རང་བྱུང་ཁ​མས་ཆེན་མོའི་འབོད་པ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 17 རེས་གཟའ་ལྷག་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» ལོ་རྒྱུས།» དེང་རབས། »རང་བྱུང་ཁ​མས་ཆེན་མོའི་འབོད་པ།
རང་བྱུང་ཁ​མས་ཆེན་མོའི་འབོད་པ།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2022-04-25ལྟ་ཀློག (5746)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

རང་བྱུང་ཁམས་ཆེན་མོའི་འབོད་པ།

རི་མོ་བ།  ཁ་ཀྱཱའི་ཀུ་ལ་ཡག

  རང་བྱུང་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུ་ནི་འགྲོ་བ་མིའི་རིགས་ཐུན་མོང་གི་འགན་འཁྲི་གཙོ་བོ་ཞིག་ཏུ་ངོས་འཛིན་བྱས་ཆོག    དེ་བས་འདིར་ནུབ་ལུགས་དངོས་བྲིས་རི་མོའི་འབྲི་ཐབས་སྤྱད་དེ་ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་བའི་རི་མོ་སྐོར་ཞིག་བྲིས་པ་ཡིན།  ལྷག་པར་དུ་འཛམ་གླིང་གི་ཡུལ་གྲུ་སོ་སོར་བྱུང་དང་འབྱུང་བཞིན་པའི་གནས་ཚུལ་དག་གི་སྤྱིའི་མཚོན་ཐབས་ལ་གཙོ་བོ་ཨ་མས་བུ་ཕྲུག་གི་མ་འོངས་པར་སེམས་ཁྲལ་བྱེད་བཞིན་པའི་རྣམ་པ་ཞིབ་འབྲི་བྱས་ཡོད།  རྒྱུ་མཚན།  ཨ་མས་བུ་ཕྲུག་ལ་བཅང་བའི་བརྩེ་བ་ནི།  འཇིག་རྟེན་སྟེང་གི་བརྩེ་བ་ཆེས་རླབས་ཆེ་བ་དང་ལྷད་མེད་པ་དེ་ཡིན་པར་མཚོན་ཡོད།

༡  རྒྱ་མཚོའི་སྐྱེ་ཁམས་མ་ལག་ལ་གཏོར་བརླག་ཐེབས་པ།

  རྒྱ་མཚོའི་ནང་གི་བྱུ་རུའི་བྲག་རྡོ་ནི་རྒྱ་མཚོའི་ནང་གི་རྩི་ཤིང་དང་སྲོག་ཆགས་ཁྲི་ཕྲག་མང་པོ་འཚོ་སྡོད་བྱེད་ས་ཡིན།  མིའི་ཧམ་སེམས་ཀྱིས་བྱུ་རུའི་བྲག་རྡོ་འབོར་ཆེན་འཚོལ་བསྡུ་བྱས་རྐྱེན།   མཚོ་ནང་གི་སྲོག་ཆགས་དང་རྩི་ཤིང་ལ་གཏོར་བརླག་ཚབས་ཆེན་ཐེབས་པས་མཚོ་རླབས་ཀྱི་ནུས་པའང་ཉམས་དམས་སུ་གཏོང་བཞིན་ཡོད།   མ་འོངས་པར་མཚོ་འགྲམ་དུ་སླད་སྐྱོན་ཐེབས་སླ་བ་དང་རྒྱ་མཚོའི་ནུས་པ་ཉམས་དམས་སུ་གཏོང་སྲིད་པའི་ཉེན་ཁ་བསྟན་ཡོད།

༢  གོ་ལའི་སྣེ་གཉིས་ཀྱི་འཁྱགས་རོམ་ཞུ་བས་སྣོད་བཅུད་་གནོད་འཚེ་ཕོག་པ།

  གོ་ལ་ཧྲིལ་བོར་མི་ཕྱུགས་འཕར་ཚད་ལས་བརྒལ་བ་དང་།   ཤིང་ནགས་གང་བྱུང་དུ་གཅོད་པ།  ས་འོག་གི་གཏེར་ཁ་དང་ཆུ་གང་བྱུང་དུ་སྔོག་པ་སོགས་ཀྱི་དབང་གིས་སའི་གོ་ལའི་དྲོད་ཚད་ཇེ་མཐོར་སོང་སྟེ།  ལྷོ་བྱང་སྣེ་གཉིས་ཀྱི་འཁྱགས་རོམ་ཞུ་ནས་དོམ་དཀར་གྱི་འཚོ་གནས་ལ་དཀའ་ངལ་དང་ཉེན་ཁ་ཐེབས་རྐྱེན་དོམ་དཀར་གྱི་ཨ་མས་རང་གི་བུ་ཆུང་གི་འཚོ་གནས་ལ་སེམས་ཁུར་བྱེད་ཀྱིན་པའི་རྣམ་པ་བྲིས་ཡོད།

༣  མཚོ་ཕག་མ་བུས་མིའི་རིགས་ལ་ཉེན་བརྡ་གཏོང་བ།

    མིའི་སྒེར་སེམས་ལ་ཚོད་འཛིན་བྱ་མ་ཐུབ་པར་གསེར་དངུལ་ཟངས་ལྕགས་ཀྱི་གཏེར་སྔོག་འདོན་དང་རྡོ་སྣུམ་སྔོག་འདོན།    བཟོ་གྲྭའི་བཙོག་ཆུ་དང་གད་སྙིགས་རིགས་ཆུ་ནང་དུ་གཏོར་ཏེ་རྒྱ་མཚོའི་ནང་འཚོ་སྡོད་བྱས་ཡོད་པའི་འབུ་སྲིན་མང་བོ་འཆི་ལམ་དུ་དེད་པས་མཚོ་ནང་གི་སྲོག་ཆགས་དེ་དག་གི་འཚོ་བར་དཀའ་ངལ་དང་གཏོར་བརླག་ཚབས་ཆེན་ཐེབས་རྐྱེན།  མཚོ་ཕག་མ་བུ་གཉིས་མཚོ་ཁར་ཐོན་ཏེ་མ་འོངས་པའི་འཚོ་གནས་ལ་དཀའ་ངལ་ཡོད་པར་བསྟན་པ་དང་།  མཚོ་ནང་དུ་ཡོད་པའི་མིའི་རིགས་ཀྱི་ཁ་ཟས་ལ་ཉེན་བརྡ་གཏོང་བཞིན།  ང་ཚོ་སྐྱོབས་ཤིག་ཅེས་འབོད་སྐུལ་གཏོང་བཞིན་པའི་རྣམ་པ་བྲིས་ཡོད།

༤ རང་ཁོ་ནའི་ཆེད་གཞན་གྱི་འཚོ་གནས་གཏོར་བ།

   བསེ་རུ་རྩ་མེད་དུ་འགྲོ་ཉེན་ཆེ་བའི་རྒྱུ་རྐྱེན་ནི།   བསེ་རུའི་རྭ་ཅོ་རིན་གོང་མཐོ་བས་རྒྱལ་སྤྱིའི་ཚོང་རར་རྒྱུག་ཆེ་བ་དང་རྒྱལ་ཕྱི་ནང་གི་ཚོང་རྭར་བྲིན་པ་སོགས་ཀྱི་དབང་གིས་རྔོན་པ་མང་བོས་བསེ་རུ་འབོར་ཆེན་ལྐོག་གསོད་བྱེད་ཀྱིན་ཡོད་པ་དང་།  བསེ་རུ་འཚོ་གནས་བྱ་ཡུལ་གྱི་ས་ཆ་མང་བོ་མིའི་རིགས་ཀྱིས་བདག་བཟུང་བྱས་ཏེ་རྨོ་འདེབས་ཀྱི་ཞིང་སར་བསྒྱུར་བ་སོགས་ཁོ་ཚོའི་འཚོ་གནས་ལ་དཀའ་ངལ་རབ་དང་རིམ་པ་ཐེབས་ཡོད་རྐྱེན་བསེ་རུའི་ཨ་མས་རང་གི་བུ་ཕྲུག་གི་མ་འོངས་འཚོ་གནས་ལ་སེམས་ཁུར་བྱེད་ཀྱིན་པའི་རྣམ་པ་བྲིས་ཡོད་ལ། འཛམ་གླིང་སྟེང་བསེ་རུའི་གྲངས་འབོར་ཉུང་དུ་ཕྱིན་ནས་རྩ་མེད་དུ་འགྲོ་བའི་ཉེན་ཁ་བསྟན་ཡོད།

༥  བུ་ཆུང་གིས་རང་གི་ཨ་མར་དྲི་བ་དྲིས་པ། 

    མི་དང་སྲོག་ཆགས་ཐུན་མོང་ལ་དབང་བའི་འཛམ་གླིང་གི་ས་གཞི་ཆེན་མོ་འདིའང་མིའི་རིགས་ཁོ་ནས་བདག་བཟུང་བྱས་ཏེ་རྩྭ་ཐང་སྟེང་དུག་ཆུ་གཏོང་བ་གཟན་དུག་འཕེན་པ་སོགས་བྱས་ཏེ་ཨ་བྲ་དང་སྲོག་ཆགས་ཆུང་ཆུང་མང་བོའི་ཚེ་སྲོག་འཕྲོག་རྐྱེན་མཐའ་ཡས་པའི་རྩྭ་ཐང་སྟེང་དུ་ཁོ་ཚོ་འཚོ་སྡོད་བྱ་དཀའ་བའི་གནས་སུ་གྱུར་པས་བྲ་ཆུང་གིས་ཨ་མ་ལ།    མ་ལགས་ང་ཚོའི་མ་འོངས་ཅིའི་ཕྱིར་འཚོ་བ་རོལ་དགོས་ཞེས་དྲིས་པར།   ཨ་མ་བསམ་གཞིགས་ཀྱི་ཀློང་དུ་ཚུད་དེ་བུ་ཆུང་གི་མདུན་ལ་སེམས་ཁྲལ་བྱེད་ཀྱིན་པའི་རྣམ་པ་བྲིས་ཡོད།

2022.03.13ཉིན།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། rogu བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23485836
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།