སློབ་གླིང་གསར་འགྱུར། གཏམ་བཤད་ནོར་བུའི་ཕྲེང་བ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 4 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» སློབ་གླིང་གསར་འགྱུར། »སློབ་གླིང་གསར་འགྱུར། གཏམ་བཤད་ནོར་བུའི་ཕྲེང་བ།
སློབ་གླིང་གསར་འགྱུར། གཏམ་བཤད་ནོར་བུའི་ཕྲེང་བ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2022-05-30ལྟ་ཀློག (4164)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

སློབ་གླིང་གསར་འགྱུར། 

སྤྱི་ལོ་2022.5.30ཉིན་ངེད་གངས་ལྗོངས་འཇིགས་མེད་ཤེས་རིག་ནོར་བུའི་སློབ་གླིང་གིས་ལོ་རེའི་འཆར་གཞི་ལྟར་༼གཏམ་བཤད་ནོར་བུའི་ཕྲེང་བའི་འགྲན་སྡུར་༽སྐབས་བདུན་པ་སྤེལ། འགྲན་སྡུར་ལ་འཛིན་གྲྭ་རེའི་མི་གཉིས་རེ་དང་། གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭའི་འཐུས་ཚབ་པ་སློབ་མ་བཞི་བཅས་འགྲན་སྡུར་ལ་ཞུགས་ཤིང་། ལོ་རེ་རེའི་གཏམ་བཤད་ཀྱི་བརྗོད་བྱའི་ཁ་ཕྱོགས་མི་འདྲ་བ་བཞིན་ད་ལོར་དྲིན་གཟོའི་སྐོར་དང་། བོད་ཀྱི་ལོ་རྒྱུས་ཁྲོད་ཀྱི་མི་སྣ་གལ་སྐོར་གྱི་མི་ཚེ་དང་།  རང་ལ་ཤུགས་རྐྱེན་ཆེས་ཟབ་མོ་བཞག་མྱོང་བའི་མི་དང་དཔེ་ཆ་གང་རུང་བཅས་ཀྱི་ཐད་ནས་གཏམ་བཤད་བྱས། བརྗོད་བྱ་ལའང་སྔོན་བྱོན་མེས་པོ་རྣམས་ཀྱི་སྙིང་རུས་དང་མི་སྣ་རླབས་ཆེན་དག་གི་ཕུགས་བསམ། ད་དུང་སྔོན་བྱོན་མཁས་པའི་ལུང་ཚིག་ལ་སྦྱར་བ་སོགས་བཤད་སྟངས་མི་འདྲ་བའི་སྒོ་ནས་གཏམ་བཤད་སེམས་ལ་འབབ་ཅིང་ཡིད་འགུལ་ཐེབས་པ་མང་བོ་བྱས། གཏམ་བཤད་པ་རེ་རེའི་གྲ་སྒྲིག་ཕུན་སུམ་ཚོགས་པར་མ་ཟད། བརྗོད་བྱ་གནད་ལ་ཁེལ་ཞིང་རྗོད་བྱེད་གསལ་ལ་དག་པ་སོགས་སོ་སོའི་ངོས་ཐད་ཀྱི་གྲུབ་འབྲས་བཟང་བོ་བླངས།  དེ་བཞིན་སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་གིས་ཐེངས་འདིའི་གཏམ་བཤད་དང་འབྲེལ་ནས་གསུང་བཤད་གྱ་ནོམ་པ་གནང་། 
མཇུག་མཐར་བྱ་དགའ་ཐོབ་པའི་སློབ་གྲོགས་བཅུ་གཅིག་པོ་དང་ཕུལ་བྱུང་འཛིན་གྲྭ་གཅིག་བཅས་ལ་གཟེངས་རྟགས་གནང་ཞིང་། ཐེངས་འདིའི་འགྲན་སྡུར་ལ་དངུལ་ལོར་གྱི་རྒྱབ་སྐྱོར་གནང་མཁན་གྱི་སྦྱིན་བདག་དག་ལ་དྲིན་གཟོའི་རྟགས་མ་རེ་ཕུལ་ནས་འགྲན་སྡུར་ཡོངས་སུ་མཇུག་བསྡུས།
བྱ་དགའ་ཐོབ་མཁན།
ཨང་དང་བོ། མཐར་ཕྱིན་དང་བོའི་རྒྱལ་མཚན་མཐའ་ཡས་དང་འབྲིང་གཉིས་ཀྱི་ཚུལ་ཁྲིམས། 
གཉིས་པ། མཐར་ཕྱིན་གཉིས་པའི་བསོད་ནམས་ཚེ་འཕེལ། འབྲིང་གཉིས་ཀྱི་རིན་ཆེན་རྣམ་རྒྱལ། 
གསུམ་པ། མཐོ་གཉིས་དང་བོའི་བསྟན་པའི་ཉི་མ། འབྲིང་གཅིག་གི་སྙན་འདུས། རྩྭ་ཐང་བུ་མོའི་སློབ་གྲྭའི་སློབ་མ་ཏཱ་རེ་སྒྲོལ་མ།
རྟིང་སྐུལ། མཐོ་གཉིས་གཉིས་པའི་ཚེ་རིང་དང་དབང་སྟོབས། འབྲིང་གཅིག་གི་བསྟན་འཛིན་མདོ་སྔགས། རྩྭ་ཐང་བུ་མོའི་སློབ་གྲྭའི་སློབ་མ་ཨ་འཛོམས་བཅས་སོ། །
ཕུལ་བྱུང་འཛིན་གྲྭ། འབྲིང་གཉིས།
ཐེངས་འདིའི་འགྲན་སྡུར་ལ་སྦྱིན་བདག་གནང་མཁན། ཚེ་རིང་དོན་གྲུབ། བློ་བཟང་བྱམས་པ། མང་རྫོང་ཐོན་མིའི་སློབ་ཚོགས།༼ལོ་རེ་བཞིན་སྒོར་སྟོང་གཉིས་རེས་རྒྱབ་སྐྱོར་གནང་གིན་ཡོད།༽  
བློ་འདོན་དགེ་རྒན། བླ་ནག་པ་སྐལ་ལྡན་རྒྱ་མཚོ།
དཔྱད་འདེམས་པ། སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ། དགེ་རྒན་འོད་ཟེར། དགེ་རྒན་བླ་ནག་པ་སྐལ་ལྡན་རྒྱ་མཚོ། དཀར་མོ་ཡེ་ཤེས། ཨ་ལགས། སྒྲོལ་མ་སྐྱབས་བཅས་ཡིན། 
སྐར་གྲངས་སྤྱི་སྡོམ་པ། དགེ་རྒན་ཨ་མཆོག་མགོན་པོ་སྐྱབས། དགེ་རྒན་ལྷ་མོ་མཚོ།
རྩོམ་སྒྲིག་པ།  བསོད་ནམས་ལྷུན་གྲུབ། བློ་གྲོས། འཇིགས་མེད་བསྟན་འཛིན། ངག་དབང་དགེ་འདུན། ཐམས་མཁས། ཀརྨ། 
མདོ་འཛིན་པ། བསྡུ་བཞི་རྒྱ་མཚོ།  རྒྱལ་མཚན་མཐའ་ཡས། 
པར་ལེན་པ། བློ་གྲོས་ཡར་འཕེལ། 
རམ་འདེགས་པ། སློབ་བུ་ཚོགས་པ། བདེ་སྲུང་ཁང་། སྤྱི་གཉེར་ཁང་། ལྗང་སྒྱུར་ཚན་ཆུང་། 
གསར་འགོད། སྐབས་བདུན་པའི་གཏམ་བཤད་ནོར་བུའི་ཕྲེང་བའི་རྩོམ་སྒྲིག་ཚན་ཆུང་།
གཙོ་སྐྱོང་ལས་ཁུངས། གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་།

དུས་ཚོད། 2022.5.30








སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། xum1 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23577505
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།