སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོའི་འབེལ་གཏམ་ཁག་གཉིས་པ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 24 རེས་གཟའ་ལྷག་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» འབོལ་རྩོམ། »སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོའི་འབེལ་གཏམ་ཁག་གཉིས་པ།
སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོའི་འབེལ་གཏམ་ཁག་གཉིས་པ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2022-05-19ལྟ་ཀློག (3906)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

  

 བསོད་ནམས་དམན་པའི་ཉེས་སྐྱོན།

   འབྱོར་ལྡན་ཁག་ཅིག་གིས་འཚོ་བ་ཧ་ཅང་རྒྱས་སྤྲོས་བྱེད་པར་མ་ཟད་ཆུད་ཟོས་སུ་གཏོང་བ་ཚབ་ཆེ་བ་དང་།  དོན་ལྡན་གྱི་ལས་སུ་འགྲོ་སོང་གཏན་ནས་མི་གཏོང་བ།   རྒྱུ་ཤུགས་ཆེན་པོ་ཡིན་པ་རྒྱུ་མཚན་དུ་བྱས་ཏེ་གཞན་ལ་མཐོང་ཆུང་དང་ཁྱད་གསོད་བྱེད་པ།   སྤྱི་ཚོགས་ནག་པོའི་རིགས་དང་འབྲེལ་ཏེ་མི་གསོད་ཁྲག་སྦྱོར་གྱི་བྱ་ངན་ཚབ་ཆེན་ལ་འཇུག་པ།   ཉལ་ཐལ་འཐེན་པ།   རྒྱན་རྩེད་དང་འཆལ་སྤྱོད་ཚད་ལས་བརྒལ་བར་བྱེད་པ་སོགས་ཀྱང་ལས་བསོད་ཡག་པོ་མེད་ཅིང་མི་གཞི་ངན་པའི་རྟགས་ཡིན་པས་རྒྱུ་འབྱོར་ལོངས་སྤྱོད་ཅུང་ཙམ་ཡོད་པ་དེས་རང་ཉིད་ཀྱི་ཚེ་འདི་ཕྱི་གཉིས་ཀ་གཏན་བརླག་བྱེད་པའི་རྒྱུ་དང་རྐྱེན་དུ་འགྱུར་བ་མང་སྟེ། ལེགས་བཤད་རིན་པོ་ཆེའི་གཏེར་ལས། འབྱོར་དང་ཤེས་རབ་སྟོབས་ལ་སོགས། །བསོད་ནམས་ལྡན་ལ་གྲོགས་སུ་འགྱུར། །བསོད་ནམས་མེད་ན་དེ་དག་ཀུན། །བདག་ཉིད་བརླག་པའི་རྒྱུ་རུ་འགྱུར། །ཞེས་གསུངས་པ་ལྟར་རོ། ། 

                  ༢༠༢༢-༥-༡༧  

   བླང་དོར་གྱི་བློ་མིག་གལ་ཆེ་ཚུལ།

     བྱ་བ་གང་དང་གང་ཞིག་ཡིན་ན་ཡང་།  དེ་བསྒྲུབ་ན་ལེགས་ཉེས་ཇི་འདྲ་ཡིན་པ་དང་།  རང་ལ་དེ་བསྒྲུབ་པའི་ནུས་པ་ཡོད་མེད།  སྤྱིར་དགེ་མཚན་ཡོད་ཀྱང་རང་གི་རྟེན་དང་ལས་རིགས་སོགས་ལ་བསམ་སྟེ་འོས་འཚམ་ཡིན་མིན།   འོས་འཚམ་ཡིན་ལ་དགེ་མཚན་དང་ཡང་ལྡན་མོད་རང་གི་འཇོན་ནུས་ཀྱིས་འདང་མིན།   བྱ་བ་དེ་བསྒྲུབ་ན་ཡུལ་དུས་གནས་བབས་ལ་མཐུན་མིན།   མི་སྒེར་རམ་ས་གནས་ཤིག་ལ་ཕན་ཁེ་ཡོད་ཀྱང་མི་རིགས་སྤྱི་ལ་གནོད་མིན།   ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་ཐུབ་པའམ་ཐོབ་གོ་ས་ཆེན་པོ་རག་ངེས་ཀྱང་ཆོས་ལུགས་པ་ཞིག་གི་ཚད་ཐིག་ལས་བལྟས་ན་བྱ་བ་དེ་འདྲ་བསྒྲུབ་འོས་མིན།   བྱ་བ་དེའི་མཇུག་འབྲས་ལེགས་ཉེས་དང་ཕན་གནོད་གང་འདྲ་ཞིག་འབྱུང་མིན་སོགས་ལ་དཔྱད་པ་ཞིབ་མོ་མ་བྱས་ན།   མི་ཚེ་གང་ལ་རྫོགས་མི་ཚར་བའི་འགྱོད་པ་སྐྱེ་ཡང་སྲིད་དེ།   སྔོན་ནས་དྲན་ན་མཁས་པ་དང་།  རྗེས་སུ་འགྱོད་ན་བླུན་པོའི་རང་རྟགས་ལས་མ་འདས་པ་ཡིན་པའི་ཕྱིར་རོ།    །  

༢༠༢༢-༥-༡༨  

   ཉེན་ཁ་ཆེ་བའི་དུས།

  འཇམ་མགོན་ས་པཎ་ཆེན་པོས།  གཤིས་ངན་མང་བོས་ཆགས་སྡང་གཙོ་བོར་སྒྲུབ། །ཐོས་བསམ་བསྒོམ་པས་ཆགས་སྡང་ཞོར་ལ་རྩོམ། །དེ་ཡང་བློ་འདོད་ཙམ་དུ་ཤོར་བ་མང་། །བསྟན་པའི་གནས་ལུགས་སོམས་དང་ལོ་ཙཱ་བ། །ཞེས་གསུངས་པ་ལྟར།  རིག་གཞུང་ཐན་ཐུན་རེ་སྦྱངས་ཏེ་ཡོན་ཏན་ཕྲན་བུ་ཙམ་འབྱོར་ཡོད་པ་རྒྱུ་མཚན་དུ་བྱས་ནས།  བཅོམ་ལྡན་འདས་ཀྱི་བཀའ་ལ་སྐྱོན་ཡོད་ཚུལ་དང་།  པཎ་གྲུབ་མང་བོས་མིའི་རིགས་ལ་སྐྱོ་གར་བསྐྲུན་ཚུལ།   རྒྱལ་བློན་མང་བོས་རྨོངས་དད་བྱས་པས་རང་རེ་རྗེས་སུ་ལུས་པ།  གསར་བཏོད་དང་གསར་བརྗེ་ཟེར་བ་ཞིག་བོད་ཀྱི་ལོ་རྒྱུས་སྟེང་བྱུང་མ་མྱོང་ཞིང་གལ་ཏེ་བྱུང་བར་སྨྲས་ན་མཁྲེགས་འཛིན་ཡིན་པ།   སྡོམ་དམ་ཚིག་ཆགས་པའི་དབང་དུ་སོང་སྟེ་ཤོར་བ་མ་ཡིན་པར་བསྟན་པ་དང་དགོན་པ་སྐྱོན་ཅན་དུ་མཐོང་སྟེ་བསམ་བཞིན་དུ་བཏང་བར་སྨྲ་བ་ལ་ཐེ་མི་ཚོམ་པ།   ལོ་རྒྱུས་ཟེར་བ་དགའ་སྐྱོ་ཆགས་སྡང་གི་འཚོ་བ་དང་དམག་འཐབ་སོགས་ཡིན་དགོས་པ་ལས་ཆོས་དང་འབྲེལ་ན་ལྷ་སྒྲུང་ཡིན་པ།   སྙན་ངག་ཟེར་བ་གཞུང་ལུགས་ཀྱི་འཆིང་རྒྱ་ལས་གྲོལ་དགོས་ཤིང་གང་དྲན་ཐོལ་བྱུང་དུ་བྲིས་ན་སྙམ་རྩོམ་གྱི་མཆོག་ཡིན་པ།   སྐད་རིགས་བསྲེས་ནས་བཤད་པ་དང་ཆ་ལུགས་མང་བོའི་རྗེས་སུ་འབྲངས་ཐུབ་པ་དེ་ཡང་དུས་རབས་གསར་བའི་རྗེས་ཆོད་སྟངས་ཤིག་ཡིན་པ།  ངོ་ཚ་དང་ཁྲེལ་ཟེར་བའང་བླུན་རྟགས་རིགས་ཤིག་ལས་མ་འདས་པ་སོགས་བསམ་བློའི་ནད་ཡམས་མང་བོ་ཞིག་མཁས་པ་ཆེན་པོ་མིན་ལ་ཡིག་རྨོངས་པའང་མིན་པའི།  བར་མ་བར་གྱི་ཡོན་ཏན་པ་དང་བསམ་བློ་བར་ཁས་འཆེ་བ་དག་ལ་ངང་ངམ་ཤུགས་ཀྱིས་འབྱུང་བཞིན་ཡོད་པས།   ངས་ནམ་རྒྱུན་དེ་ནི་ཆེས་ཉེན་ཁ་ཆེ་བའི་དུས་རེད་བརྗོད་ཀྱིན་ཡོད།

༢༠༢༢-༥-༡༩  


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། urjx བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23526416
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།