བསྔགས་བརྗོད་དང་རྒྱབ་སྐྱོར་གནང་བ་དང་། མགྲིན་དབྱངས་གཅིག་གྱུར་ངང་གོང་འཕེལ་ནི་བདེ་འཇགས་ཀྱི་རྨང་གཞི་ཡིན་པ་དང་། བདེ་འཇགས་ནི་གོང་འཕེལ་གཏོང་བའི་སྔོན་འགྲོའི་ཆ་རྐྱེན་ཡིན། ཀྲུང་གོའི་གྲོས་འགོ་དེ་རྒྱ་ཆེའི་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་དོ་ཁུར་བྱེད་པ་དང་དགོས་མཁོ་དང་མཐུ་པ་དང་། རྒྱལ་སྤྱིའི་ཐུན་མོང་གི་ངོས་འཛིན་གཅིག་ཏུ་འགྲིལ་བ་དང་། གོང་འཕེལ་གྱི་ཐོན་ཁུངས་ལ་སྐུལ་སློང་བྱེད་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ལོ་2030ལོའི་རྒྱུན་མཐུད་གོང་འཕེལ་གྲོས་རིམ་དོན་འཁྱོལ་བྱེད་མགྱོགས་སུ་གཏོང་བ་བཅས་ལ་ཕན་པ་ཡོད། དབུལ་ཕོངས་ཉུང་གཏོང་དང་། ནད་ཡམས་འགོག་པ། འབྲུ་རིགས་བདེ་འཇགས། ནུས་རྒྱུའི་བདེ་འཇགས་སོགས་ཁྱབ་ཁོངས་སུ་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། གོ་ལ་ཧྲིལ་པོའི་གོང་འཕེལ་གྲོས་འགོ་དང་ས་ཁུལ་གོང་འཕེལ་གྱི་ཇུས་འགོད་དང་སྦྲེལ་མཐུད་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས། དབུལ་ཕོངས་དང་འདྲ་མཉམ་མིན་པའི་གོང་འཕེལ་ཁྱབ་ཁོངས་ཀྱི་འགྲན་རྩོད་ལ་ཐུན་མོང་ཐོག་ཁ་གཏད་གཅོག་ཐུབ་པའི་ངོས་འཛིན་གནང་ཡོད། ཕྱོགས་ཁག་ནས་ཕྱོགས་རྐྱང་པས་བཀག་སྡོམ་བྱས་པ་ལས་ཐོན་པའི་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་ངན་པ་དང་ཉམས་ཞན་པའི་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ལ་གནོད་འཚེ་ཚབས་ཆེན་བཟོས་པར་དོ་ཁུར་ཆེན་པོ་གནང་ཡོད། ཕྱོགས་ཁག་གིས་ཕྱོགས་མང་རིང་ལུགས་ངོ་མ་ལག་ལེན་བསྟར་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་ཀྱི་དམིགས་ཡུལ་ དང་རྩ་དོན་ལ་སྲུང་སྐྱོང་དང་།  དྲང་གཞག་དྲང་བདེན་རྒྱུན་འཁྱོངས་བྱེད་པ། གོ་ལ་ཧྲིལ་པོ་བཅོས་སྐྱོང་མ་ལག་འཕོ་འགྱུར་ལ་སྐུལ་འདེད་གཏོང་དགོས་པ་དང་། གསར་དར་ཁྲོམ་རའི་རྒྱལ་ཁབ་དང་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་མཐུན་སྦྱོར་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། རྒྱལ་སྤྱིའི་བྱ་དོན་ཁྲོད་ཀྱི་མཚོན་བྱེད་རང་བཞིན་དང་སྐད་ཆ་ཤོད་དབང་ཆེ་རུ་གཏོང་བ། རྒྱལ་སྤྱིའི་དཔལ་འབྱོར་དངུལ་རྩའི་མ་ལག་བརྟན་པོའི་ངང་འཁོར་སྐྱོད་ཐུབ་རྒྱུར་ཐུན་མོང་ཐོག་སྲུང་སྐྱོང་བྱེད་པ། འཛམ་གླིང་དཔལ་འབྱོར་བརྟན་པོའི་ངང་སླར་གསོ་ཡོང་བར་སྐུལ་འདེད་གཏོང་བ། ལག་གདང་སྦྲེལ་ནས་མཐུན་སྒྲིལ་དང་། འདྲ་མཉམ། དོ་སྙོམས། ཀུན་ཕན་བཅས་ཀྱི་གོ་ལ་ཧྲིལ་པོའི་གོང་འཕེལ་རོགས་ཟླའི་འབྲེལ་བ་གོང་འཕེལ་གཏོང་དགོས་ཞེས་ནན་སྟོན་གནང་ཡོད། 

       གླེང་མོལ་གྲོས་ཚོགས་ཐོག་ཀྲུའུ་ཞིའི་གསལ་བསྒྲགས་སྤེལ་ནས་གོ་ལ་ཧྲིལ་པོའི་གོང་འཕེལ་སྐོར་གྱི་ཚོགས་ཞུགས་ཕྱོགས་ཁག་གི་ཆབ་སྲིད་ཀྱི་ཐུན་མོང་ངོས་འཛིན་ལ་ཁྱོན་ཡོངས་ནས་རྒྱས་བཤད་བྱས་ཏེ།  གོ་ལ་ཧྲིལ་པོའི་གོང་འཕེལ་གྲོས་འགོའི་གཙོ་གནད་ཁྱབ་ཁོངས་ལ་དམིགས་ནས་དངོས་སྒྲུབ་མཉམ་ལས་ཀྱི་བྱེད་ཐབས་བཏོན་ཡོད། 

       ཏིང་ཞུའེ་ཞང་དང་། ཝང་དབྱི། ཧོ་ལི་ཧྥེང་སོགས་གླེང་མོལ་གྲོས་ཚོགས་ལ་ཞུགས་ཡོད་པ་རེད།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 85xc བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23501521
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།