མདོ་ལས་བྱུང་བའི་སྨྲ་བ་ལ་དགའ་བའི་ཉེས་དམིགས་ཉི་ཤུ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 26 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» སློབ་གསོ།» དགོན་སྡེའི་སློབ་གསོ། »མདོ་ལས་བྱུང་བའི་སྨྲ་བ་ལ་དགའ་བའི་ཉེས་དམིགས་ཉི་ཤུ།
མདོ་ལས་བྱུང་བའི་སྨྲ་བ་ལ་དགའ་བའི་ཉེས་དམིགས་ཉི་ཤུ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2022-06-15ལྟ་ཀློག (4032)རྩོམ་ཁུངས: དྲ་རྒྱ་ལས་བཏུས།པར་འདེབ།


༄༅། །དཀོན་བརྩེགས་འཕགས་པ་ལྷག་པའི་བསམ་པའི་བསྐུལ་བའི་མདོ་ལས་བྱུང་བའི་སྨྲ་བ་ལ་དགའ་བའི་ཉེས་དམིགས་ཉི་ཤུ།

《དཀོན་བརྩེགས་ཅ་པ》

འབྱུང་ཁུངས།ཤ265བ2ལས་བཏུས།

1.འདི་ལ་དགེ་སློང་སྨྲ་བ་ལ་དགའ་བ་ནི་མང་དུ་ཐོས་པས་རྒྱགས་ཤིང་དྲེགས་པས་གུས་པ་མེད་པར་འགྱུར་བ།

2.རྩོད་པའི་སྨྲ་བ་ལྷུར་ལེན་པས་ཕྱོགས་ལ་མངོན་པར་ཞེན་པར་འགྱུར་བ།

3.ནང་དུ་ཚུལ་བཞིན་ཡིད་ལ་བྱེད་པ་དང་བྲལ་བས་དྲན་པ་བརྗེད་པར་འགྱུར་བ།

4.ལུས་དང་སེམས་ཤིན་ཏུ་མ་སྦྱངས་པས་ཤེས་བཞིན་མེད་པར་སྤྱོད་པར་འགྱུར་བ།

5.ཆོས་ལ་བཟོད་པ་ལས་ཉམས་པས་ཁེངས་པ་དང་འདུད་པར་འགྱུར་བ།

6.ཞི་གནས་དང་ལྷག་མཐོང་ཡོངས་སུ་སྤངས་པས་སེམས་ཅན་གྱི་རྒྱུད་དམུ་རྒོད་དུ་འགྱུར་བ།

7.སྨྲ་བའི་སྤགས་པས་དུས་མ་ཡིན་པར་སྨྲ་བར་འགྱུར་བ།

8.འཕགས་པའི་ཤེས་པ་མ་ཐོབ་པས་མ་བསྡམས་པར་འགྱུར་བ།

9.ལྷ་དང་ཀླུ་རྣམས་ཀྱིས་མི་བཀུར་བར་འགྱུར་བ།

10.སོ་སོ་ཡང་དག་པར་རིག་པ་ཐོབ་པ་རྣམས་ཀྱིས་བརྙས་པར་འགྱུར་བ།

11.ལུས་མངོན་སུམ་དུ་གྱུར་པ་རྣམས་ཀྱིས་སྤྱོ་བར་འགྱུར་བ།

12.བསྒྲུབ་པ་མི་གནས་པས་ཡིད་ལ་གཅགས་པར་འགྱུར་བ།

13.ཐེ་ཚོམ་མ་སྤངས་པས་རབ་ཏུ་མི་བརྟན་པར་འགྱུར་བ།

14.སྒྲ་ལྷུར་ལེན་པས་ཐོས་པ་དང་བྱེ་བྲག་ཕྱེད་པ་ཉམས་པར་འགྱུར་བ།

15.རྣམ་པར་ཤེས་པའི་སྤྱོད་ཡུལ་ཅན་ཡིན་པས་འདོད་པའི་ཡོན་ཏན་ལ་ཆགས་པར་འགྱུར་བ།

16.ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོག་པར་མི་བྱེད་པས་མྱུར་དུ་ཆོས་སྤོང་བར་བྱེད་པ།

17.གཞན་དང་གཞན་རྩོམ་པས་མི་བརྟན་ཅིང་རྟེན་མེད་པར་འགྱུར་བ།

18.སེམས་ཡོངས་སུ་མ་དུལ་བས་བཀུར་སྟི་མེད་པར་ཐོབ་པར་འགྱུར་བ།

19.ཆོས་ཀྱི་དབྱིངས་ཁོང་དུ་མ་ཆུད་པས་གཞན་གྱི་དྲིང་འཇོག་པར་འགྱུར་བ།

20.དབང་པོ་རྣམས་ཡོངས་སུ་མ་ཤེས་པས་ཉོན་མོངས་པའི་དབང་དུ་འགྱུར་བ་བཅས་སོ།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། c91f བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23533988
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།