གང་ཞིག་དབང་ཆ་ཡིན་པ་དང་། སྤྱི་དམངས་ལ་རྩ་བའི་དབང་ཆ་གང་དག་ཡོད།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 1 རེས་གཟའ་ལྷག་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྒྱུན་ཤེས།» འཚོ་བའི་རྒྱུན་ཤེས། »གང་ཞིག་དབང་ཆ་ཡིན་པ་དང་། སྤྱི་དམངས་ལ་རྩ་བའི་དབང་ཆ་གང་དག་ཡོད།
གང་ཞིག་དབང་ཆ་ཡིན་པ་དང་། སྤྱི་དམངས་ལ་རྩ་བའི་དབང་ཆ་གང་དག་ཡོད།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2022-04-08ལྟ་ཀློག (5502)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

གང་ཞིག་དབང་ཆ་ཡིན་པ་དང་། 

སྤྱི་དམངས་ལ་རྩ་བའི་དབང་ཆ་གང་དག་ཡོད།

   དབང་ཆ་ནི་སྤྱི་དམངས་ཀྱིས་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་ཁྱབ་ཁོངས་ནང་བྱ་སྤྱོད་ཅིག་སྤེལ་ཆོག་པའམ་ཡང་ན་སྤེལ་མི་ཆོག་པར་ཟེར་ལ། རྒྱལ་ཁབ་དང་སྤྱི་དམངས་གཞན་ལ་བྱ་སྤྱོད་ཅིག་སྤེལ་ཆོག་པའམ་མི་ཆོག་པའི་བླང་བྱ་འདོན་པར་ཡང་ཟེར། དཔེར་ན་རྩ་ཁྲིམས་ནང་གྲྭ་བཙུན་གྱིས་ཆོས་དད་རང་མོས་བྱེད་པ་དང་རྒྱུན་ལྡན་གྱི་ཆོས་ལུགས་བྱེད་སྒོ་སྤེལ་བ་དེ་རང་ཉིད་ཀྱི་དབང་ཆ་ཡིན་པ་གཏན་ཁེལ་བྱས་ཡོད་པ་ལྟ་བུ་རེད།

 སྤྱི་དམངས་ཀྱི་རྩ་བའི་དབང་ཆའི་ནང་ལ་གཙོ་བོ་གཤམ་གསལ་གྱི་ནང་དོན་ཁག་འདུས་ཡོད།

གཅིག ཆབ་སྲིད་དབང་ཆ་དང་རང་དབང་། སྤྱི་དམངས་ཀྱི་ཆབ་སྲིད་དབང་ཆ་དང་རང་དབང་ནི་སྤྱི་དམངས་ཀྱིས་ཁྲིམས་ལྟར་རྒྱལ་ཁབ་ཀྱི་ཆབ་སྲིད་འཚོ་བའི་ནང་ཞུགས་ཏེ་རྒྱལ་ཁབ་ཀྱི་ལས་དོན་ལ་དོ་དམ་བྱེད་པའི་དབང་ཆ་དང་རང་དབང་ལ་ཟེར། དེའི་ནང་བཅའ་ཁྲིམས་གཞིར་བཟུང་སྟེ་ཆབ་སྲིད་དབང་ཆ་འཕྲོག་པའི་མི་ཕུད་པའི་འདེམས་བྱེད་དང་གདམ་བྱའི་དབང་ཆ་དང་། སྤྱི་དམངས་ལ་གཏམ་བརྗོད་དང་། དཔེ་སྐྲུན། འདུ་ཚོགས། ཚོགས་འཛུགས། ཁྲོམ་སྐོར། རྔམ་སྟོན་བཅས་བྱེད་པའི་རང་དབང་ཡོད། སྤྱི་དམངས་ལ་སྐྱོན་བརྗོད་དང་གྲོས་མགོ་འདོན་པའི་དབང་ཆ་ཡོད་པ་དང་གནས་ལུགས་ཞུ་བ་དང་། ཞུ་གཏུག་བྱེད་པའམ་ཉེས་སྐྱོན་འདོན་པའི་དབང་ཆ་ཡོད། ཁྲིམས་ལྟར་སྐྱིན་ཚབ་ཐོབ་པའི་དབང་ཆ་ཡོད་པ་བཅས་ཡིན།


    གཉིས། ཆོས་དད་རང་དབང་། རང་རྒྱལ་གྱི<<རྩ་ཁྲིམས>>ཀྱི་དོན་ཚན་སོ་དྲུག་པའི་ནང“ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ལ་ཆོས་དད་ཀྱི་རང་དབང་ཡོད། རྒྱལ་ཁབ་ཀྱི་ལས་ཁུངས་དང་། སྤྱི་ཚོགས་ཀྱི་ཚོགས་པ། མི་སྒེར་བཅས་གང་ཡིན་རུང་བཙན་ཤེད་ཀྱིས་སྤྱི་དམངས་ལ་ཆོས་ལ་དད་པ་བྱེད་དུ་འཇུག་པའམ་ཆོས་ལ་དད་པ་བྱེད་དུ་མི་འཇུག་པ་བྱས་མི་ཆོག ཆོས་ལ་དད་པ་ཡོད་པའི་སྤྱི་དམངས་དང་ཆོས་ལ་དད་པ་མེད་པའི་སྤྱི་དམངས་སུ་ལའང་མཐོང་ཆུང་བྱས་མི་ཆོག”ཅེས་པའི་གཏན་ཁེལ་བྱས་ཡོད། གཏན་ཁེལ་འདིའི་སྙིང་དོན་གཞིར་བཟུང་སྟེ་ང་ཚོའི་རྒྱལ་ཁབ་ནང་སྤྱི་དམངས་ཚང་མར་ཆོས་ལ་དད་པ་བྱེད་པའི་རང་དབང་ཡོད་ལ་ཆོས་ལ་དད་པ་མི་བྱེད་པའི་རང་དབང་ཡང་ཡོད། ཆོས་ལུགས་འདི་རིགས་ལ་དད་པ་བྱེད་པའི་རང་དབང་ཡོད་ལ་ཆོས་ལུགས་དེ་རིགས་ལ་དད་པ་མི་བྱེད་པའི་རང་དབང་ཡང་ཡོད། ཆོས་ལུགས་གཅིག་མཚུངས་ཤིག་གི་ནང་གྲུབ་མཐའ་འདི་རིགས་ལ་དད་པ་བྱེད་པའི་རང་དབང་ཡོད་ལ་གྲུབ་མཐའ་དེ་རིགས་ལ་དད་པ་མི་བྱེད་པའི་རང་དབང་ཡང་ཡོད། སྔོན་ཆད་ཆོས་ལ་དད་པ་མེད་པ་དང་ད་ལྟ་ཆོས་ལ་དད་བྱེད་པའི་རང་དབང་ཡོད་ལ། སྔོན་ཆད་ཆོས་ལ་དད་པ་བྱེད་པ་དང་ད་ལྟ་ཆོས་ལ་དད་པ་མི་བྱེད་པའི་རང་དབང་ཡང་ཡོད།

   སྤྱི་དམངས་ཀྱིས་རྒྱུན་ལྡན་གྱི་ཆོས་ལུགས་བྱེད་སྒོ་སྤེལ་བའི་རང་དབང་ལ་རྒྱལ་ཁབ་ཀྱིས་ཐོག་མཐའ་བར་གསུམ་དུ་སྲུང་སྐྱོབ་བྱེད་ཀྱི་ཡོད། དཔེར་ན་བསང་གཏོང་བ་དང་། ཆོས་མཇལ་ཞུ་བ། འདོན་པ་སྐྱོར་བ། ཕྱག་འཚལ་བ། མཆོད་པ་འབུལ་བ། སྡོམ་པ་འབུལ་བ། ཆོས་ལུགས་ཀྱི་དུས་ཆེན་གཏོང་བ་སོགས་ཀྱི་བྱེད་སྒོ་ཆ་ཚང་མར་བཅའ་ཁྲིམས་ཀྱི་སྲུང་སྐྱོབ་ཐོབ་པ་དང་མི་སུ་ཞིག་གིས་ཀྱང་ཐེ་གཏོགས་བྱས་མི་ཆོག འོན་ཏེ་ཆོས་ལུགས་སྤྱད་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་ངོ་རྒོལ་བྱེད་པ་དང་། རྒྱལ་ཁབ་ཀྱི་གཅིག་གྱུར་དང་མི་རིགས་བར་གྱི་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་བའི་རིགས་རྒྱལ་ཁབ་ཀྱིས་གཏན་ནས་བྱེད་དུ་མི་འཇུག་པ་དང་། ཆོས་ལུགས་སྤྱད་དེ་རྨོངས་དད་ཀྱི་བྱེད་སྒོ་སྤེལ་རིགས་བྱས་མི་ཆོག རྩ་ཁྲིམས་ནང“རྒྱལ་ཁབ་ཀྱིས་ཆོས་ལུགས་ཀྱི་རྒྱུན་ལྡན་བྱེད་སྒོ་སྤེལ་བར་སྲུང་སྐྱོབ་བྱ་རྒྱུ་དང་། མི་སུ་ཡིན་རུང་ཆོས་ལུགས་ལ་བརྟེན་ནས་སྤྱི་ཚོགས་ཀྱི་སྒྲིག་ལམ་ལ་གཏོར་བཤིག་གཏོང་བ་དང་། སྤྱི་དམངས་ཀྱི་ལུས་ཁམས་བདེ་ཐང་ལ་གནོད་འཚེ་གཏོང་བ། རྒྱལ་ཁབ་ཀྱི་སློབ་གསོའི་ལམ་ལུགས་ལ་འགོག་རྐྱེན་བཟོ་བ་བཅས་ཀྱི་བྱ་བ་བྱས་མི་ཆོག”ཅེས་པའི་གཏན་ཁེལ་གསལ་བོ་བྱས་ཡོད།

   ཆོས་དད་རང་དབང་ནི་རྩ་ཁྲིམས་ཀྱིས་སྤྱི་དམངས་ལ་སྤྲད་པའི་རྩ་བའི་དབང་ཆ་ཞིག་ཡིན། འོན་ཏེ་རྒྱ་ཆེའི་གྲྭ་བཙུན་གྱིས་ཆོས་དད་རང་དབང་གི་གོ་དོན་ལ་ཕྱོགས་ཡོངས་དང་ཡང་དག་པའི་སྒོ་ནས་གོ་བ་ལེན་པ་དང་། ཆོས་དད་རང་དབང་དེ་ངེས་པར་དུ་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་ཁྱབ་ཁོངས་ནང་ཡིན་དགོས་པ་ཤེར་པར་བྱེད་དགོས། རྒྱལ་ཁབ་གང་ཞིག་ཏུའང་བཅའ་ཁྲིམས་ཀྱི་གཅུན་འདོམས་མི་ཕོག་པའི་ལྟོས་མེད་ཀྱི་རང་དབང་རྩ་བ་ནས་མེད། གྲུ་བཙུན་ནི་ལས་རིགས་གཅིག་པ་མིན་པ་ལས་ཚང་མ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ཡིན་པ་དང་བཅའ་ཁྲིམས་མདུན་དུ་སྤྱི་དམངས་ཚང་མ་འདྲ་མཉམ་ཡིན་ཞིང་། དབང་ཆ་ལོངས་སྤྱོད་བྱ་རྒྱུ་འདྲ་མཉམ་དང་། འོས་འགན་འཁུར་རྒྱུ་འདྲ་མཉམ། བཅའ་ཁྲིམས་ཀྱི་སྲུང་སྐྱོབ་ཐོབ་རྒྱུ་འདྲ་མཉམ་བཅས་ཡིན་པ་དང་། འདྲ་མཉམ་གྱི་སྒོ་ནས་བཅའ་ཁྲིམས་ལ་བརྩི་སྲུང་བྱ་རྒྱུའང་གཅིག་མཚུངས་ཡིན། མི་སུ་འདྲ་ཞིག་ལའང་རྩ་ཁྲིམས་དང་བཅའ་ཁྲིམས་ལས་བརྒལ་བའི་དམིགས་བསལ་དབང་ཆ་མེད་པར་ཀྲུང་ཧྭ་མི་རིགས་ཀྱི་ཁེ་ཕན་དང་རྒྱལ་ཁབ་གཅིག་གྱུར་ནི་མཐའ་དག་ལས་མངོན་པར་མཐོ་བ་དང་། གྲུ་བཙུན་གྱིས་ཆོས་ལུགས་ལས་རིགས་མི་སྣ་ཡིན་པའི་ངོས་ནས་རྩ་ཁྲིམས་ཀྱིས་སྤྲད་པའི་ཆོས་དད་རང་དབང་གི་དབང་ཆ་ལོངས་སྤྱོད་བྱེད་བཞིན་ཡོད། དེ་དང་དུས་མཚུངས་སུ་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་གཏན་ལ་ཕབ་པའི་འོས་འགན་ངེས་པར་དུ་ནན་མོར་སྒྲུབ་པ་དང་། ཆོས་ལུགས་ཀྱི་འདུལ་ཁྲིམས་གཞིར་བཟུང་སྟེ། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་ཁྱབ་ཁོངས་ནང་རྒྱུན་ལྡན་གྱི་ཆོས་ལུགས་བྱེད་སྒོ་སྤེལ་བ་དང་རྒྱུན་ལྡན་གྱི་ཆོས་ལུགས་བྱེད་སྒོའི་སྒྲིག་ལམ་སྲུང་སྐྱོད་ངེས་པར་དུ་བྱེད་དགོས། མི་སུ་འདྲ་ཞིག་གིས་ཀྱང་ཆོས་ལུགས་སྤྱད་དེ་རྒྱལ་ཁབ་དང་། སྤྱི་ཚོགས། ཐུན་མོང་བཅས་ཀྱི་ཁེ་ཕན་དང་སྤྱི་དམངས་གཞན་གྱི་ཁྲིམས་མཐུན་རང་དབང་དང་དབང་ཆར་གནོད་འཚེ་བཏང་མི་ཆོག་པར་མ་ཟད། མི་སུ་འདྲ་ཞིག་གིས་ཀྱང་ཆོས་ལུགས་སྤྱད་དེ་མེས་རྒྱལ་ཁ་བྲལ་གཏོང་བ་དང་མི་རིགས་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་བའི་ནག་ཉེས་དམིགས་ཡུལ་བསྒྲུབ་ཆེད་རྒྱུན་ལྡན་གྱི་ཆོས་ལུགས་བྱེད་སྒོའི་སྒྲིག་ལམ་ལ་གཏོར་བཤིག་བཏང་ནས་རྒྱ་ཆེའི་དད་ལྡན་མང་ཚོགས་ཀྱི་ཆོས་ལུགས་འདུ་ཤེས་ལ་ཕོག་ཐུག་གཏོང་བ་དང་དོན་རྐྱེན་བཟོ་བ་སོགས་དེ་བས་བྱས་མི་ཆོག གྲྭ་བཙུན་གྱི་ནང་ལ་གཡོ་འཛུལ་བྱས་ནས་ཆས་ལུགས་ཀྱི་ཕྱི་གོས་གྱོན་པའི་ཁ་བྲལ་རིང་ལུགས་པ་དང་ཉེས་གསོག་པ་གཞན་རྣམས་སེམས་ཐག་གཙང་བཅད་ཀྱིས་གཙང་བཤེར་བྱེད་པར་མ་ཟད་ཁྲིམས་ལྟར་གཅུན་འདོམས་བྱེད་དགོས། དེ་མིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པ་ནས་བཟུང་རང་རྒྱལ་གྱི་ཆོས་ལུགས་ཀྱི་རང་ཚུགས་རང་བདག་དང་ཆོས་ཚོགས་རང་གཉེར་གྱི་རྩ་དོན་རྒྱུན་འཁྱོངས་ཀྱིས“རང་བརྒྱུད། རང་སྐྱོང་། རང་གསོ”བཅས་ཀྱི་བྱེད་ཕྱོགས་ལག་བསྟར་བྱེད་ཀྱི་ཡོད། རང་རྒྱལ་གྱི་རྒྱལ་སྤྱིའི་སྤེལ་རེས་ཉིན་རེ་བཞིན་རྒྱ་ཆེ་རུ་སོང་བ་དང་སྦྲགས་ཆོས་ལུགས་ལས་རིགས་ཀྱི་ཕྱི་ཕྱོགས་འབྲེལ་བའང་ཉིན་རེ་བཞིན་ཆེ་རུ་འགྲོ་བཞིན་ཡོད། རྒྱུན་ལྡན་གྱི་བྱེད་སྒོ་འདི་རིགས་སྤེལ་རེས་བྱས་ཆོག་པར་མ་ཟད་ངེས་པར་དུ་བྱེད་དགོས་པ་ཞིག་རེད། འོན་ཏེ་ང་ཚོས་རྒྱལ་སྤྱིའི་ཐོག་གི་ཆོས་ལུགས་ལོག་སྤྱོད་སྟོབས་ཤུགས་ཀྱིས་སྤེལ་རེས་བེད་སྤྱད་དེ་གཡོ་འཛུལ་དང་། རང་རྒྱལ་གྱི་ཆོས་ལུགས་ལ་ཐེ་གཏོགས་དང་ཚོད་འཛིན་བྱ་རྒྱུར་ངེས་པར་དུ་དོགས་ཟོན་བྱེད་དགོས། དེ་བས་རྩ་ཁྲིམས་ནང“ཆོས་ལུགས་ཀྱི་ཚོགས་པ་དང་ཆོས་ལུགས་ཀྱི་ལས་དོན་ཐད་ཕྱི་རྒྱལ་གྱི་སྟོབས་ཤུགས་ཀྱི་བཀོད་པར་ཉན་མི་དགོས”ཞེས་པའི་གཏན་ཁེལ་གསལ་བོ་བྱས་ཡོད། གཞན་ད་དུང་ཤེས་རྟོགས་གསལ་བོ་བྱེད་དགོས་པ་ཞིག་ནི་ཕྱི་རྒྱལ་དུ་ཡོད་པའི་བོད་རིགས་སྤུན་ཟླའི་ནང་ཀྲུང་གོར་གཉེན་འཕྲད་དང་ཡུལ་སྐོར་དུ་ཡོང་བའི་ཆོས་ལུགས་ལས་རིགས་མི་སྣ་ལྗོངས་ནང་ཁུལ་གྱི་སྒོ་འབྱེད་པའི་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་དུ་ཆོས་ལུགས་ཀྱི་འཚོ་བ་བསྐྱལ་ཆོག འོན་ཏེ་གྲྭ་བཙུན་དང་མང་ཚོགས་ཡོངས་ནས་ཆོས་ལུགས་ཀྱི་བྱེད་སྒོ་གཙོ་གཉེར་བྱས་མི་ཆོག བསུ་སྐྱེལ་དང་ཕྱག་དབང་བསྐུར་བ་བཅས་སྤེལ་མི་ཆོག སྦྱིན་པ་གཏོང་བ་བླངས་མི་ཆོག ཕྱི་རྒྱལ་གྱི་ཡུལ་སྐོར་ཚོགས་པ་དང་། མི་སྒེར་ཚང་མ་སྒོ་འབྱེད་མེད་པའི་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་དུ་འབྲེལ་ཡོད་སྡེ་ཚན་གྱི་ཆོག་མཆན་མ་ཐོབ་པར་ལྟ་སྐོར་དང་། ཆོས་མཇལ། ལྗོངས་རྒྱུ་བཅས་བྱས་མི་ཆོག  


   གསུམ། རང་ལུས་རང་དབང་གི་དབང་ཆ། དེའི་ནང་རང་ལུས་རང་དབང་དང་མིའི་ཐོབ་ཐང་ལ་བཙན་གནོན་འཁུར་མི་དགོས་པ་དང་། སྡོད་ཁང་ལ་བཙན་གནོད་བྱས་མི་ཆོག

བཞི། སྤྱི་ཚོགས་དཔལ་འབྱོར་གྱི་དབང་ཆ། དེའི་ནང་ངལ་རྩོལ་བྱེད་པའི་དབང་ཆ་དང་འོས་འགན་དང་། ངལ་རྩོལ་བྱེད་མཁན་གྱི་ངལ་གསོ་རྒྱག་དབང་། དངོས་པོའི་རོགས་རམ་ཐོབ་པའི་དབང་ཆ་བཅས་འདུས་ཡོད།

ལྔ། རིག་གནས་དང་སློབ་གསོའི་དབང་ཆ།

དྲུག བུད་མེད་དང་། གཉེན་སྒྲིག ཁྱིམ་ཚང་། ཨ་མ། བྱིས་པ་བཅས་ལ་རྒྱལ་ཁབ་ཀྱི་སྲུང་སྐྱོབ་འཐོབ་རྒྱུ།

བདུན། ཕྱིར་སྡོད་རང་མིའི་བབ་འོས་ཀྱི་ཁེ་དབང་ལ་སྲུང་སྐྱོབ་དང་། མེས་རྒྱལ་དུ་ཕྱིར་ལོག་པའི་ཕྱིར་སྡོད་རང་མི་དང་ཕྱིར་སྡོད་རང་མིའི་ཁྱིམ་མིའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱ་རྒྱུ་བཅས་ཡིན།

རྩོམ་ཁུངས།  བཅའ་ཁྲིམས་ཤེས་བྱའི་ཟེགས་མ། 


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། xum1 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23565704
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།