༡༦ ནུབ་ཕྱོགས་མྱུལ་བའི་ཟིན་ཐོ་བཀླགས་པའི་མྱོང་ཚོར།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 13 རེས་གཟའ་ཟླ་བ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» སློབ་གསོ།» དགེ་རྒན་བཛྲ་ཚུལ་ཁྲིམས། »༡༦ ནུབ་ཕྱོགས་མྱུལ་བའི་ཟིན་ཐོ་བཀླགས་པའི་མྱོང་ཚོར།
༡༦ ནུབ་ཕྱོགས་མྱུལ་བའི་ཟིན་ཐོ་བཀླགས་པའི་མྱོང་ཚོར།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2022-06-07ལྟ་ཀློག (2701)རྩོམ་ཁུངས: རྩོམ་ཁུངས་འདེམ་བྱང་།པར་འདེབ།

༄༅།། ནུབ་ཕྱོགས་མྱུལ་བའི་ཟིན་ཐོ་བཀླགས་པ་ལས་བྱུང་བའི་མྱོང་ཚོར་པད་དཀར་འཕྲེང་མཛེས།

བཛྲ་ཚུལ་ཁྲིམས་རྒྱ་མཚོ།

           

    སྐབས་དེར་ལིང་ཇུའི་ཕྱོགས་ནས་བརྡ་ཡིག་ཅིག་བཀྲམ་པའང་རྫོང་འདིར་སླེབས། ཡི་གེ་དེའི་ནང་དུ་མིང་ལ་ཞོན་ཙང་ཟེར་བའི་བཙུན་པ་ནུབ་བྷོད་ལ་འགྲོ་འདོད་པ་ཞིག་བྲོས་སོང་བས། ཁུལ་དང་རྫོང་གང་དུ་ཡོད་ནའང་ཁོ་བཟུང་སྟེ་ཕྱིར་སྤྲོད་ཅིག་ཅེས་བྲིས་ཡོད། ཁོང་འཛིན་བཟུང་བྱེད་དགོས་པའི་བརྡ་ཡིག་དེ་ཉིད་སྲུང་དཔོན་ཏུའུ་ཀཱུ་ཏཱ་ཟེར་བའི་ལག་ཏུ་མ་སོང་གོང་ལ་དེའི་མངའ་འོག་གི་འཛིན་བཟུང་འགོ་བ་ལྟ་བུའི་འགན་ཁུར་མཁན་ལིས་ཁྲང་ (李昌ཟེར་བ་ཞིག་ཡོད་པ་དེའི་ལག་ཏུ་འབྱོར་ཏེ་བལྟས་པ་ན། འདི་ནི་ཕལ་ཆེར་ཉེ་སྔོན་འདིར་སླེབས་པའི་བཙུན་པ་ཞིག་ཡོད་པ་དེ་ཡིན་ལས་ཆེ་སྙམ་དུ་བསམ་ནས་དེ་ཉིད་འཚོལ་དུ་སོང་ངོ་།། སྟབས་ལེགས་པ་ཞིག་ལ་ལིས་ཁྲང་ཞེས་པ་འདི་ཆོས་ལ་ཤིན་ཏུ་དད་པ་ཡོད་པའི་དཔོན་པོ་ཞིག་ཡིན་པར་བཤད་པས་དེ་ནི་སློབ་དཔོན་གྱི་ཐུགས་བཞེད་འགྲུབ་པའི་གྲོགས་སུ་གྱུར་ཏེ། བྱམས་ཆེན་དགོན་གྱི་སློབ་དཔོན་སྡེ་སྣོད་གསུམ་པའི་རྣམ་ཐར་ (大慈恩寺三藏法师传ཞེས་པར་བཀོད་པ་ལྟར་ན་དཔོན་པོ་དེས་སློབ་དཔོན་ལ་བརྡ་ཡིག་དེ་བསྟན་ནས་འདི་སྐད་དུ་དྲིས་པ། སློབ་དཔོན་ལགས། འདི་ཁྱེད་མ་ཡིན་ནམ་(师不是此耶?)ཞེས་པ་ལྟ་བུ་སྟེ། རྒྱ་ཡིག་གི་གནའ་སྐད་འདི་དེང་སང་གི་གོ་སླའི་སྐད་དུ་བསྒྱུར་ན་གོ་བ་ལེན་ལུགས་གཉིས་ཡོད་དེ། གཅིག་ནི། སློབ་དཔོན་ལགས་འདི་ཁྱེད་མིན་ལས་ཆེ་ (师父,您不是吧?ཞེས་པའི་དོན་དང་། ཡང་གཅིག་ནི། སློབ་དཔོན་ལགས་འདི་ཁྱེད་མ་ཡིན་ནམ་ (师父,您不是吗?ཞེས་པ་ལྟ་བུའི་དོན་དུ་འགྱུར། གོ་རྒྱུ་ཅན་གྱི་དྲི་བ་དེ་ལ་སློབ་དཔོན་གྱིས་ལན་ཇི་ལྟར་འདེབས་དགོས་པ་མ་ཤེས་པར་སོམ་ཉིའི་ངང་དུ་ལུས་པ་ན། ལིས་ཁྲང་གིས། དྲང་མོར་གསུངས་དང་ཡིན་ངེས་ན་བདག་གིས་ཐབས་བྱའོ་ཟེར། དེ་ནས་སློབ་དཔོན་གྱིས་གནས་ཚུལ་རྣམས་རྒྱུ་མཚན་དང་བཅས་པ་ཇི་ལྟ་བ་བཞིན་གསུངས་པས། ལིས་ཁྲང་སློབ་དཔོན་གྱི་སྐུ་ཡོན་དང་ཐུགས་སྟོབས་ལ་མཆོག་ཏུ་དད་ཅིང་སྨོན་པ་སྐྱེས་ཏེ་མཐོང་ས་དེ་ཉིད་དུ་འཛིན་བཟུང་གི་བརྡ་ཡིག་དུམ་བུ་གཉིས་སུ་བྱས་ཏེ་དོར་ཞིང་འདི་སྐད་དུ། ནམ་རིང་ན་རྨི་ལམ་མང་བོ་རྨི་བས་སློབ་དཔོན་ཁྱེད་མྱུར་དུ་ཕེབས་ན་བཟང་ཞེས་ཞུས་སོ།།

    འོན་ཀྱང་ལིང་ཇུའི་སློབ་དཔོན་དཔུས་ཝེ་ཚང་གིས་སྐྱེལ་མར་མངགས་པའི་དགེ་ཕྲུག་གཉིས་ལས་ཏོ་ཀྲིན་ (道整ཏུན་ཧོང་དུ་སོང་། དེར་ཡོད་པའི་དཔུས་ལིན་ (慧琳ལམ་རིང་བོར་བགྲོད་པའི་རྔོ་མི་ཐོགས་པས་ཕྱིར་ལིང་ཇུ་ལ་ལོག་ཏུ་བཅུག སློབ་དཔོན་ཁོང་གཅིག་པུར་འགྲོ་བའི་གྲབས་ཀྱིས་རྟ་ཞིག་ཀྱང་ཉོས་མོད། འོན་ཀྱང་ལམ་ཁྲིད་མེད་པས་ཇི་ལྟར་བགྲོད་དགོས་པ་མ་ཤེས་པས་ཐུགས་སྐྱོ་སྟེ་རྗེ་བཙུན་བྱམས་པའི་སྐུ་བརྙན་གྱི་མདུན་དུ་ལམ་སྟོན་བྱེད་མཁན་ཅིག་དང་མྱུར་དུ་འཕྲད་པར་ཤོག་ཅེས་གསོལ་བ་རྩེ་གཅིག་ཏུ་བཏབ་པོ།། མཚན་མོ་ཞིག་ལ། ས་གནས་དེའི་དགོན་པའི་ཧོར་གྱི་གྲྭ་བ་དྷརྨ་ཟེར་བ་ཞིག་གི་རྨི་ལམ་དུ། སློབ་དཔོན་ཞོན་ཙང་པདྨའི་ཁྲིར་བཞུགས་ཏེ་ནུབ་ཕྱོགས་སུ་ཕེབས་པ་ཞིག་རྨིས། དྷརྨ་གཉིད་ལས་སད་པ་ན་རྨི་ལམ་དེ་རང་ག་བ་ཞིག་མ་ཡིན་ནོ་སྙམ་དུ་བསམ་ནས་ཕྱི་ཉིན་ཞོགས་པ་སྔ་མོར་སློབ་དཔོན་གྱི་མདུན་དུ་སོང་སྟེ་ཇི་ལྟར་བྱུང་བ་རྣམས་ལེགས་པར་ཞུས་པས། སློབ་དཔོན་གྱིས་དེ་ནི་ལྟས་བཟང་བོ་ཞིག་གོ་སྙམ་དུ་དགྱེས་ཚོར་ཆེན་པོ་བྱུང་མོད། འོན་ཀྱང་གསང་དགོས་སྟབས་རྨི་ལམ་ནི་བརྫུན་པ་ཁོ་ན་ཡིན་པས་ཡིད་རྟོན་ཅི་ཡང་མེད་དོ་ཞེས་གསུངས་ཤིང་དོ་སྣང་ཆེར་མ་བྱས་པ་ལྟ་བུར་མཛད་དོ།།      

    དེ་ནས་སློབ་དཔོན་སླར་ཡང་སངས་རྒྱས་ཀྱི་སྐུ་བརྙན་གྱི་མདུན་དུ་ཕེབས་ནས་གསོལ་བ་རྩེ་གཅིག་ཏུ་བཏབ་པས་རིང་བོ་མ་ལོན་པ་ན། གློ་བུར་དུ་ས་དེའི་ཧོར་གྱི་མི་ཞིག་དགོན་པར་མཆོད་མཇལ་བྱེད་དུ་འོངས་ཤིང་། སློབ་དཔོན་རྨད་བྱུང་གཟི་བརྗིད་མཐོང་བ་དང་དད་པ་སྐྱེས་ནས་ཁོང་ལ་སྐོར་བ་ལན་གསུམ་བྱས་ཏེ་སྡོམ་པ་ཞིག་གནང་རོགས་མཁྱེན་ཞེས་གུས་པ་དང་བཅས་ཞུས་པ་ན། སློབ་དཔོན་གྱིས་ཁོའི་མིང་དྲིས་པས། ཧྲི་ཕན་ཐོ་ (石盘陀ཞེས་ཟེར་ལགས་ཞེས་ཞུས་པས། སློབ་དཔོན་གྱིས་དེ་ལ་དགེ་བསྙེན་གྱི་སྡོམ་པ་གནང་བ་དང་ཧོར་གྱི་མི་དེ་ཤིན་ཏུ་དགའ་ནས་སོང་ངོ་།། ཡུད་ཙམ་ནས་བག་ཟན་དང་སིལ་ཏོག་ཐོགས་ཏེ་སླར་ཡང་སློབ་དཔོན་ལ་མཇལ་ཞིང་ཕུལ་ལོ།། སློབ་དཔོན་གྱིས་མི་དེ་ལུས་སྟོབས་དར་ཞིང་རིག་པ་གསལ་ལ་གུས་བཀུར་ཡང་ཆེ་བས་ཡིད་རྟོན་རུང་བར་དགོངས་ཏེ་ཁོང་ཉིད་ནུབ་ཕྱོགས་འཕགས་པའི་ཡུལ་དུ་སློབ་གཉེར་བྱེད་ཆེད་ཕེབས་རྒྱུའི་འཆར་གཞི་རྣམས་མ་གསང་བར་བཤད་ཅིང་འགག་སྒོ་ལས་ཐར་བའི་ཐབས་ཡོད་མེད་དྲིས་པས། ཧོར་གྱི་མི་དེས་སྲུང་ཚིགས་ལྔའི་ཕ་རོལ་ཏུ་སྐྱེལ་རྒྱུ་ཁས་བླངས་པས་སློབ་དཔོན་ཐུགས་རབ་ཏུ་དགྱེས་ཏེ་ཁོ་ལའང་རྟ་ཞིག་ཉོས་ཤིང་། ཕྱི་ཉིན་ས་རུབ་ཁའི་དུས་སུ་མཁར་ཕྱིའི་རྩྭ་གསེང་ནས་ཐུག་རྒྱུའི་དུས་ཆད་བྱས་སོ།།

    ཡང་འགྲེལ་བཤད་བྱེད་དགོས་པ་ཞིག་ལ། འདིར་བཤད་པའི་ཧོར་གྱི་མི་ (胡人ཞེས་པ་ནི་དབུས་ཁུལ་གྱི་རྒྱ་མི་མ་གཏོགས་པའི་མཐར་གནས་མི་རིགས་གཞན་ཐམས་ཅད་ཀྱི་སྤྱི་མིང་ཞིག་རེད། སྤྱིར་བཏང་ཀྲུང་གོའི་བྱང་བརྒྱུད་དང་ནུབ་བརྒྱུད་ན་ཡོད་པའི་སོག་པོ་དང་། ཧེ་ལོན་ཅང་དང་ཞིན་ཅང་གི་ས་ཕྱོགས་སོགས་སུ་འཚོ་བ་རོལ་བའི་འབྲོག་པ་ལ་ཟེར་ཞིང་། ཆིན་སྔ་མའི་དུས་སྐབས་སུ་ (先秦时期ཀྲུང་གོའི་བྱང་བརྒྱུད་ན་ཡོད་པའི་འབྲོག་པ་ལ་པེ་ཏིས་ (北狄དང་། ཆིན་རྗེས་མ་(后秦ནས་བཟུང་ཧོར་ (胡人)ཞེས་ཟེར་རོ།། དེ་ཡང་གཙོ་བོར་ཞོང་ནུ་ (匈奴སྟེ་ཧོར་བ་དང་། ཞན་པེ་ (鲜卑་དང་། ཏིས་ (དང་། འཇང་ངམ་ (ཆིངས་དང་། ཐུ་བྷོད་ (吐蕃དམ་བོད་དང་། གྲུ་གུ་ (突厥དང་། མོང་གོལ་ (蒙古国ལམ་སོག་པོ་དང་། ཆིས་ཏན་ (契丹་དང་། ཉི་ཀྲིན་ (女真སོགས་ལ་ཟེར་རོ།། དེས་ན་ཧྲི་ཕན་ཐོ་ཟེར་བ་དེ་རྒྱ་རིགས་ཤིག་མ་ཡིན་པར་ངེས་སོ།།   

    འདིར་སློབ་དཔོན་གྱི་མདུན་ནས་དགེ་བསྙེན་གྱི་སྡོམ་པ་ལེན་མཁན་ཧྲི་ཕན་ཐོ་ཟེར་བའི་ཧོར་མི་དེ་བྱད་བཞིན་ཁྱད་མཚར་བ་ཞིག་ཡིན་པས་ནུབ་ཕྱོགས་མྱུལ་བའི་སྒྲུང་དུ་བཤད་པའི་སུན་ཨུ་ཁུང་གི་འཕྲོས་གཞི་ཡང་མི་འདི་ཡིན་པར་ཡང་བཤད་པ་ཡོད་དོ།། འོན་ཀྱང་ཧྲི་ཨུ་ཁུང་ (释悟空ཟེར་བ་ནི་ལོ་རྒྱུས་དངོས་ཡོད་ཅིག་སྟེ། ཐང་གི་དུས་སུ་བྱུང་བའི་བཙུན་པ་ཆེན་པོ་ཞིག་ཡིན་ལ། རབ་ཏུ་མ་བྱུང་གོང་དུ་ཁོའི་མིང་ལ་ཁྲེ་ཧྥིན་ཀྲོ་ (车奉朝ཟེར་ཞིང་། རབ་ཏུ་བྱུང་བའི་མཚན་ལ་ཨུ་ཁུང་ (悟空ཟེར་རོ།།

---  མུ་འགོད། ---

རྩོམ་ཡིག་མཁོ་སྤྲོད་པ།  བྱམས་པ་དོན་གྲུབ།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 41s7 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23622402
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།