སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོའི་འབེལ་གཏམ་ཁག་དང་བོ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 26 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» འབོལ་རྩོམ། »སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོའི་འབེལ་གཏམ་ཁག་དང་བོ།
སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོའི་འབེལ་གཏམ་ཁག་དང་བོ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2022-05-16ལྟ་ཀློག (4015)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

    

   གཟབ་གཟབ་གནང་དགོས་ས་ཞིག

ལྡོང་ཡོན་ཏན་རྒྱ་མཚོ།


   དགེ་ལྡན་ལེགས་བཤད་ལས། བླུན་པོས་སྙན་གྲགས་ཁྱད་བསད་ནས། །ཅུང་ཟད་འབྱོར་ལ་ངོ་སོར་བྱེད། །རྐུ་འཕྲོག་བྱེད་པའི་སྐྱེ་བོ་ཡང་། །རྒྱན་གྱིས་མཛེས་པར་བྱེད་ལ་ལྟོས། །ཞེས་དང་། ཆུའི་བསྟན་བཅོས་ལས། ཡོན་ཏན་ཆུང་ཆུང་ང་རྒྱལ་ཆེ། །ཆུ་བོ་ཆུང་ཆུང་འུར་སྒྲ་ཆེ། །གསུངས་པ་ལྟར། བསོད་ནམས་དམན་ཞིང་ཅོལ་ཆུང་བའི་མི་ཕལ་མོ་ཆེ་ཞིག་ལ་དབང་ཀླུང་སྙན་གྲགས་རྒྱས་ཤིང་རྒྱུ་འབྱོར་ལོངས་སྤྱོད་འཛོམས་པ། རིག་གནས་ཡོན་ཏན་དང་ལྡན་པ་སོགས་ནི་ཤིན་ཏུ་ཡང་དཀོན་ལ། གལ་ཏེ་ལས་དང་སྨོན་ལམ་མམ། ལྷག་བསམ་ཅན་གཞན་གྱི་རོགས་རམ་སོགས་ལ་བརྟེན་ནས་འཕྲལ་དུ་ཅུང་ཙམ་མཐུན་རྐྱེན་དང་ལྡན་པར་གྱུར་ཚེ། གཞན་ལ་གཤེ་ཞིང་སྡང་བ། བརྙས་སྨོད་ཁྱད་གསོད་བྱེད་པ། དཔེར་ན། ང་ནི་ཡོན་ཏན་ཆེན་པོ་དང་ལྡན་པས་ཁྱོད་འདྲ་བ་དང་བགྲོ་གླེང་བྱེད་ཐབས་མེད་དོ་ལྟ་བུ་དང་། ང་ལྟ་བུའི་ཕྱུག་བདག་ཅིག་ལ་སྦྲང་ཕྲུག་ཁྱོད་གྲོགས་པོར་མི་འཚམ་ལྟ་བུ། རིགས་རུས་ཆོ་འབྲང་གིས་མཐོ་བའི་ངའི་ཉེ་སར་རིགས་དམན་པ་དག་བཅར་མི་འོས་ལྟ་བུ།  ཤེས་འཇོན་ནུས་གསུམ་འཛོམས་པ་བདག་གིས་ཁྱོད་ལྟ་བུ་ཞིག་དང་ཇི་ལྟར་མཛའ་གྲོགས་བསྒྲིག་ལྟ་བུའི་སྐད་ཆ་འཛེམ་མེད་དུ་བཤད་པ། སྣ་དགོད་བྱེད་པ། སུན་མདོག་སྟོན་པ། མིག་ལོག་གིས་བལྟ་བ། མ་གོ་མ་རིག་ཁུལ་བྱེད་པ།  འཚོ་བ་རྒྱས་སྤྲོས་བྱེད་པ་ཐལ་ཆེ་བ། བཟའ་བཏུང་འཕྲོ་བརླག་ཏུ་གཏོང་བར་ཡ་མི་ང་བ། ཚད་དམའ་བའི་འཚོ་བར་ཞེན་པ་ལོག་མདོག་སྟོན་པ།  བརྡ་སྤྲོད་དམ་སྙན་རྩོམ་ཐར་ཐོར་རེ་འབྲི་ཤེས་པ་ཙམ་གྱིས་ངེས་དོན་མཁས་དང་གྲུབ་པའི་དབང་བོ་དག་ལ་དགག་པ་གཏོང་བར་བག་མི་ཚ་བ། ཡོད་ཚད་ལ་དགག་གཞག་བྱེད་རྒྱུ་ཟེར་བ།  དུས་དང་ཁོར་ཡུག་ལ་བསྟུན་མི་ཤེས་པ་སོགས་ཚད་ལས་བརྒལ་བའི་སྐད་ཆ་དང་རྣམ་འགྱུར་སྣ་ཚོགས་སྟོན་པར་འགྱུར་ལ། དེས་འཕྲལ་དུ་གཞན་དག་དམའ་འབེབ་པ་ལྟ་བུར་སྣང་ནའང་དོན་གྱིས་རང་ཉིད་རྒུད་པའི་དོང་དུ་འཕེན་པར་བྱེད་པས་སེམས་དང་ལྡན་པ་ཚོས་ཅིས་ཀྱང་གཟབ་པར་འཚལ་ལོ།   ། 

          ༢༠༢༢-༥-༡༦

   འཚེ་མེད་ཞི་བའི་ཆོས་ལུགས།

     དེ་ཡང་འཛམ་གླིང་རྒྱན་དྲུག་མཆོག་གཉིས་ཀྱི་ཡ་གྱལ་སློབ་དཔོན་ཨཱརྱ་དེ་བས། མདོར་ན་ཆོས་ནི་མི་འཚེ་བ། །དེ་བཞིན་གཤེགས་པ་ཉིད་ཀྱིས་གསུངས། །ཞེས་དང་། མདོ་ལས། རབ་ཏུ་བྱུང་བ་གཞན་ལ་གནོད་པ་དང་། །གཞན་ལ་འཚེ་བ་དགེ་སྦྱོང་མ་ཡིན་ནོ། །ཞེས་གསུངས་པ་ལྟར། ལྟ་བ་རྟེན་འབྱུང་དང་སྤྱོད་པ་འཚེ་མེད་ཀྱི་དམ་པའི་ཆོས་ཟབ་མོ་ཉམས་སུ་ལེན་པར་ཁས་འཆེ་ཞིང་སྐྱབས་གནས་དཀོན་མཆོག་གསུམ་ལ་སྙིང་ཐག་པ་ནས་སྐྱབས་འགྲོ་བྱེད་པའི་ནང་བ་སངས་རྒྱས་པ་ཡིན་སྣང་ཤར་བ། ཐེག་པ་ཆེན་པོའི་ཆོས་སྤྱི་དང་ཁྱད་པར་དུ་གསང་ཆེན་རྡོ་རྗེ་ཐེག་པ་ལ་བརྟེན་ནས་སྙིགས་དུས་ཀྱི་ཚེ་ཐུང་གཅིག་ལ་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་རིན་པོ་ཆེར་བརྩོན་པའི་དཔའ་སྐད་དང་ཆོས་སྐད་མཐོན་པོར་སྒྲོག་བཞིན་དུ།  ཉམ་ཐག་སེམས་ཅན་གྱི་ཚེ་སྲོག་གཅོད་པ།  ཆོས་རྒྱུད་གྲུབ་མཐའི་བར་དུ་འགལ་བ་སློང་བ། དད་ལྡན་མང་ཚོགས་ལ་ཐུབ་ཚོད་བྱེད་པ།  སྐྱེས་ཆེན་དམ་པར་ཁ་གཏོང་བ། དམ་པའི་ཆོས་བེད་སྤྱད་དེ་གཞན་ལ་བསླུ་བྲིད་དང་རྒྱུ་ནོམ་སྡུད་པ་སོགས་ནི།  དམ་པའི་ཆོས་དང་འགལ་ཞིང་རྒྱལ་བའི་གསུང་ལ་རྒོལ་བ། ཆོས་ལུགས་པར་ནག་ཐིག་བཟོ་ཞིང་ཆོས་དད་མེད་པ་དག་ལྷག་པར་དུ་ཡང་དམ་པའི་ཆོས་དང་རྒྱང་ཐག་རིང་དུ་འགྲོ་བྱེད་སོགས་ཤིན་ཏུ་མ་རུང་བའི་གནས་ཡིན་པས། ཆོས་ཤེས་པ་དང་ཆོས་བྱེད་པ་དག་གིས་ལྷག་པར་དུ་ཡང་གཟབ་དགོས་པའི་དུས་སུ་སླེབས་འདུག་སྙམ་པ་ཡང་ཡང་འཆར་རོ།   །

༢༠༢༢-༥-༡༤ 


    གང་ཟག་ལ་མི་རྟོན་ཆོས་ལ་རྟོན།


   རང་ཡུལ་ལམ་རང་གི་དགོན་སྡེ། ཡང་ན་རང་གི་སློབ་གླིང་དང་ཚོགས་སྡེ་སོགས་སུ་ཕུལ་དུ་བྱུང་བའི་མཁས་པ་དང་ཡོན་ཏན་པ་ཡིད་བཞིན་ནོར་བུའི་གཏེར་ཁ་བརྡོལ་བ་ལྟ་བུ་དག་ཡོད་ན་ཡང་།  སྐྱེ་བོ་ལ་ལས་དེ་ནི་རང་ཡུལ་གྱི་མིའམ་རང་གི་ཚོགས་སྡེ། ཡང་ན་གཉེན་བཤེས་དང་ལས་གྲོགས་སོགས་ཡིན་སྣང་གིས་དེ་ལས་ཡོན་ཏན་མི་ལེན་པ།  ཡང་ན་ཡོན་ཏན་པ་དེ་རིགས་རུས་དམན་པའམ་འབྱོར་ཕྱུག་མི་ཆེ་བ།  གཟུགས་བྱད་མི་ལེགས་པའམ་སྙན་གྲགས་མི་ཆེ་བ། རང་གི་ཁེ་དབང་དང་མཚན་སྙན་ལ་གནོད་པར་དོགས་པ་སོགས་རྒྱུ་མཚན་དུ་བྱས་ནས།   འདྲ་མཉམ་མམ་དམན་པར་བལྟས་ཏེ་རང་ལ་མཁོ་བའི་ཡོན་ཏན་ཅི་ཡང་མི་ལེན་པར།  གོ་སྐབས་བཟང་བོ་ཤོར་ཞིང་ཡོན་ཏན་པའི་རིན་ཐང་ངོས་མི་ཟིན་པ་ནི་ཤིན་ཏུ་འགྱོད་ཅིང་ངོ་གནོང་བའི་གནས་ཏེ། གང་ཟག་ལ་མི་རྟོན་ཆོས་ལ་རྟོན་ཞེས་པ་ལྟར། ཡོན་ཏན་པ་དེའི་རིགས་རུས་དང་དབུལ་ཕྱུག་སོགས་ལ་ལྟོས་པ་མེད་པར། དེའི་རྒྱུད་ཀྱི་ཡོན་ཏན་ལ་བརྩི་བཀུར་དང་། ཡོན་ཏན་དེ་དག་གང་ལོན་ཅི་ལོན་ལ་འབད་བརྩོན་ཆེན་པོས། རང་ཉིད་ཀྱང་མཁས་པའི་བཞུགས་གྲལ་ལ་འཁོད་ཐུབ་པ་ཞིག་ཅིས་ཀྱང་བྱེད་དགོས་སོ།  ། 
         ༢༠༢༢-༥-༡༥



སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 74wb བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
  སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོའི་འབེལ་གཏམ་ཁག་དང་བོ།   སྤེལ་མཁན།: ཧུན སྤེལ་དུས:2022/5/17
ཧུན་འབེལ་གཏམ་ཅན་པོ། རང་ཉིད་ཀྱི་མྱི་གཞི་ངོས་མི་ཟིན་པ་ཞིག་གིས་བསླབ་བྱ་གནང་བ་ནི་དགོད་པའི་གནས་ཡིན་ནོ།
  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
23533033
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།