​མའོ་ཙེ་ཏུང་གི་ལེགས་བཤད་གཅེས་བཏུས།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 24 རེས་གཟའ་ལྷག་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» འབོལ་རྩོམ། »​མའོ་ཙེ་ཏུང་གི་ལེགས་བཤད་གཅེས་བཏུས།
​མའོ་ཙེ་ཏུང་གི་ལེགས་བཤད་གཅེས་བཏུས།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2022-04-29ལྟ་ཀློག (3346)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

མའོ་ཙེ་ཏུང་གི་ལེགས་བཤད་གཅེས་བཏུས།


གཅིག གནད་དོན་ཟེར་བ་དེ་གང་ཞིག་ཡིན་ནམ། གནད་དོན་ནི་བྱ་བ་དང་དངོས་པོ་རྣམས་ཀྱི་འགལ་བ་རེད། གང་ཞིག་ལ་ཐག་གཅོད་མ་ཐུབ་པའི་འགལ་བ་ཡོད་ཚེ། དེ་གར་གནད་དོན་ཡོད་པ་རེད།

གཉིས། བྱ་བ་ཟེར་བ་ནི་ག་དུས་ཡིན་ཡང་ཡོངས་སུ་ཆ་ཚང་བ་ཞིག་མིན། དེ་ན་ང་ཚོར་ལས་འགན་ཞིག་སྤྲད་ཡོད་དེ། ཅུང་ཆ་ཚང་བ་ཞིག་ཡོང་ཐབས་བྱེད་དགོས་པ་དང་། ལྟོས་བཅས་ཀྱིས་བདེན་དོན་ཞིག་ཡོང་ཐབས་བྱེད་དགོས། འོན་ཏེ་དུས་ནམ་ཡང་ཆ་ཚང་ལྟོས་མེད་ཅིག་དང་བདེན་དོན་ལྟོས་མེད་ཅིག་ཡོང་མི་སྲིད། དེར་བརྟེན་ང་ཚོས་འབད་བརྩོན་ལྷོད་མེད་བྱེད་དགོས།

གསུམ། འགལ་བ་གཅིག་མེད་པ་བཟོས་རྗེས།  སླར་ཡང་འགལ་བ་གསར་པ་ཞིག་ཐོན་སྲིད། དུས་ཚོད་གང་ཞིག་དང་། ས་ཆ་གང་ཞིག མི་སུ་འདྲ་ཞིག་ཡིན་རུང་། གང་ལྟར་འགལ་བ་ཐོན་སྲིད། འགལ་བ་མེད་ཚེ་འཇིག་རྟེན་ཁམས་ཡང་མེད།


བཞི། འཛམ་གླིང་ཐོག་བྱ་བ་བཟང་པོ་ཡོད་ལ་བྱ་བ་ངན་པ་ཡང་ཡོད། གནའ་སྔ་མོ་ནས་དེ་ལྟར་ཡིན་ལ ལོ་ངོ་ཁྲི་ཕྲག་སོང་རྗེས་ཀྱང་དེ་ལྟར་ཡིན། འཛམ་གླིང་ཐོག་བྱ་བ་ངན་པ་ཡོད་པར་བརྟེན། ང་ཚོས་བསྒྱུར་བཀོད་གཏོང་དགོས་པ་དང་ང་ཚོས་ལས་ཀ་བྱེད་དགོས། འོན་ཀྱང་ང་ཚོས་ལས་ཀ་ཚང་མ་ཡག་པོ་སྒྲུབ་མི་སྲིད། དེ་ལྟར་བྱས་ན་ང་ཚོའི་རྗེས་རབས་པ་རྣམས་ལ་ལས་ཀ་སྒྲུབ་རྒྱུ་མེད་པ་ཆགས་སྲིད།

ལྔ། གལ་ཏེ་ང་ཚོའི་ཤེས་རྟོགས་རྫོགས་མཐའ་ཡོད་པ་ཞིག་ཡིན་པ་མ་ཟད། ང་ཚོས་ཡོད་ཚད་ཤེས་རྟོགས་ཐུབ་ཚེ། ང་ཚོ་མི་འདི་དག་ལ་དགོས་མཁོ་ཅི་ཞིག་ཡོད།

དྲུག གསར་བྱུང་གི་རིགས་གང་ཞིག་ཡིན་རུང་ཚང་མ་དཀའ་སྤྱད་ཀྱིས་འཐབ་རྩོད་བྱེད་པའི་ནང་སྦྱོང་བརྡར་བྱས་ནས་བྱུང་བ་ཞིག་རེད།

བདུན། ལོ་ལྟར་དཔྱིད་ཀ་དང་དབྱར་ཁའི་བར་མཚམས་དང་། དབྱར་ཁ་དང་སྟོན་ཀའི་བར་མཚམས། སྟོན་ཀ་དང་དགུན་ཁའི་བར་མཚམས། དགུན་ཁ་དང་དཔྱིད་ཀའི་བར་མཚམས་བཅས་སོ་སོར་གོས་ཐེངས་རེ་བརྗེ་དགོས་ཤིང་། འོན་ཀྱང་མི་རྣམས་ཀྱིས་“བར་མཚམས་”དེར་རྟག་ཏུ་གོས་བརྗེ་ཡི་མེད་པས་ནད་གཞི་ཕོག་གི་ཡོད། དེ་ནི་གོམས་གཤིས་ཀྱི་ཤུགས་ལས་བྱུང་བ་ཞིག་རེད།

བརྒྱད། སྔོན་ཆད་བྱས་ཟིན་པའི་ལས་ཀ་དེ་ནི་ལེ་བར་ཁྲི་ཕྲག་རྒྱང་སྐྱོད་ཀྱི་གོམ་པ་དང་པོ་སྤོས་ཙམ་རང་རེད། ང་ཚོར་ཆ་རྒྱུས་ཡོད་པའི་བྱ་བ་ཁ་ཤས་སྤྱོད་སྒོ་མེད་པ་ཆགས་གྲབས་ཡོད་པ་དང་། ང་ཚོར་ཆ་རྒྱུས་མེད་པའི་བྱ་བ་རྣམས་ང་ཚོས་མི་བྱེད་ཐབས་མེད་ཡོང་གི་ཡོད་པ་ནི་དཀའ་ངལ་ཞིག་རེད།

དགུ། བྱ་དངོས་རྙིང་པ་འཕྲལ་མར་བསྒྱུར་དགོས་པ་དེ་ལས་སླ་པོ་ཞིག་མ་ཡིན་ལ། བྱ་དངོས་གསར་པ་འཕྲལ་མར་དང་ལེན་ཞུ་དགོས་པ་དེ་ཡང་ལས་སླ་པོ་ཞིག་མ་ཡིན།

སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 96xc བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23523809
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།