ཆེས་ཐོག་མའི་གནམ་གྲུ་གསར་གཏོད་པ་​ལའེ་ཐུ་སྤུན་མཆེད་གཉིས།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 20 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» ལོ་རྒྱུས།» གནའ་རབས། » ཆེས་ཐོག་མའི་གནམ་གྲུ་གསར་གཏོད་པ་​ལའེ་ཐུ་སྤུན་མཆེད་གཉིས།
ཆེས་ཐོག་མའི་གནམ་གྲུ་གསར་གཏོད་པ་​ལའེ་ཐུ་སྤུན་མཆེད་གཉིས།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2022-04-06ལྟ་ཀློག (6365)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

 ལའེ་ཐུ་སྤུན་མཆེད་གཉིས།

     གནམ་གྲུ་གསར་གཏོད་པ་ཝེ་ཨེར་པོ•ལའེ་ཐུ་དང་ཨའོ་ཝེ་ཨེར•ལའེ་ཐུ་རྣམ་གཉིས་དུས་རབས་ཉི་ཤུ་བའི་ནང་ཆེས་མིང་དུ་གྲགས་པའི་གསར་གཏོད་པའི་གྲས་ཡིན།དུས་རྒྱུན་ཚང་མས་ཁོ་གཉིས་ལ་ལའེ་ཐུ་སྤུན་མཆེད་ཅེས་འབོད། ལའེ་ཐུ་སྤུན་མཆེད་གཉིས་ཀྱིས་མི་བསྡད་པའི་སྒུལ་ཤུགས་ཀྱི་གནམ་གྲུ་ཆེས་ཐོག་མ་ཨ་སྔོན་དབྱིངས་སུ་བསྐྱལ་བ་རེད། ཁོང་གཉིས་ཀྱི་འཕུར་སྐྱོད་ལེགས་འགྲུབ་བྱུང་རྗེས་ཧྥ་རན་སེར་གདེང་འཇོག་ཚད་མཐོན་པོ་བྱས། འཛམ་གླིང་ཡོངས་སུ་མཁའ་སྐྱོད་ཀྱི་ཚ་རླབས་ཤིག་འཕྱུར་བ་དང་། ལའེ་ཐུ་སྤུན་མཆེད་གཉིས་ལ་ཡང་སྤྱི་ལོ1909ལོར་ཨ་མེ་རི་ཁའི་རྒྱལ་ཚོགས་ཀྱིས་གཟི་བརྗིད་གཟེངས་རྟགས་གནང་བ་རེད།

གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་། 莱特兄弟

དབྱིན་་ཡིག་གི་མིང་། BrotherWright

མཚན་ཧྲིལ་བོ། ཝེ་ཨེར་པོ•ལའེ་ཐུ།

འཁྲུངས་འདས་ལོ་ཚིགས།  སྤྱི་ལོ(1867.4.16--1912.5.12)

མཚན་ཧྲིལ་བོ།  ཨའོ་ཝེ་ཨེར•ལའེ་ཐུ།

འཁྲུངས་འདས་ལོ་ཚིགས།  སྤྱི་ལོ(1871.8.19--1948.1. 30)

རྒྱལ་ཁབ།  ཨ་རི།

ལས་རིགས།  གསར་གཏོད་པ།

བྱས་རྗེས་གཙོ་བོ།  གནམ་གྲུ་གསར་གཏོད་གནང་བ།  

ངོ་སྤྲོད། 

    ཝེ་ཨེར་པོ•ལའེ་ཐུ་དང་ཨའོ་ཝེ་ཨེར•ལའེ་ཐུ་རྣམ་གཉིས་ཆུང་དུས་ནས་འཕྲུལ་ཆས་སྒྲིག་སྦྱོར་དང་འཕུར་སྐྱོད་ཀྱི་ཕྱོགས་ལ་སྤྲོ་བ་ཆེན་པོ་ལྡན། ལོ་ཞིག་གི་ཡེ་ཤུའི་འཁྲུངས་སྐར་ལ། ཁོང་གཉིས་ཀྱི་ཨ་ཕ་ཕྱི་རོལ་ནས་ཡུལ་ལ་སླེབས་རྗེས། ཁོང་གཉིས་ལ་ལེགས་སྐྱེས་ཤིག་བྱིན་པ་རེད། སྤུན་མཆེད་གཉིས་ཀྱིས་སྒུག་ལོང་མེད་པར་ཁ་ཕྱེས་ནས་བལྟས་པ་ན། དེ་ནི་མིང་མི་ཐོགས་པའི་རྩེད་ཆས་ཁྱད་མཚར་བ་ཞིག་རེད།  ཨ་ཕས་ཁོང་གཉིས་ལ་འདི་ནི་འཕུར་སྐྱོད་འཁོར་ལོ་རེད། མཁའ་དབྱིངས་སུ་འཕུར་སྐྱོད་བྱེད་ཐུབ་ཅེས་བཤད་པར། བྱ་འཕུར་ཐུབ་པ་མ་གཏོགས། འདི་ཇི་ལྟར་འཕུར་རམ་ཞེས་ཝེ་ཨེར་པོར་དོགས་པ་ཅུང་ཙམ་སྐྱེས།  ཨ་ཕས་དགོད་ཞོར་དུ་སྐབས་ཐོག་དེར་འཁྲབ་སྟོན་བྱས་པ་རེད། ཁོང་གིས་དེའི་ཐོག་གི་འགྱིག་སྐུད་ཐེངས་འགར་གཅུས་རྗེས་བཏང་བ་ན། འུར་སྒྲ་ཞིག་གྲགས་པ་དང་མཉམ་དུ་འཕུར་སྐྱོད་འཁོར་ལོ་ནམ་མཁའི་མཐོངས་སུ་འཕུར་པས། བྱ་དང་ཕྱེ་མ་ལེབ་སོགས་སྲོག་ཆགས་ལས་གཞན་མིས་བཟོས་པའི་དངོས་པོ་ཡང་འཕུར་སྐྱོད་བྱེད་ཐུབ་པ་ཁོང་སྤུན་མཆེད་གཉིས་ཀྱིས་ད་གཟོད་ཤེས་པ་རེད། དེ་ནས་ཁོང་གཉིས་ཀྱིས་འཕུར་སྐྱོད་འཁོར་ལོ་དེ་གཏོར་ནས་ཞིབ་འཇུག་བྱས།

གནམ་གྲུ་གསར་གཏོད་བྱས་པ།

        དུས་དེ་ནས་བཟུང་ཁོང་ཚོའི་ཅོལ་ཆུང་གི་བློ་ངོར་མ་འོངས་པར་ཨ་སྔོན་དབྱིངས་སུ་འཕུར་ཐུབ་པའི་དངོས་པོ་ཞིག་གསར་གཏོད་བྱ་རྒྱུའི་འདུན་པ་རླབས་པོ་ཆེ་ཞིག་སྐྱེས་བྱུང་། ཕུགས་བསམ་དེ་ཁོང་གཉིས་ཀྱི་སེམས་ཁོང་དུ་ཉར་ནས་ནར་སོན་རྗེས་ཀྱི་བྱ་གཞག་འདེམས་ཕྱོགས་ལ་ཡང་ཤུགས་རྐྱེན་ཐེབས།

 

འཛམ་གླིང་གི་ཆེས་ཐོག་མའི་གནམ་གྲུ། 

   ཚོད་ལྟ་སྟོང་ཕྲག་དུ་མ་བྱས་མཐར་སྤྱི་ལོ1903ལོའི་ཟླ12པའི་ཚེས17ཉིན་ལ་ལའེ་ཐུ་སྤུན་མཆེད་གཉིས་ཀྱིས་གཞི་ནས་འཇིག་རྟེན་སྟེང་གི་མི་བསྡད་པའི་སྒུལ་ཤུགས་ཀྱི་གནམ་གྲུ་ཆེས་ཐོག་མ་ཨ་སྔོན་དབྱིངས་སུ་བསྐྱལ་བ་རེད། གནམ་གྲུ་དེའི་མིང་ལ་འཕུར་སྐྱོད་པ་དང་པོ་ཟེར། དེ་གསར་གཏོད་བྱེད་མཁན་ནི་ལའེ་ཐུ་སྤུན་མཆེད་གཉིས་རེད། ཁོང་གཉིས་ཀྱིས་སྒུལ་ཤུགས་ཀྱི་རམ་འདེགས་ལ་བརྟེན་ནས་བསྟུད་མར་འཕུར་སྐྱོད་བྱས་པ་དེས་མིའི་རིགས་ཀྱིས་རེ་སྒུག་ཡུན་རིང་བྱས་པའི་ཕུགས་འདུན་མངོན་འགྱུར་བྱས་པ་དང་། མིའི་རིགས་ཀྱི་འཕུར་སྐྱོད་ཀྱི་དུས་རབས་དེ་ནས་བཟུང་མགོ་བརྩམས་པ་རེད། ལའེ་ཐུ་སྤུན་མཆེད་གཉིས་ཀྱི་འཕུར་སྐྱོད་ལེགས་འགྲུབ་བྱུང་རྗེས། དང་ཐོག་ཨ་མེ་རི་ཁའི་སྲིད་གཞུང་དང་མང་ཚོགས་རྣམས་ཀྱིས་མཐོང་ཆེན་དང་ཁས་ལེན་མ་བྱས།ཡིན་ནའང་ཧྥ་རན་སེ་ཡིས་སྤྱི་ལོ1908ལོ་ནས་ཁོང་གཉིས་ལ་གདེང་འཇོག་ཚད་མཐོན་པོ་བྱས་པ་རེད། དེ་ནས་བཟུང་འཛམ་གླིང་ཡོངས་སུ་མཁའ་སྐྱོད་ཀྱི་ཚ་རླབས་ཤིག་འཕྱུར་བ་དང་། དེའི་དབང་གིས་ལའེ་ཐུ་སྤུན་མཆེད་གཉིས་ལ་ཡང་སྤྱི་ལོ1909ལོར་ཨ་མེ་རི་ཁའི་རྒྱལ་ཚོགས་ཀྱིས་གཟི་བརྗིད་གཟེངས་རྟགས་གནང་བ་རེད།

དཔྱད་གཞིའི་ཡིག་ཆ།

   ཚེ་མ་རྒྱལ་དང་ནོར་བུ་རྡོ་རྗེས་བསྒྱུར་བའི 《འཛམ་གླིང་མི་སྣ་གྲགས་ཅན་གྱི་གཏམ་རྒྱུད》 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།སྤྱི་ལོ2013ལོའི་ཟླ10བའི་དཔར་ཐེངས་དང་པོ། ཤོག་ངོས80-81ན་གསལ།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། b80e བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23502937
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།