སློབ་གླིང་གསར་འགྱུར། སའི་གོ་ལའི་ཆུ་ཚོད་གཅིག
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 4 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» སློབ་གླིང་གསར་འགྱུར། »སློབ་གླིང་གསར་འགྱུར། སའི་གོ་ལའི་ཆུ་ཚོད་གཅིག
སློབ་གླིང་གསར་འགྱུར། སའི་གོ་ལའི་ཆུ་ཚོད་གཅིག
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2022-04-03ལྟ་ཀློག (6810)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


སློབ་གླིང་གསར་འགྱུར། 

སའི་གོ་ལའི་ཆུ་ཚོད་གཅིག 

   དེ་རིང་ངེད་སློབ་གླིང་གིས་སའི་གོ་ལའི་ཆུ་ཚོད་གཅིག་ཅེས་པའི་བྱ་འགུལ་སྤེལ་ཅིང་། དགེ་སློབ་ཡོངས་ཀྱིས་དུས་ཡུན་ཆུ་ཚོད་གཅིག་གི་ཡུན་ལ་གློག་གཟིམས་ཏེ་སའི་གོ་ལའི་ཐོན་ཁུངས་གྲོན་ཆུང་གི་བླང་བྱ་ཉམས་ལེན་བྱས། 

  

   སའི་གོ་ལའི་ཆུ་ཚོད་གཅིག་ཅེས་པ་འདི་ནི་༢༠༠༧ལོར་འཛམ་གླིང་རང་བྱུང་ཐེབས་རྩ་ཚོགས་པས་གྲོས་གཞི་བརྟོན་པ་ལྟར་འཛམ་བུ་གླིང་གི་རྒྱལ་ཁབ་མང་བོ་དངོས་སུ་བྱ་འགུལ་ལ་ཞུགས་ཏེ་ལོ་རེའི་སྤྱི་ཟླ་གསུམ་པའི་ཆེས་མཐའ་མཇུག་གི་གཟའ་སྤེན་པའི་དགོང་མོར་དུས་ཡུན་ཆུ་ཚོད་གཅིག་གི་ཡུན་ལ་གློག་གཟིམས་ཏེ་ཐོན་ཁུངས་གྲོན་ཆུང་གི་བྱ་འགུལ་སྤེལ། 

  ༢༠༡༣ལོ་ནས་ཀྲུང་གོའི་རྒྱལ་ཁབ་ཀྱིས་ཀྱང་གཞུང་སྒེར་གཉིས་ཐད་ནས་བྱ་འགུལ་འདི་ཉིད་ཤུགས་ཆེར་སྤེལ། ༢༠༡༦ལོ་ནས་ངེད་སློབ་གླིང་གི་སློབ་དཔོན་ཆེན་མོ་རྭ་རྒྱ་འཇིགས་མེད་རྒྱལ་མཚན་གྱིས་དངོས་སུ་དབུ་ཁྲིད་ཅིང་དགེ་སློབ་ཡོངས་བྱ་འགུལ་འདིར་ཞུགས། 

     བྱ་འགུལ་གྱི་དམིགས་ཡུལ་ནི་སློབ་མ་རྣམས་ཀྱི་རྒྱུད་ལ་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་བརྟན་པོ་འཇོག་པ་དང་། རང་བྱུང་ཁམས་ཆེན་མོར་གཅེས་སྐྱོང་གི་འདུ་ཤེས་གསོ་སྐྱོང་བྱ་ཕྱིར་ཡིན། སློབ་དཔོན་འཇིགས་མེད་རྒྱལ་མཚན་མཆོག་གིས་གསུང་རྒྱུར། ང་ཚོས་ཆུ་ཚོད་གཅིག་གི་ཡུན་ལ་གློག་གྲོན་ཆུང་བྱས་པ་ཙམ་གྱིས་བྱས་རྗེས་ཆེན་པོ་ཞིག་བཞག་པ་མིན་མོད། གོམས་གཤིས་འདི་ཆགས་སུ་འཇུག་དགོས། ནམ་རྒྱུན་ཟ་ཁང་དུ་འགྲོ་ནའང་རང་གིས་ཇ་ཕོར་དང་ཐུར་མ་ཁྱེར་བ་དང་། གཙང་ཤོག་གི་ཚབ་ཏུ་ལག་ཕྱིས་སྤྱོད་རྒྱུ་སོགས་བཟང་སྤྱོད་ལ་གོམས་རྒྱུ་དེ་གལ་ཆེན་པོ་རེད་གསུངས་པས། ད་ལྟའི་བར་མི་ལོ་དྲུག་གི་ཡུན་ལ་བྱ་འགུལ་འདི་རྒྱུན་བསྐྱངས་པས་སློབ་མ་རྣམས་ཀྱི་སེམས་ལའང་ཐོན་ཁུངས་གྲོན་ཆུང་གི་བག་ཆགས་བརྟན་པོ་བཞག 

གསར་འགོད་པ། གྱི་ལིང་འཇིགས་མེད། 


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 96xc བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23578007
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།