​སློབ་གླིང་གསར་འགྱུར། དཔེ་ཀློག་ཟིན་བྲིས་འགྲན་སྡུར།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 5 རེས་གཟའ་ཉི་མ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» སློབ་གླིང་གསར་འགྱུར། »​སློབ་གླིང་གསར་འགྱུར། དཔེ་ཀློག་ཟིན་བྲིས་འགྲན་སྡུར།
​སློབ་གླིང་གསར་འགྱུར། དཔེ་ཀློག་ཟིན་བྲིས་འགྲན་སྡུར།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2022-06-07ལྟ་ཀློག (2805)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


སློབ་གླིང་གསར་འགྱུར། 

2022/6/7

    དེ་རིང་ངེད་སློབ་གླིང་གིས་གསེར་གྱི་གླེགས་བམ་ཞེས་པའི་དཔེ་ཀློག་ཟིན་བྲིས་འགྲན་བསྡུར་ལ་བྱ་དགའ་སྟེར་བའི་བྱ་འགུལ་སྤེལ། དེ་ཡང་ལོ་རེ་བཞིན་འཛམ་གླིང་དཔེ་ཀློག་ཉིན་མོར་གླིང་སྟོད་སྨད་ཀྱི་དགེ་སློབ་ཚང་མ་མཉམ་དུ་དཔེ་མཛོད་སྒྲ་སྒྱུར་གཙུག་ལག་གླིང་དུ་འཛོམས་ནས་དཔེ་ཀློག་བྱ་འགུལ་སྤེལ་ཅིང་། སློབ་མ་རེ་རེས་ནམ་རྒྱུན་རང་གིས་ཀློག་བཞིན་པའི་དཔེ་ཆ་དག་ལས་དཔེ་ཆ་གཅིག་ལ་དཔེ་ཀློག་ཟིན་ཐོ་འབྲི་རུ་བཅུག་ཅིང་། སློབ་གླིང་གི་དགེ་རྒན་བཟོད་པ་བཟང་བོ་དང་། རུ་མང་འཕྲིན་ལས། གྱི་ལིང་འཇིགས་མེད། བླ་ནག་སྐལ་ལྡན། དབང་ཆེན་རྡོ་རྗེ། བན་དེ་སྐྱིད་བཅས་ཀྱིས་སློབ་མའི་ཟིན་བྲིས་ལས་འབུར་དུ་ཐོན་པ་འགའ་བདམས་ནས་ཨང་རིམ་བསྒྲིགས།  

  མགོ་ལོག་ཁུལ་དཔེ་མཛོད་ཁང་གིས་ལོ་རེ་བཞིན་ཕུལ་བྱུང་དཔེ་ཀློག་ཟིན་ཐོ་འགོན་མཁན་གྱི་སློབ་མ་ལ་བྱ་དགའི་བདག་རྐྱེན་གནང་བཞིན་ཡོད་པ་ལྟར་དེ་རིང་ཡང་ཁུལ་དཔེ་མཛོད་ཁང་གི་འགན་འཛིན་གཞོན་པ་བྱང་བཟང་དང་། ལས་འཛིན་པ་ཆོས་དབྱངས་སྒྲོལ་མ་གཉིས་དངོས་སུ་སློབ་གྲྭར་ཡོང་ནས་བྱ་དགའ་གནང་བའི་མཛད་སྒོ་བསྡུས།  མཛད་སྒོའི་སྟེང་གླིང་སྟོད་སྨད་ཀྱི་དགེ་སློབ་སྟོང་ལ་ཉེ་བ་དངོས་སུ་ཞུགས་པར་མ་ཟད། སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་གིས་དཔེ་ཀློག་དང་འབྲེལ་བའི་གསུང་བཤད་གནང་ཞིང་། དགེ་རྒན་གྱི་ལིང་འཇིགས་མེད་ཀྱིས་ཐེངས་འདིའི་དཔྱད་འདེམས་དགེ་རྒན་གྱི་འཐུས་ཚབ་བྱས་ཏེ་གཏམ་བཤད། 

   ཐེངས་འདིར་མཐར་ཕྱིན་འཛིན་གྲྭ་གཉིས་པའི་འཇིགས་མེད་གྲགས་པ་ལ་ཨང་དང་བོ་དང་། མཐོ་གཉིས་དང་བོའི་སློབ་མ་ཚུལ་ཁྲིམས་དར་རྒྱས་དང་། མཐོ་གཉིས་གཉིས་པའི་སློབ་མ་མཆོག་གསུམ་རྒྱལ་གཉིས་ལ་ཨང་གཉིས་པ། མཐོ་གཅིག་དང་བོའི་སློབ་མ་མགོན་པོ་སྐྱབས་དང་། མཐོ་གཉིས་དང་བོའི་འཇམ་དབྱངས་འཕྲིན་ལས། འབྲིང་གཉིས་ཀྱི་ཕུན་ཚོགས་ཆོས་འཕེལ་བཅས་ལ་ཨང་གསུམ་པ། འབྲིང་གཉིས་ཀྱི་ཚུལ་ཁྲིམས་རྒྱ་མཚོ་དང་། མཐོ་གཅིག་དང་བོའི་ནོར་བུ་ཚེ་རིང་། མཐོ་གཅིག་དང་བོའི་བཀྲ་ཤིས་ཚེ་རིང་། དམའ་གཉིས་ཀྱི་བཀྲ་ཤིས་ཆུང་བ་བཅས་ལ་རྟིང་སྐུལ་བྱ་དགའི་བདག་རྐྱེན་གནང་ཞིང་། སྐབས་བདུན་པའི་གསེར་གྱི་གླེགས་དམ་རྟགས་མའི་དཔེ་ཀློག་བྱ་འགུལ་ཁྲོད་མཐོ་གཉིས་གཉིས་པ་ལ་དཔེ་ཀློག་ཕུལ་བྱུང་འཛིན་གྲྭ་དང་། མཐོ་གཉིས་དང་བོའི་བློ་བཟང་གྲགས་པ་ལ་ཕུལ་བྱུང་དཔེ་ཀློག་པའི་བྱ་བ་གནང་། དེ་བཞིན་དཔེ་མཛོད་སྒྲ་སྒྱུར་གཙུག་ལག་གླིང་གི་འགན་འཛིན་པ་སྐལ་བཟང་བློ་གྲོས་ལ་ཕུལ་བྱུང་རྩ་འཛུགས་མི་སྣའི་གཟེངས་བསྟོད་ཕུལ་ཏེ་སྤྲོ་དགའི་ངང་བྱ་འགུལ་མཇུག་བསྡུས་སོ། །








རྩོམ་ཁུངས།  འཇིགས་མེད་རྒྱལ་མཚན་སློབ་གསོའི་འཕྲིན་སྟེགས་ལས་བཤུས། 


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། rohv བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23578123
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།