རྗེ་ཙོང་ཁ་བ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 27 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» བཅད་རྩོམ། »རྗེ་ཙོང་ཁ་བ།
རྗེ་ཙོང་ཁ་བ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2022-05-02ལྟ་ཀློག (5349)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


རྗེ་ཙོང་ཁ་བ།


རྩིང་བ་དཀོན་བྷེ།(གཙོས)

ཡབ་ཆེན་ཀླུ་འབུམ་དགེ་བ་དང་།།
རྒྱལ་ཡུམ་ཤིང་བཟའ་ཨ་ཆོས་ལ།།
འཁོར་བའི་སྐྱོན་གྱིས་མ་གོས་པའི།།
པད་མ་དཀར་བོ་འདམ་ལས་བཞད།།

ཁྱེད་སྐུ་གདོད་ནས་སངས་རྒྱས་ཤིང་།།
བྱིས་པའི་གཟུགས་སུ་བོད་དུ་བྱོན།།
བོད་འདི་གླེན་ཞད་ཆེ་ན་ཡང་།།
གསེར་ལ་གསེར་བཞིན་གོང་དུ་བཀུར།།

འཇམ་དབྱངས་སྤྲུལ་བ་ཁྱེད་རེད་ཟེར།།
མི་ཡི་དབང་བོ་ཁྱོད་རེད་སྐད།།
ཁྱེད་རང་ལྷ་མི་གང་ཡིན་ཡང་།།
བོད་མིའི་སེམས་ཀྱི་ང་རྒྱལ་ལགས།།

བོད་ཡུལ་གངས་རིས་བསྐོར་ན་ཡང་།།
གངས་རྒྱན་ཏི་སེ་གཅིག་ལས་མེད།།
བོད་ལ་འཕགས་པས་གང་ན་ཡང་།།
སངས་རྒྱས་འཕགས་པ་ཁྱོད་ཁོ་ན།།

བདེར་གཤེགས་དགོངས་པ་འགྲེལ་བ་ལ།།
རྒྱ་གར་ཡུལ་ན་ཀླུ་ཐོགས་གྲག།
བོད་དུ་དབུ་མའི་ལྟ་བ་ལ།།
འགྲེལ་བྱེད་དབང་ཐོབ་ཁྱོད་ལས་སུ།།

ཇོ་ནང་དབུ་མ་གཞན་སྟོང་དང་།།
ས་སྐྱའི་གསལ་སྟོང་འཛིན་མེད་སོགས།།
ཡང་དག་ལྟ་ལས་ཕྱིར་ཕྱོགས་པས།།
ཁྱོད་ཀྱིས་སྟོན་པའི་ཐུགས་བཞིན་བརྩམས།།

རྒྱ་གར་མཁས་པས་མ་དགོངས་ཤིང་།།
གངས་ཅན་མཁས་པས་མ་དྲན་པའི།།
རྟེན་འབྲེལ་ཉིད་ལས་སྟོན་པ་ལ།།
བསྟོད་མཁན་ཁྱོད་ལས་གཞན་མ་བྱུང་།།

ཐུབ་བསྟན་བྱི་དོར་མཛད་པ་ལ།།
བསམ་བཞིན་མི་ཡུལ་དུ་བྱོན་པའི།།
འཇམ་དབྱངས་ཐུགས་ཀྱི་སྤྲུལ་བ་ཁྱོད།།
མཁས་མང་རལ་བའི་གཙུག་ན་མཛེས།།

ཁྱེད་སྐུ་དཔག་བསམ་འཁྲི་ཤིང་ལས།།
དོན་གཉིས་དགོས་འདོད་ནོར་བུ་འབྱུང་།།
ཁྱེད་གསུང་ཚངས་པའི་སྒྲ་དབྱངས་ལས།།
འགོག་མེད་ཆོས་ཀྱི་རང་སྒྲ་སྒྲོག།

ཁྱེད་རང་གང་དུ་ཕེབས་ན་ཡང་།།
ས་ལ་བཀྲ་ཤིས་སྣང་བས་ཁྱབ།།
ཁྱོད་རང་གང་དུ་བཞུགས་ན་ཡང་།།
གནས་ལ་བདེ་ལེགས་དོན་ཀུན་འབྱུང་།།

མཁས་པ་ང་ཡིན་ཁྱོད་ཡིན་དང་།།
རྩོམ་པ་ང་ཐུ་ཁྱོད་ངར་རྣམས།།
ཁྱོད་ཀྱི་གསུང་གི་ཆ་ཤས་ཙམ།།
འགྲན་པར་ནུས་པ་ངས་མ་མཐོང་།།

གོ་རམས་བསོད་ནམས་སེང་གེ་དང་།།
པཎ་ཆེན་ཤཀྱཱ་མཆོག་ལྡན་སོགས།།
མཁས་དགུའི་གཙུག་གི་གྲགས་པ་ཅན།།
ཁྱེད་གསུང་ན་དཱའི་དབྱངས་ཀྱིས་ཕབ།།

ཐ་སྙད་ཚད་མ་མི་བཞེད་ཅིང་།།
དོན་དམ་བློ་ངོར་མི་བདེ་བའི།།
མཁས་པ་ཇི་ལྟར་མང་ན་ཡང་།།
ཁྱོད་གདོང་འབུད་མཁན་གཅིག་ཀྱང་མེད།།

རང་ངོར་ཇི་སྙེད་མི་གཟིགས་ཤིང་།།
གཞན་ངོར་གསལ་བཞིན་སྣང་ཟེར་ཡང་།།
བདེན་གཉིས་ཅིག་ཅར་མཐོང་བ་ལ།།
འཇམ་མགོན་་ཁྱོད་ལས་གཉིས་པ་དཀོན།།

བུ་སྟོན་གསུང་རྩོམ་མང་ན་བཟང་།།
མི་ཕམ་རྟོགས་པ་མཐོ་ན་རབ།།
ཚད་མའི་སྲང་གིས་འཇལ་བ་ན།།
ཁྱོད་ནི་གསེར་ཡིན་དངུལ་ལས་མཐོ།།

བསྟན་པ་གཅིག་ལ་སྟོན་པ་གཅིག།
རྒྱལ་བས་ཇི་ལྟར་ལུང་བསྟན་ཀྱང་།།
མགོན་པོའི་མཚན་གྱི་ཟུར་ཅིག་ལ།།
རྒྱལ་བ་ཞེས་པ་ངང་གིས་འབྱོར།།

མདོ་སྨད་རིགས་ཀྱི་ཉི་མ་ཁྱོད།།
དབུས་དང་གཙང་གི་མཁར་འཕགས་ཏེ།།
བོད་ཡུལ་སྟོད་སྨད་བར་གསུམ་དུ།།
ཁྱོད་ཀྱི་བསྟན་པས་ཡུག་ཅིག་བྲེས།།

བོད་ལ་གྲུབ་མཐའ་མང་ན་ཡང་།།
འདྲ་འདྲའི་ནང་གི་མི་འདྲ་བ།།
མདོ་སྔགས་ཟུང་དུ་འབྲེལ་བ་ཡི།།
དགེ་ལྡན་གྲུབ་མཐའ་ཨེ་མ་ཧོ།།

བསྟན་པའི་ཟབ་གནད་ཀུན་མཁྱེན་ཞིང་།།
གྲུབ་པའི་གོ་འཕང་མཐོར་གཤེགས་ཀྱང་།།
འདུལ་བ་ནང་བཞིན་མངོན་ཆུང་གིས།།
སྦས་པའི་བརྟུལ་ཞུགས་ཁྱོད་ཀྱིས་མཛད།།

རྗེ་བཙུན་མི་ལ་རས་པ་ཡིས།།
བདེན་པ་མངོན་སུམ་མཐོང་ན་ཡང་།།
མི་ལའི་བསྟན་པ་ཟེར་བ་ཞིག།
ཁྱོད་བཞིན་མེད་པ་ངོ་མཚར་ཆེ།།

གཞན་རྣམས་བདག་གི་དགྲ་མ་ཡིན།།
སྐུ་ཉིད་བདག་གི་གཉེན་མིན་རུང་།།
ཁྱེད་གསུང་ལེགས་བཤད་རྨ་མེད་པས།།
བདག་ཡིད་སྙེ་མ་ཁྱོད་ལ་ཕྱོགས།།

འབྲུག་པ་པད་མ་དཀར་པོ་དང་།།
སྟག་ལོ་མི་ཕམ་བླ་མ་ཡིས།།
ཁྱོད་ཞབས་གུས་པས་ཕྱག་འཚལ་ན།།
དེ་ལས་མི་གུས་སྐྱེས་བུ་གང་།།

གྲུབ་མཐའི་ཆགས་སྡང་རབ་སྤངས་ནས།།
སྒྲོ་སྐུར་ཚིག་གིས་མི་ལྷད་པར།།
ཡང་དག་ཉིད་ལ་ཡང་དག་ཏུ།།
མཐོང་བའི་བློ་མིག་ལྡན་པར་ཤོག།

བདག་གིས་གང་བྱས་དགེ་བ་རྣམས།།
བྱང་ཆུབ་སྙིང་བོ་མ་འཐོབ་བར།།
དགེ་ལྡན་བསྟན་པའི་བསྟན་ཞབས་སུ།།
སྐྱེས་ནས་བསྟན་ལ་ཞུགས་པར་ཤོག།
 ༢༠༢༢-༤-༣༠ཉིན་གྱི་བོད་ཀྱི་ཡིག་གཟུགས་དུས་ཆེན་ཉིན་ལ་གཙོས་ཀྱི་རང་ཤག་ནས་སྦྱར།

སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། pmes བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23542002
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།