རྭ་རྒྱ་དགོན་པའི་དགེ་སློང་བྱམས་ཆེན་ཚང་སྐུ་གཤེགས་པ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 26 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» ལོ་རྒྱུས།» དེང་རབས། » རྭ་རྒྱ་དགོན་པའི་དགེ་སློང་བྱམས་ཆེན་ཚང་སྐུ་གཤེགས་པ།
རྭ་རྒྱ་དགོན་པའི་དགེ་སློང་བྱམས་ཆེན་ཚང་སྐུ་གཤེགས་པ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2022-06-11ལྟ་ཀློག (7080)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


  རྭ་རྒྱ་དགོན་པའི་དགེ་སློང་བྱམས་ཆེན་ཚང་སྐུ་གཤེགས་པ།

  རྭ་རྒྱའི་དགེ་སློང་བྱམས་ཆེན་ནམ་མི་རྒན་ཏུ་གྲགས་པ་ཁོང་གི་མཚན་ཆ་ཚང་ལ་བྱམས་པ་མཐའ་ཡས་ཟེར། སྤྱི་ལོ་༡༩༧༦་ལོར་མས་འགར་ཁ་གྱ་ཚོ་བའི་ལོ་རེ་རྒྱལ་ཚང་ནས་སྐུ་འཁྲུངས། རང་ཡུལ་མས་འགར་སྟག་གསོད་སློབ་གྲྭར་འགྲིམས། དགུང་ལོ་ཉེར་གཉིས་སྟེང་རྭ་རྒྱ་དགོན་པར་ཕེབས་ཏེ་མཁན་ཆེན་འོད་ཟེར་བཟང་བོ་ལས་རབ་བྱུང་དང་དགེ་ཚུལ་གྱི་སྡོམ་པ་བཞེས། དུས་འཁོར་གྲྭ་ཚང་དུ་ཞུགས་ཏེ་འདོན་ཕྱག་ལེན་དང་ཆོ་ག་ཆོས་སྤྱོད་རྣམས་ཐུགས་འཛིན་མཛད། རུ་ཤིས་མཁན་ཆེན་བློ་བཟང་བསྟན་པའི་རྒྱལ་མཚན་མཆོག་གི་མདུན་ནས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། ལ་མོའི་ཡོངས་འཛིན་ཚང་སོགས་ཀྱི་མདུན་ནས་དབང་ལུང་མང་བོ་གསན། 

     ཁོང་གི་སྐུ་གཟུགས་གཞན་དང་མི་འདྲ་བའི་ཆེན་པོ་དང་བརྗིད་པོ་ཞིག་ཡོད་པས། མཚོ་ལྷོ་ཁུལ་གྱི་གྲགས་ཅན་མི་སྣའི་གྲས་སུ་བཞག་སྟེ་ཚགས་པར་སྟེང་དུ་བཀོད། སྐབས་དེར་མཐོ་ཚད་ལ་སྐར་མ་208དང་། ལྗིད་ཚད་ལ་རྒྱ་མ270ཡོད་པ་སོགས་ཀྱིས། མཚོ་སྔོན་ཞིང་ཆེན་གྱི་ཁྱད་འཕགས་བསྐྱེད་བསྲིང་མི་སྣའི་གྲས་སུ་བཞག་སྟེ་མཚོ་སྔོན་ལུས་རྩལ་ཚོགས་པར་ཞུགས་དགོས་པའི་ཡིག་ཆ་བཀྲམ།  ཁོང་ནི་ཐུགས་རྒྱུད་དྲང་ཞིང་མཚན་སྙན་གྲགས་ལ་མི་དགའ་བ་ཞིག་ཡིན་པས། ང་གྲྭ་བ་ཞིག་ལུས་རྩལ་ཚོགས་པར་ཞུགས་ནས་ཅི་བྱེད། དེ་བས་དགོན་པ་ནས་ཚོགས་ཆོས་གྲྭར་སོང་ན་དགའ། རང་གི་འདོད་པའང་དེ་ཡིན་ཞེས་དང་ལེན་མ་བྱས་ཀྱང་། སྲིད་གཞུང་གིས་དགོན་པར་གནང་བ་བཙན་ཞུས་བྱས་ཏེ་ཟི་ལིང་དུ་འགྲོ་དགོས་བྱུང་། རྫོང་དང་ཁུལ་གྱིས་སྐྱེལ་མ་བྱས་ཏེ་ཟི་ལིང་དུ་ཕེབས་པར་བསུ་བ་དང་གསོལ་སྟོན་གང་ལེགས་བྱས།

     ཞིང་ཆེན་གྱི་དཔོན་པོ་དག་གིས། མཚོ་སྔོན་ཞིང་ཆེན་ལ་མི་གྲངས་ཁྲི་བརྒྱ་ཕྲག་མང་བོ་ཞིག་ཡོད་ཀྱང་མི་སྣ་ཁྱད་པར་བ་འདི་ལྟ་བུ་ཞིག་བྱུང་མ་མྱོང་བས་བདག་སྐྱོང་གང་ལེགས་བྱེད་དགོས་ཞེས་ཆེད་དུ་གསུངས། 

 སྐབས་དེར་ཁོང་གི་སྐུ་གཟུགས་ཀྱི་མཐོ་ཚད་ལ་སྐར་མ་220་དང་ལྗིད་ཚད་ལ་རྒྱ་མ་287་ཡོད་ལ། ལྷམ་ཨང་གྲངས་57ཅན་ཞིག་དགོས་པས། སྲིད་གཞུང་གིས་ཆེད་དུ་ཁོང་ལ་གོན་པ་མི་འདྲ་བ་མང་བོ་གསར་བཟོ་བྱས། མཚོ་སྔོན་ཉིན་རེའི་ཚགས་པར་དང་བརྙན་འཕྲིན་ཁང་སོགས་བརྒྱུད་དེ་ངང་ངམ་ཤུགས་ཀྱིས་ཁོང་གི་མཚན་སྙན་འཛམ་གླིང་གི་ཡུལ་གྲུ་གང་སར་ཁྱབ་པས། ཨ་རིའི་ལུས་རྩལ་ཁྲིད་སྟོན་པ་ཞིག་གིས་གློག་འཕྲིན་བརྒྱུད་ནས་ཁོང་བསྐྱེད་བསྲིང་བྱེད་འདོད་ཀྱི་རེ་ཞུ་དང་། གྲོང་ཁྱེར་མི་འདྲ་བའི་བུད་མེད་གཟུགས་ལང་ཚོ་ཅན་དང་འབྱོར་ཕྱུག་ཅན་དག་གིས་ཐབས་ལམ་སྣ་ཚོགས་བརྒྱུད་དེ་འབྲེལ་བ་བྱས་བྱུང་བས། ཁོང་གིས་ང་ནི་སྟོན་པའི་རྗེས་འཇུག་གི་རབ་བྱུང་བ་ཞིག་ཡིན་པས། འདི་ལྟར་འཚོ་བ་རྒྱས་སྤྲོས་དང་དུས་ཚོད་ཆུད་ཟོས། རྩོལ་མེད་ཀྱི་ཟླ་ཕོག་ལེན་པ། ཉིན་རེར་འཛམ་གླིང་ཡུལ་གྲུ་མང་བོའི་མི་སྣ་ངོ་མི་ཤེས་པ་དག་དང་འཇིག་རྟེན་མཐུན་འཇུག་གི་ཁ་བརྡ་བྱས་ནས་བསྡད་ན་སྙིང་བོ་མེད་དོ་སྙམ་ནས། སེམས་ཐག་གཙང་བཅད་བྱས་ཏེ་སུ་གཅིག་གི་ཁ་ལའང་མ་ཉན་པར། ཕྱིར་རྭ་རྒྱ་དགོན་པར་ཕེབས་ཏེ་ཚོགས་ཆོས་གྲྭར་འགྲིམས་ཤིང་སློབ་གཉེར་གྱི་འཕྲོ་བསྐྱངས།

       རྗེས་སུ་ཞིང་ཆེན་སོགས་ནས་བརྡ་ཐོ་བཏང་སྟེ་ཕྱིར་ཡོང་དགོས་ཚུལ་ནན་བཤད་བྱས་མོད། ཁོང་གིས་ང་ནི་གྲྭ་བ་ཞིག་ཡིན་པས་དགོན་པར་སྡོད་དུ་ཆུགས། ངའི་མགོ་བླངས་ནའང་གྲོང་ཁྱེར་གྱི་འདུ་འཛིའི་ནང་ལ་མི་འགྲོ་ཁོ་ཐག་ཡིན་ཞེས་ཁས་ལེན་གཏན་ནས་མ་གནང་བས། རིམ་གྱིས་སྲིད་གཞུང་ལའང་ཐབས་བཀོད་མེད་པར་གྱུར།

     དེ་ལྟར་དོན་ཉུང་བྱ་ཉུང་གིས་ཚོགས་དང་ཆོས་གྲྭར་འགྲིམས་ཤིང་འཛིན་གྲྭ་དབུ་མར་བུད་སྐབས་དགེ་གཡོག་ལ་བཞུགས་པས་མཇལ་བ་ཁྲི་ཕྲག་མང་བོས་ཁོང་གི་སྐུའི་བརྗིད་ཉམས་ཁོ་ན་གླེང་ཞིང་སྤྲུལ་བའི་དགེ་སློང་ཞིག་ཏུ་འདོད་མཁན་དང་བཤད་མཁན་ཡང་མང་བོ་བྱུང་།

      ཉིན་ཞིག་རྭ་རྒྱ་དགོན་པའི་དུས་འཁོར་གྲྭ་ཚང་གི་སློབ་གཉེར་བ་ཁག་ཅིག་དང་ལྷན་དུ་ཁོང་ང་ཡོད་སར་རྩིས་ཀྱི་དཔེ་ཁྲིད་ལ་ཕེབས་པས། ངས་སྐར་རྩིས་རིག་པའི་བྱུང་འཕེལ་དང་། སྐར་རྩིས་ཀུན་འདུས་ནོར་བུ། ལྷ་མོའི་ཚུལ་ཁྲིམས་ཚང་གི་ནག་རྩིས་སོགས་ཁྲིད་ཁུལ་བྱེད་མྱོང་བས་ངེད་གཉིས་བར་ལ་དགེ་སློབ་ཀྱི་འབྲེལ་བ་ཆགས། ཁོང་ནི་སྨྲ་བ་ཉུང་ཞིང་ཁེངས་པ་མེད་པ། སློབ་གཉེར་ལ་དགའ་ཞིང་དགེ་རྒན་ལ་དད་གུས་རྩེ་གཅིག་ཏུ་བྱེད་མཁན་ཞིག་རེད། དཔེ་ཁྲིད་སྐབས་བློ་རིག་ཧ་ཅང་མྱུར་མོ་ཞིག་མིན་ན་ཡང་། ཕྱིར་གྲྭ་ཤག་ཏུ་ཕེབས་ཏེ་དགོང་རེ་བཞིན་ལྷོད་ལྷོད་ཀྱིས་རང་སྦྱོང་བྱེད་པས། ཕྱིས་སུ་སྐར་རྩིས་ཀྱི་རི་མོ་སོགས་ལ་བྱང་ཆུབ་པ་ལྟ་བུ་བྱུང་སོང་། 
      སྐུ་གཟུགས་ཆེ་དྲགས་པ་སོགས་རྒྱུ་རྐྱེན་སྣ་ཚོགས་ཤིག་གིས་སྐུ་བསྙུངས་ཏེ་སྤྱི་ལོ་༢༠༢༢-༦-༥་ཉིན་མཐོང་བར་དཀོན་པའི་དགེ་སློང་ཚད་ལྡན་ཁོང་སྐུ་གཤེགས་སོང་། ཁས་བླངས་པའི་དམ་ཚིག་དང་སྡོམ་པ་མིག་འབྲས་བཞིན་བསྲུངས་ཏེ་ཞི་བར་གཤེགས་སོང་། དུར་ཁྲོད་དུ་བྱ་སྦྱིན་བྱེད་པའི་ཉིན་མོར། དགེ་འདུན་པ་བརྒྱ་ཕྲག་ལྷག་ཅིག་གིས་ཁོང་ལ་ཐུགས་སྨོན་ཟབ་མོ་དང་བསྔོ་སྨོན་ཡག་པོ་གནང་ཚེ། ང་ཡང་ཆེད་དུ་བྱ་སྦྱིན་བྱེད་སར་སོང་ནས་སྨན་བླ་བདེ་གཤེགས་བདུན་དང་ལྟུང་བཤགས་ཀྱི་ལྷ་སོ་ལྔར་གསོལ་བ་རྩེ་གཅིག་ཏུ་བཏབ་སྟེ་ཁོང་ལ་ཆེས་མཐའ་མའི་ཕེབས་སྐྱེལ་ཞུས་པ་ཡིན།

   ལྡོང་ཡོན་ཏན་རྒྱ་མཚོས་བྲིས།            ༢༠༢༠-༦-༡༡ཉིན།





      

སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། da3g བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23533215
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།