དབྱངས་ཀྱི་ལང་ཚོ་རྩོམ་ཡིག་ཆེད་བཀོད་སྐབས་གསུམ་པ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 23 རེས་གཟའ་མིག་དམར་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» སྙན་རྩོམ། »དབྱངས་ཀྱི་ལང་ཚོ་རྩོམ་ཡིག་ཆེད་བཀོད་སྐབས་གསུམ་པ།
དབྱངས་ཀྱི་ལང་ཚོ་རྩོམ་ཡིག་ཆེད་བཀོད་སྐབས་གསུམ་པ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2022-05-26ལྟ་ཀློག (7858)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


དབྱངས་ཀྱི་ལང་ཚོ་རྩོམ་ཡིག་ཆེད་བཀོད་སྐབས་གསུམ་པ།
---རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་མའི་ཆེད་བཀོད་རྩོམ་ཡིག



ང་ཡི་ཉི་མ་ལྷ་ས།

  སེང་གེ་རྣམ་རྒྱལ། མཐར་ཕྱིན་གཉིས་པ།

སེར་ཀའི་མཐིལ་དུ་ལུས་པའི་ཉི་མ་ལྷ་ས། །
དུས་ཀྱི་རླུང་བུ་གཡུགས་པའི་ཡོ་འཁྱོམས་ཁྲོད་དུ། །
སྟོང་མཇུག་སྡོང་ལོ་བཞིན་དུ་གང་སར་སྤུར་ཞིང་། །
སྲིད་པ་གངས་ཀྱི་རྒྱལ་མོའི་དབུ་ནས་འཐོར་བའི། །
འདབ་དྲུག་ཁ་བ་དཀར་པོའི་མེ་ཏོག་རེ་རེ། །
ཁྱོད་ཀྱི་རྡོ་བཅལ་སྟེང་དུ་བཞུ་བར་མཐོང་ན། །
དྲན་པའི་ཟབ་སར་ལུས་པའི་ན་ཟུག་དེ་ཡི། །
སྒྲ་དབྱངས་སྐྱ་བོ་བདག་གི་རྣ་བར་ལྷུང་བྱུང་། །

ཉི་འོད་འཇམ་པོའི་ཀློང་གི་ང་ཡི་ལྷ་ས། །
བཅོས་མིན་འཛུམ་མདངས་མོད་པའི་ཞལ་རས་ངོས་ནས། །
དགའ་སྐྱོའི་མིག་ཆུ་སྐམ་པའི་རྗེས་ཤུལ་མཐོང་ཞིང་། །
འོད་དུ་འཚེར་བའི་མུ་ཏིག་སུམ་ཅུའི་དོ་ཤལ། །
ཕྱག་ཏུ་བསྣམས་ནས་རྒྱང་དུ་ཕེབས་པར་མཐོང་ན། །
མག་མོག་རྒྱབ་གཟུགས་ཁྲོད་ཀྱི་ཞབས་རྗེས་པད་མ། །
འདབ་མ་རེ་རེ་བདག་གི་སྙིང་ཁར་སྤུང་བྱུང་། །
ཐོག་མར་རྡོ་ལ་བརྐོས་པའི་འབྲུ་དྲུག་མ་ཎི། །
མཇུག་མཐར་ང་ལ་གནང་བའི་དྲན་རྟེན་ཡིན་ནམ། །

མཚམས་སྤྲིན་དམར་པོའི་འོག་གི་ཉི་མ་ལྷ་ས། །
རྡོ་བའི་མེ་ཏོག་བཞད་པའི་སྐྱེད་ཚལ་སྣུམ་པོ། །
ཞེ་སྡང་ཆུ་བོ་བྲུག་པས་ཡོད་ཚད་བཅོམ་ནས། །
ཤར་ཕྱོགས་རྒྱ་མཚོའི་ཀློང་དུ་ཁྱེར་བའི་ཤུལ་དུ། །
ཨར་འདམ་རྣོ་ལྕགས་གཟེངས་པའི་འདུ་འཛི་མཐོང་ན། །
ཡལ་མེད་བྲེང་ངེར་འཕྱོ་བའི་རྡུལ་གྱི་ཟེགས་མ། །
བདག་གི་མིག་ཀོང་དམར་པོའི་དཀྱིལ་དུ་འཕྱོ་བའི། །
ཁེར་རྐྱང་ཨ་འཐས་འགྱིང་བའི་བྱི་རུའི་ཀ་བ། །
མཐའ་མ་ང་ལ་གནང་བའི་ནོམ་པ་ཡིན་ནམ། །

དུ་བའི་འཇའ་རིས་གྱོན་པའི་ང་ཡི་ལྷ་ས། །
འབྲོང་རྭའི་སྒྲ་སྙན་ཁུད་ཀྱི་དབྱངས་རྟ་གཉོམ་པོ། །
སྐྱིད་ཆུའི་བཞུར་དབྱངས་འགྲོགས་ནས་རྒྱང་དུ་ཆས་ན། །
དུས་འགྱུར་རླུང་བུའི་གྲང་རེག་རྩུབ་མོའི་ཀློང་གི། །
གཤོག་རྩེ་ལྷོ་རུ་གཏད་པའི་ཁྲུང་ཁྲུང་ཁེར་འཕུར། །
འཁྲེང་ཞེན་མིག་ཆུ་ལྷུང་བའི་ཐིགས་སྒྲ་དེ་ཡང་། །
བདག་གི་དྲན་པའི་ཀློང་དུ་ཡང་ཡང་འཁོར་བྱུང་། །
མི་ཚོགས་རྒྱ་མཚོའི་ནང་གི་འཛུམ་མདངས་ཁེར་ཆད། །
མཇུག་མཐར་ང་ལ་གནང་བའི་སེམས་གསོ་ཡིན་ནམ། །

  ཡིད་ཁམས་ཁ་བས་གཡོགས་སོང་།

 བསོད་ནམས་རྒྱ་མཚོ། མཐོ་གཅིག་གཉིས་པ།                                           

སྒེའུ་ཁུང་བརྒྱུད་ནས་ཕྱི་རོལ་ཡུལ་ལ་བལྟས་པས། །
ཁ་བའི་མེ་ཏོག་དཀར་པོས་ཡུལ་ཁམས་ཁྱབ་འདུག །
མ་ཡུལ་ལན་གཅིག་བགྲོད་པའི་མགྲོན་པོ་ཁེར་རྐྱང་། །
སྐྱོ་བའི་སྣང་བ་བཙན་པོས་གང་ཞིག་དེད་སོང་། །

རབ་རིབ་མིག་གིས་ཡང་ཡང་ཕར་ཀི་རི་བོར། །
རི་བོས་ཞགས་ཐག་གཉོམ་གྱིས་འཕངས་པར་བྱས་ཀྱང་། །
ཚུར་ལ་འཛུམ་གྱིས་གཏམ་བརྗོད་འཁྱུག་ཙམ་མེད་པས། །
དུང་དུང་མཆི་མའི་ཕྲེང་ཐག་ཆད་ལ་ཁེད་སོང་། །

ཐག་ཐག་རྡོག་སྒྲ་མག་མོག་ཆོ་འཕྲུལ་གྲོང་ལ། །
དལ་གྱིས་བཏང་ནས་ཚེ་ཡི་ཕན་པ་ཟད་རུང་། །
ད་དུང་ཁ་ཕྱོགས་མ་རྙེད་སྤྱང་ལྟོགས་་ལ་མཚུངས། །
གཏོལ་མེད་རྔམ་རྒྱུག་བྱེད་པར་ཨ་ཐང་ཆད་སོང་། །

འོན་ཀྱང་སྐྱོ་བ་ཐ་གང་རུམ་ལ་བླུགས་ཡོད། །
ཁ་རྒྱབ་ཉི་མ་དྲོ་བའི་དཔེ་ལ་དྲངས་ཡོད། །
ཞུམ་པ་མི་བྱེད་གོམ་སྟབས་མདུན་དུ་བསྒྱུར་ན། །
རང་ལ་དབང་བའི་ལམ་ཞིག་ཅིས་ཀྱང་ཡོད་སྲིད། །


གྱད་མི   

                                                 མེ་ཕུང་ངམ་འཇིགས་མེད་རྒྱ་མཚོ།    མཐོ་གཅིག་དང་བོ།                                             

འཇིགས་པ་མེད་པའི་སེང་གེ་རབ་བརྗིད་པའི།།  
གངས་རིའི་ལྗོངས་སུ་མི་ནུབ་རྒྱལ་མཚན་འཛིན།།   
ཚུལ་ཁྲིམས་ངེད་ཀྱིས་ལྡིང་བའི་དྲི་བཟང་འཐུལ།།  
ཡོན་ཏན་ཉི་ལྟར་གསལ་བའི་ལྷུན་གྲུབ་མཛོད།།

གངས་རིའི་ལྗོངས་སུ་སྙན་པའི་གྲགས་པ་འབར།།
རྟག་ཏུ་སྣ་མང་རིག་གནས་སྦྱོང་བའི་ཕྱིར།།
སྤྲོ་དགའི་ཁེངས་ལ་མཛའ་རྩེ་ལག་རྡང་སྦྲེལ།།
ཤེས་རིག་ནོར་བུའི་སློབ་གླིང་རྒྱལ་གྱུར་ཅིག།

སྔོན་བསགས་སྨོན་ལམ་བཟང་བོའི་ཐུ་འོག་ནས།།
སྐར་མའི་ཚོགས་ཀྱིས་ཟླ་བ་ཅི་བཞིན་ཏུ།།
ཡུལ་ལུང་སོ་སོས་མ་བོས་མཉམ་དུ་འཛོམས།།
གངས་རྒྱན་མཛངས་མིའི་རུ་དཔུང་རྒྱལ་གྱུར་ཅིག།     

རྟུལ་ཕོད་ཆེ་ལ་ནམ་ཡང་དཔའ་ངར་ལྡན།།   
དམར་ཡག་རྒྱ་སྟག་འདྲ་བའི་རི་དཔུང་ལ།། 
 དཔུང་ཚོགས་ཞིག་གི་སྤོབ་པའི་རུ་འདྲེན་ཚོ།། 
 ཁྱེད་ཚོ་ནམ་ཡང་སྲིད་ལས་རྒྱལ་གྱུར་ཅིག།
                       
དབྱངས་ཅན་མའི་བསྟོད་པ་བྱ་དཀའ་བའི་ངག་གི་རྒྱུད་མང་།
མཐོ་གཉིས་གཉིས་པ།  རིན་ཁོ་ཡག  
རབ་དཀར་ཞལ་རས་ཉ་གང་ཟླ་བ་ལ།།
མཚན་བཟང་དང་ལྡན་པད་རྩ་མཁྲང་རྒྱས་ཅན།།
རབ་ཡངས་དཔལ་འབར་བྲང་རྒྱན་རྒྱས་མཛད་ལ།།
དཀར་འཇམ་པད་འདབ་ཆ་ཤས་གང་བར་གཏམས།།

ཟབ་གསལ་དབྱངས་ལ་ངག་སྙན་དཔལ་ལྡན་པ།།
སྐད་སྙན་རྫ་རྔ་དབྱངས་ལ་ཉམས་ཅན་མ།།
ཆགས་པ་མཐའ་དག་སྤངས་མཛད་རྣམ་དཀར་ལ།།
ཡང་དག་བསམ་གཏན་ཚལ་ལ་དཔལ་འབར་ཅན།།

རྒྱབ་ན་དར་དཀར་ན་བཟའ་སྨད་ཤམ་ལ།།
ཕྲ་རྒྱན་སྙན་ཤལ་སྒྲ་དབྱངས་ཤམ་ཤམ་དཔྱངས།།
སྐལ་བཟང་མཁའ་ལ་ཟླ་བ་གསལ་མཛད་པས།།
ངང་བ་ཐམས་ཅད་རྣམ་པར་རབ་དཀར་བ།།

ཟ་འགྲམ་བསླས་ལ་པད་རྩ་ངད་པ་དང་།།
ཚངས་དབྱངས་གར་ལ་སྟངས་སྟབས་བསྔགས་པ་ཅན།།
ལྷག་བསམ་མཐའ་ཡས་རབ་དཀར་བཀྲ་བ་ལ།།
མཚན་སྙན་ལྷ་ལམ་ཡངས་པར་རྫ་རྔ་གྲགས།།

སྒྲ་དབྱངས་སྙན་ཤལ་རྣ་ཆ་རྒྱན་སྤྲས་པ།།
རབ་ཡངས་བྲང་རྒྱན་འདབ་མར་ཆགས་བྲལ་བ།།
པད་དཀར་གདན་ལ་གར་སྟབས་ཉམས་བརྒྱད་ལ།།
ཀ་ལ་སྙན་དབྱངས་ཡང་དག་གསལ་མཛད་མ།།

ཟབ་ཡངས་གདམས་ངག་དབྱངས་ལྡན་གསལ་མཛད་པ།།
ངག་དབང་གར་ལ་མཚན་ལྡན་དབྱངས་ཅན་མ།།
ཞལ་རས་རབ་དཀར་ངང་མདངས་གང་བ་བཟང་།།
སྙན་ངག་གསལ་མཛད་དབྱངས་ལྡན་མ་ལ་བསྔགས།།


མགུལ་རྒྱན། 

ཁ་ཆ་བ། (དཀར་མཛེས།) མཐོ་གཉིས་དང་བོ།
ངས་ཉི་ནུབ་ཀྱི་མཛེས་པ་མཐའ་དག
རི་མོར་བྲིས་ཤིང་ཚིག་གིས་མགུལ་རྒྱན་བསླས།
དགའ་སྐྱོ་ཆགས་སྡང་གི་སེམས་བྱུང་གིས།
ཁྱོད་མཚོན་བྱེད་ཀྱི་སྙན་ངག་བྲིས།

རྨ་ཆུ་དང་རྨ་ཆུའི་འགྲམ་རྒྱུད་ན། 
ང་ལ་དབང་ཆོག་ཆོག་གི་ལྗོན་པ་ཁེར་སྐྱེས་ཤིག་ཡོད།
ངས་ནམ་རྒྱུན་ལྗོན་པ་དེ་མིག་ཟུང་གིས་གཉོར་ཡོད།
བརྩེ་བ་ཡིས་སྐྱོང་ཡོད།

ད་སྐབས་ངས་བས་མཐའི་ཁེར་རྐྱང་མི་གླེང་།
ས་སྲོད་ཀྱི་གདུང་བ་ཡང་མི་གླེང་། 
དེ་ནི་ང་ལ་ཁྱོད་མཚོན་བྱེད་ཀྱི།
སྙན་ངག་ཅིག་ཡོད་པས་ཡིན།

སྤྲིན་པ་བྲེལ་འཚུབ་ཀྱིས་རྒྱུ་བ་བཞིན།
ཉི་མ་ཡང་དེ་ལྟར་རི་ལ་ནུབ་དུས།
ངས་ལྗོན་པ་དེའི་འོག་ན།
ཁྱོད་མཚོན་བྱེད་ཀྱི་སྙན་ངག་འབྲི་བཞིན་ཡོད། 


 བདག་གི་འཚོ་སྟངས།

དཔལ་འབྲུག་རྒྱལ། མཐར་ཕྱིན་དང་བོ།

འགྲོ་སའི་གནས་དང་འདུག་སའི་ས་རུ་རིགས་ཀྱི་ཁྱད་ཆོས་སྲུང་བ་ཡིན།།

དབྱངས་གསལ་གསེར་གྱི་རྨུ་ཐག་རིང་མོར་རང་གི་ཚོད་ཀྱིས་འཇུས་པ་ཡིན།།
ཕ་སྐད་ལྷད་མེད་དངུལ་གྱི་མཆོད་རྟེན་གངས་དཀར་སེམས་སུ་བཞེངས་པ་ཡིན།།
གཞན་གྱི་སྔུན་ནས་ཞུམ་དགོས་མེད་པས་མགོ་འཕང་བསྟད་ནས་སོང་བ་ཡིན།།


རང་མགོ་རང་གིས་ཐོན་ཁུལ་བྱས་ནས་ས་མཐའ་གོམ་པས་གཞལ་བ་ཡིན།།

ལུགས་མེད་མི་དང་བར་ཐག་བཞག་ནས་རང་གི་རྩ་དོན་སྲུང་བ་ཡིན།།
ལས་འབྲས་རི་མོ་སེམས་ལ་བཀོད་ནས་འདྲ་མིན་ལས་ལ་འཛེམ་པ་ཡིན།།
ལོ་དང་ཟླ་བའི་ཉིན་གྲངས་བར་ནས་རང་ལ་སྤྱི་སྡོམ་བརྒྱབ་པ་ཡིན།།

བཀའ་དྲིན་ཅན་གྱི་ཕ་མ་དགེ་རྒན་སྤྱི་བོའི་གཙུག་ཏུ་བཀུར་བ་ཡིན།།
རང་ལ་གདམས་པའི་གསུང་གི་ལེགས་བཤད་ཡ་ཆུང་སེམས་སུ་ཉར་བ་ཡིན།།
མདུན་ལྗོངས་ལམ་ལ་གོམ་པ་སྤོ་དུས་མི་ཚེའི་ལམ་བྲོ་བྱས་པ་ཡིན།།
གང་དུ་སོང་ཡང་སེམས་པ་ཁེན་སའི་གཡོ་མེད་རྒྱབ་རི་སྨུག་པོ་ཡིན།།

སྣ་ཚོགས་འདུ་སའི་ཁོར་ཡུག་ཅིག་ཏུ་མ་འོངས་ལས་ལ་འབད་པ་ཡིན། །
སོས་དལ་ཡོད་པའི་གླགས་དང་བསྟུན་ནས་སེམས་ཚོར་གཟུགས་སུ་ཕབ་པ་ཡིན། །
ཚིག་གི་སྦྱོར་བར་བྱང་ཆ་མེད་ཀྱང་ལུང་སྐད་གྱོང་བོ་སྤངས་པ་ཡིན། །
འདི་ལྟར་གོ་བདེའི་ཚིག་གི་ལམ་ནས་རང་གི་བསམ་ཚུལ་བརྗོད་པ་ཡིན། །

གཙོ་སྒྲུབ་ལས་ཁུངས།  གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་སྟོན་གཞུང་ལས་ཁང་དང་ཐོན་མིའི་སློབ་ཚོགས་གཞུང་ལས་ཁང་གཉིས་མཉམ་འབྲེལ་སྒོས་སྤེལ། 


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། jg9m བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23522327
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།